གནས་ཚུལ་གཏོང་མཁན། ཀླུ་འབུམ།
ལས་རིམ་མགོ་འཛུགས་ཉིན་མོ། བོད་རབ་བྱུང་ཤིང་ལུག་ལོའི་གནམ་ལོ་གསར་ཚེས།
ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད། ༢༠༡༥ ཕྱི་ཟླ་༢ ཚེས་༡༩ གཟའ་ཕུར་བུ། སྔ་དྲོའི་ཆུ་ཚོད། ༠༥:༠༠
བོད་ཀྱི་དུས་ཚོད། ༢༠༡༥ ཕྱི་ཟླ་༢ ཚེས་༡༩ གཟའ་ཕུར་བུ། ཕྱི་དྲོའི་ཆུ་ཚོད། ༦:༠༠
རྒྱ་གར་གྱི་དུས་ཚོད། ༢༠༡༥ ཕྱི་ཟླ་༢ ཚེས་༡༩ གཟའ་ཕུར་བུ། ཉིན་གུང་ཆུ་ཚོད། ༣:༣༠
བལ་ཡུལ་གྱི་དུས་ཚོད། ༢༠༡༥ ཕྱི་ཟླ་༢ ཚེས་༡༩ གཟའ་ཕུར་བུ། ཉིན་གུང་ཆུ་ཚོད། ༣:༤༥
བདུན་རེའི་རྒྱང་སྲིང་དུས་ཚོད། གཟའ་མིག་དམར། གཟའ་ཕུར་བུ། གཟའ་སྤེན་པ།
ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད། སྔ་དྲོའི་ཆུ་ཚོད། ༠༥:༠༠
བོད་ཀྱི་དུས་ཚོད། ཕྱི་དྲོའི་ཆུ་ཚོད། ༦:༠༠
རྒྱ་གར་གྱི་དུས་ཚོད། ཉིན་གུང་ཆུ་ཚོད། ༣:༣༠
བལ་ཡུལ་གྱི་དུས་ཚོད། ཉིན་གུང་ཆུ་ཚོད། ༣:༤༥
ང་ཚོའི་བརྙན་འཕྲིན་མགོ་འཛུགས་ཀྱི་ལས་རིམ་འདི་བོད་ཤིང་ལུག་གནམ་ལོ་གསར་ཚེས་ཉིན་དབུ་འཛུགས་རྒྱང་སྲིང་ཞུ་རྒྱུ་ཡིན། རྒྱང་སྲིང་ལས་རིམ་བོད་ནང་གི་ཉིན་རེའི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་དང་། རྒྱ་གར་ནང་ཉིན་གུང་ཆུ་ཚོད་གསུམ་དང་ཕྱེད་ཀ། བལ་ཡུལ་ནང་ཉིན་གུང་ཆུ་ཚོད་གསུམ་དང་སྐར་མ་བཞི་བཅུ་ཞེ་ལྔའི་ཐོག་ Telstar 18 རྟགས་ཅན་གྱི་མི་བཟོས་སྲུང་སྐར་ནས་བཏང་པའི་རྒྱང་སྲིང་ལས་རིམ་ཐོག་གཟིགས་ཐུབ་པ་དང་། སྲུང་སྐར་འདིའི་ཐོག་VOA བོད་སྐད་བརྙན་འཕྲིན་ཡང་རྒྱང་སྲིང་ཞུ་བཞིན་ཡོད་པ་རེད།
གཟའ་འཁོར་གཅིག་ནང་རྒྱང་སྲིང་ཐེངས་གསུམ་ཞུ་རྒྱུ་ནི་གོང་གི་དུས་ཚེས་ཐོག་གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་པ་སངས་སོ་སོར་རྒྱང་སྲིང་ཞུ་རྒྱུ་དང་། དེ་དག་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་པར་བསྐྱར་གཏོང་བྱེད་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་གནང་རོགས།
