ཆང་སྐྱེས།
ཉི་མ་ནུབ་ཁ་ཞིག་ལ་རི་ལ་བྲོས།།
རུ་གྲོང་ཆ་མེད་ཅིག་ནས་གྲོ་ཞིག་བསླངས།།
ལམ་ཁ་དོག་ས་ཞིག་ནས་ངལ་ཅིག་གསོས།།
འགྲམ་པ་ལག་པས་སྐྱོར་སྟེ་འདང་ཤིགབརྒྱབ།།
རྩམ་སྐྱ་ཆུ་རྐྱང་བསྲེས་ནས་ཟས་ཤིག་བསྐོལ།།
རས་རྐྱང་སྟན་་མལ་ཁུགས་ནས་གླུ་ཞིག་བླངས།།
སྐྲ་ལོ་རིང་བོའི་གསེང་ནས་ཤིག་ཅིག་བསད།།
སྙིང་གི་འཕུར་ལྡིང་མགྱོགས་མོ་ལག་པས་བསྐྱོར།།
ངོ་གདོང་གཙང་མར་བཀྲུས་ཏེ་་ཉམས་ཤིག་བསྟན།།
མི་ཚོགས་མང་ས་ཞིག་ནས་བྲོ་ཞིག་འཁྲབ།།
བུ་མོ་མཛེས་མ་ཞིག་ལ་འཛུམ་ཅིག་བསྟན།།
ཟུར་མིག་རྣོན་་པོ་ཞིག་གིས་ཉལ་སར་འཕངས།།
ཟླ་བ་ཁེར་འགྲོར་ལྟ་ཞོར་ཀུ་ཞིག་བཏབ།།
མགོ་བོ་བྲང་ཁར་སྨད་དེ་འདང་ཞིག་བརྒྱབ།།
ས་མཐའི་གྲོགས་པོ་ལག་ནས་སྒོར་འགའ་གཡར།།
དབུ་ཆང་ཤེལ་དམ་ཞིག་ལ་སྣིང་གཏམ་གླེང་།།
སྤྲིན་་པ་ཡར་འགྲོ་ཞིག་ལ་སྐད་ཅིག་དྲིས།།
ཆུ་བོ་མར་འགྲོ་ཞིག་ལ་འཕྲིན་་ཅིག་བསྐུར།།
རྩམ་ཁུག་རླུང་གིས་འཁུར་བའི་ལམ་འགྲོ་བ།།
བདེ་མོ་ཐང་ལ་ད་དུང་རྒྱང་ཐག་རིང་།།
སྐྲ་ལོ་རིང་པོ་བཞག་དོན་མེད། །
དོན་མེད་ཤིག་ཚང་བཅས་དོན་མེད། །
ཤིག་དང་སྲོ་མ་བརྒྱབ་ཟིནད་དུས། །
ཤིག་གསོད་གཞན་གྱིས་མཐོང་ན་་་་་་་་་ ། །
ཉི་མ་ལགས།