འོས་ཟེར་གྱི་དྲ་རྒྱའི་ཐོག་བཀོད་པ་ལྟར་ན། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ཆུ་གློག་ས་ཚུགས་་དང་ཆུ་རགས་ ༧༥༠ གསར་རྒྱག་བྱེད་རྒྱུའི་འཆར་གཞི་ཡོད་འདུག དེའི་ནང་ ཨེ་ཤི་ཡའི་ནང་མི་གྲངས་དུང་ཕྱུར་བཅུ་གྲངས་ཁ་ཤས་ཤིག་བོད་ནང་ནས་ཡོང་བའི་ཆུ་ཤུགས་ལ་བརྟེན་ཡོད་པ་རེད། རྒྱ་ནག་ལ་འདས་པའི་དུས་བོད་ནང་ཆུ་ཤུགས་གློག་འདོན་ཐད་རྠོད་གཞི་ཡང་ཡང་བྱུང་། དེའི་རྒྱུ་མཚན་ནི་ཁོར་ཡུག་དང་གཞིས་མི། གཙང་ཆུའི་སྨད་རྒྱུད་ཀྱི་མི་སེར་ཚོར་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པས་ཡིན་ཞེས་སོགས་དང་། ཡིན་ན་ཡང་ལྷ་སའི་མགོ་ཁྲིད་ཚོའི་བསམ་ཚུལ་ལྟར་ན། ཆུ་རགས་འདི་དག་ནི་འབྱུང་འགྱུར་ཆེས་ཁོར་ཡུག་ལ་གནོད་པ་མེད་པ་མ་ཟད། གློག་ཤུགས་འདོན་ཐུབ་པ་དང་མི་མང་གི་འཚོ་བའི་རྣམ་པ་ཡར་རྒྱས་ཡོང་རྒྱུ་ཡིན་སྐོར་དང་། ཆུ་ཤུགས་ནི་རྡོ་སོལ་དང་རྡོ་སྣུམ་གྷ་སི་བཅས་ལས་གཙང་མ་ཡིན་པ་སོགས་འགྲེལ་བཤད་སྙན་པོ་མང་པོ་བྱས་འདུག
ད་ཡིན་ན་རེ་བ་རྦད་དེ་བརླགས་སོང་། ཆུ་རགས་དེ་དག་གི་གནད་ཡོད་ལས་བཟོ་བ་བོད་པས་མི་འཇོན་པས་རྒྱ་མི་བོད་ལ་ཡོང་བའི་སྒོ་མོ་གཞན་ཞིག་ཕྱེ་རྒྱུ་རེད། “མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ། །”མཐའ་མ་བོད་འདི་རྒྱ་མིའི་འོག་ཏུ་བཙུར། །མཐའ་མ་བོད་འདི་རྒྱ་མིའི་འོག་ཏུ་གཅུར། །མཐའ་མ་བོད་འདི་རྒྱ་མིའི་འོག་ཏུ་འཐགས། །མཐའ་མ་བོད་འདི་རྒྱ་མིའི་འོག་ཏུ་ཚར། །