སྟོད་མངའ་རིས་པའི་ཕ་སྐད་གཙང་མའི་བརྙན་འཕྲིན་ག་དུས་མགོ་འཛུགས་ཞུ་རྒྱུ་ཡི་ནམ། ལོ་མང་པོའི་རིང་ལ་བསྒུགས་པ་ཡིན། ས་རྡོ་རི་བྲག་འདྲ་བའི་ཀླད་རྙིང་འཁྲེགས་བཟུང་བ་འདི་ཚོས་བསམ་བློ་རྩ་བ་ཉིད་ནས་གཏོང་གི་མེད་པ་འདྲ། སྟོད་མངའ་རིས་པའི་ཕ་སྐད་གཙང་མ་འདི་ཁྱེད་ཚོ་བཙན་བྱོལ་ནང་གི་མི་ངན་རེ་ཟུང་ཞིག་གིས་རྩ་མེད་བཟོ་འདོད་པ་ཡིན་ནམ། ཡང་མིན་ན་སྟོད་མངའ་རིས་འདི་ཞང་ཞུང་དང་འབྲེལ་བ་ཡོད་པའི་ཆ་ནས་ཐོབ་ཐང་རྩ་བ་ཉིད་ནས་སྤྲོད་ཀྱི་མིན་ཟེར་གྱི་ཡོད་དམ། སྟོད་པའི་བུ་ཕྲུག་ཚོས་ག་དུས་ཡིན་ནའང་དབུས་ཁམས་ཨམ་གསུམ་གྱི་སྐད་ལུགས་དེ་ཨུ་ཚུགས་བརྒྱབ་ནས་ཉན་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་ཉེས་ཆད་ཅིག་ཡིན་ནམ་གུས་བཀུར་ཞིག་ཡིན། །
སྟོད་མངའ་རིས་པའི་ཕ་སྐད་གཙང་མའི་བརྙན་འཕྲིན་ག་དུས་མགོ་འཛུགས་ཞུ་རྒྱུ་ཡི་ནམ།
སྟོད་མངའ་རིས་པའི་ཕ་སྐད་གཙང་མའི་བརྙན་འཕྲིན་ག་དུས་མགོ་འཛུགས་ཞུ་རྒྱུ་ཡི་ནམ། ཞེས་བཤུས་ནས་འགོད་དགོས་དོན་ནི། ཐོ་ནང་གི་ཆོས་བརྒྱུད་ལ་ཐོབ་ཐང་རྩོད་བཞིན་པ་གཅིག་མཚུངས་ཡིན། སྟོད་མངའ་རིས་ཁ་སྐད་འདི་ཡང་རླུང་འཕྲིན་སོགས་ལ་བཏང་ཐུབ་པ་ཡིན་ན། བཀའ་བསྟན་མིང་ཚིག་རྣམས་ཤེས་སླ་བ་དང་། སྤྱི་སྐད་བསྐྲུན་པ་ཕན་ཐོགས་ཅན་དུ་མཐོང་བ་ཡིན་གདའ།
བརྙན་འཕྲིན་མགོ་བཙུགས་པ་ཙམ་གྱིས་ཧ་ལས་དགོས་དོན་གང་ཡང་མི་འདུག གཙོ་བོ་བརྙན་ནང་སྐད་ཆ་བཤད་མཁན་ཤེས་ཡོན་ཅན་གྱི་མི་ཚད་ལྡན་དགོས་པ་རེད། ངས་ད་བར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གཟབ་ནན་གྱིས་ཉན་པ་ཡིན། ཡིན་ཡང་དོན་དམ་གྱི་གསར་འགོད་པའི་ཆ་རྐྱེན་ཚང་མཁན་མི་ཁ་ཤས་ལས་མི་འདུག་བསམ། དེ་དག་ནི་གསར་འགོད་པ་སྒྲོལ་དཀར། ཀརྨ་རྒྱ་མཚོ། སྐལ་ལྡན་བློ་གྲོས། ཀརྨ་རྡོ་རྗེ། སྟག་ལྷ་རྒྱལ་གཙོས་མི་ཁག་ཅིག་རེད། འདི་སྒེར་གྱི་བསམ་ཚུལ་ཙམ་ཡིན། དེ་བས་གསར་འགོད་པའི་ཤེས་ཚད་ངེས་པར་དུ་ཡར་རྒྱས་གཏོང་དགོས་ཀྱི་འདུག
ཞོར་དུ་ལས་ཁུངས་འདིའི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་ཞུ་རྒྱུ་ཞིག་ལ། ཁྱེད་ལས་ཁུངས་དེར་སླེབས་མ་ཐག་རྒྱང་སྲིང་ལས་རིམ་ནང་གོང་ས་མཆོག་གི་བཀའ་སློབ་གཙོས། གསར་འགྱུར་སྙན་སྒྲོན་ཞུ་སྟངས་ཐད་འགྱུར་བ་བཏང་འདུག་པས་ཐུགས་རྗེ་ཆེ། ཡིན་ཡང་གསར་འགོད་པའི་ཤེས་ཚད་སྐྱོ་བོ་ཧ་ཅང་མང་པོ་འདུག
དེར་ཡང་འགྱུར་བ་གཏོང་རོགས། སློབ་སྦྱོང་མེད་མཁན་ཞིག་གིས་གསན་ན་སྐྱོན་ཐར་འདོན་མི་ཐུབ་ཀྱང་། ཤེས་ཡོན་ཡོད་མཁན་ཞིག་གིས་གསན་ན་གསར་འགྱུར་སྙན་སྒྲོན་ནང་སྐྱོན་མང་པོ་འདུག དེ་བས་གུས་པའི་བསམ་འཆར་འདི་ལ་གསན་བཞེས་གནང་རོགས།
ངས་བྱས་ན།
འདི་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཡིན། ཟེར་ན་ནོར་བ་དང་།
འདི་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་རེད། ཟེར་ན་འགྲིགས་པར་འདོད་ལགས།
ད་དུང་མང་ཡང་་་་་་
དེ་རིང་སླར་ཡང་བཞད་གད་བྲོ་བའི་གཏམ་ཞིག་འདི་ན་གླེང་བ་མཐོང་སྐབས་ངས་ལོ་ངོ་བཅུ་ཕྲག་གཅིག་དང་ཕྱེད་ཀའི་སྔོན་ཙམགྱི་སྐབས་ཤིག་ལ་དབུས་གཙང་སྤྱི་འཐུས་ནོར་བུ་དར་རྒྱས་ཞེས་པས་གྲོས་ཚོགས་སུ་གང་བཤད་པ་ལྷང་ངེར་དྲན་པ་ནི་འདི་ལྟར། གོང་དུ་སྤྱི་འཐུས་ཤིག་ནས་སྟོད་གངས་རིན་པོ་ཆེ་ཞེས་གསུངས་པ་ཨེ་བདེན། གངས་རིན་པོ་ཆེ་གནས་ས་ནི་མངའ་རིས་ཡིན་པ་ལས་སྟོད་ལ་མིན་ཞེས། ཚིག་ཐག་ཆོད་པ་གསུངས་པར། དེར་ཡོད་སྤྱི་འཐུས་གཞན་རྣམས་ཚང་མའི་སེམས་གཏིང་ན་གད་མོ་མི་འཆོར་ཀ་མེད་དུ་གྱུར། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་ལེ་ཚན་གྱི་ལས་བྱེད་ཁག་ཡག་པོ་ཤ་སྟག་ཡོང་བའི་རེ་བ་ཆེ། དེ་མིན་གསར་འགྱུར་སོགས་ལྟ་ཉན་བྱེད་སྐབས་སྤྲོ་བ་འཕེལ་རྒྱུ་ལས་ལྡོག་སྟེ་ཉོབ་སྣང་བསྐྱེད།
BONPO ཟེར་བའི་དྲ་གྲོགས་ལགས། སྤྱིར་ཆོས་པ་ཞིག་ཡིན་ཕྱིན་རང་ཉིད་ཀྱི་ཆོས་ལུགས་ལ་བརྩི་བཀུར་དང་ཆེ་མཐོང་བྱ་བ་ལེགས་ཀྱང་། ཆོས་བརྒྱུད་གྲུབ་མཐའི་སྨྱུག་མིང་ཁུར་ཏེ་ག་དུས་ཡིན་ན་ཡང་མི་མང་གི་སེམས་ལ་ཕོག་གཏུག་གཏོང་བའི་སྐད་ཆ་རིགས་བཤད་རྒྱུ་མཚམས་འཇོག་གནང་ན་ལེགས་སྙམ། དེ་ལྟར་བྱས་པས་གྲུབ་མཐའི་ཤེལ་གྱི་ཁ་ཕོར་སྐྱོར་བ་ཕར་བཞག་རྡོ་ལ་མི་བརྡབ་པའི་ངེས་པའང་མི་འདུག དཔེར་ན་གོང་གི་གནས་ཚུལ་དེར་འཐབ་སྟེ་ཞང་ཞུང་ཚང་གི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་འབྲེལ་མེད་ཀྱི་སྐད་ཆ་བཤད་དགོས་དོན་ག་ལ་མཆིས། གང་ལྟར་གྲུབ་མཐའི་ཁ་ཕོར་སྐྱོར་བའི་དུས་སྐབས་གང་དང་གང་ཡིན་གྱི་དབྱེ་འབྱེད་གནང་ཐུབ་ན་ལེགས་སྙམ་མོ།
མཁྱེན་ལྡན་ལྡོང་གསེར་མིག་ལགས།
ཁྱེད་ཀྱིས་ཕྲན་ལ་བཀའ་སློབ་ཡང་ནས་ཡང་དུ་གནང་པར་སྙིང་ནས་བཀའ་དྲིན་ཆེ་ཞུ། འོན་ཀྱང་ངས་གོང་གི་མཆན་དེར་ཆོས་བརྒྱུད་གྲུབ་མཐའི་སྐོར་གང་ཡང་བྲིས་མེད། ཞང་ཞུང་ཞེས་པ་དེ་ཡུལ་ལུང་ཞིག་གི་མིང་རེད་མ་གཏོགས་ཆོས་ལུགས་ཅིག་གི་མིང་མ་རེད། དེ་འདྲ་རང་ཐུགས་ཆུང་གནང་དགོས་པ་ཨ་ཡོད་ན། སྟོད་མངའ་རིས་ཞང་ཞུང་གི་ཕ་ས་ཡིན་པ་ལོ་རྒྱུས་ཡོངས་གྲགས་དང་ཀུན་གྱིས་མཁྱེན་གསལ་ཡིན་པས་དེ་སྦས་དང་མ་སྦས་ལ་ཁྱད་པར་ཅི་ཡོད། ངས་ད་བར་བྲིས་པ་ཁག་ཆོས་ལུགས་ཕན་ཚུན་མཐུན་པའི་ལམ་བུར་བསྐྱོད་པའི་ཐབས་ལ་དམིགས་ཏེ་བྲིས་ཡོད་མ་གཏོགས། ནམ་ཡང་རྭ་རུས་གཡས་གཡོན་བཞིན་དུ་སྡོད་རྒྱུར་དམིགས་ནས་བྲིས་པ་ཞིག་རྩ་བ་ཉིད་ནས་མེད། མ་འོངས་པའི་བོད་ཡུལ་བདེ་སྐྱིད་དང་ཞི་མཐུན་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་རེ་འདུན་ཆེན་པོ་ཡོད་པས།སྐབས་འགར་ངས་བཤད་པའི་སྐད་ཆ་དེ་ཚོ་ཉན་དུས་སྙན་པོ་རང་མེད་པ་ཡིན་ན་ལས་བསམས་དུས་གཏིང་ནས་གོ་རྒྱུ་ཞིག་བརྙེད་པའི་སྨོན་ལམ་འདེབས་པ་ལགས་སོ། །
བོན་པོ་ནི་བོན་པོ་རང་རེད། སྟོན་མངའ་རིས་བ་དེ་ཚོ། ཁ་ན་ལྟོ་མེད་དུས། རྒྱབ་ན་གོས་མེད་དུས། ཆོལ་གསུམ་བོད་མི་རྡོག་པོ་གཅིག་དུ་འདུས་ནས། རྡོག་རྡོག་ཞིག་ཡིན་མདོག་བསྟན་པ་རེད། སྐབས་དེར་བཙན་བྱོལ་གཞུང་ལ་སྤྲང་མགོ་མང་ཤས་དེ་སྟོད་ནས་ཐོན་པ་རེད། གཙན་བྱོལ་གཞུང་བཟང་ན་མ་བཟང་ན་ཡང་། ད་ཆ་རྒྱགས་མདོག་འདྲ་བོ་དག་ཙམ་ཐོན་དུས། བཤད་ཡ་མང་པོ་ཞིག་དང་། ཚོགས་པ་མང་པོ་ཞིག་བཙུགས་ནས། སྤྲང་བོར་ཉལ་ས་ཐེམ་ན། དཔོན་པོའི་དཀའ་དྲིན་མི་དྲན་ཟེར་བ་ལྟར།
ཆོལ་ཁ་གསུམ་ཟེར་བ་ལས་བཞི་ཟེར་བ་ཞིག་མེད་བཞིན་དུ། ད་ཆ་ཧ་ལམ་མ་སོང་ན། རྒྱལ་ཁབ་ཞིག་ཡོད་མདོག་འདྲ་ཞིག་བཤད་ནས། སྟོད་པའི་རང་མདོག་ངན་པ་དེ་ཕྱི་ལ་དོན་མ་ཡོང་ན་བཟང་ནི་རེད།
སྟོད་པ་ཡག་པོ་ཡོད་མེད། དགྱ་བོད་མཐའ་མཚམས་ནས་ཐར་བའི་གསར་འབྱོར་ཚོ་ལ་དྲིས་དང་གསལ་པོར་མཁྱེན་ནི་རེད། བཙན་བྱོལ་ན་ཡང་སྐུ་ངོ་སྐྱག་པ་ལས་འབད་པ་ཡོད་པ་རེད། ལྟོ་ཟ་མཁན་ལས་ཕན་ཐོག་མཁན་ཡོད་མེད་ལྟ་རྒྱུར་ལྷག་ཡོད་པ་ཞིག་རེད། ད་བོད་བཟུང་ནས། ཆོལ་ཁ་གསུམ་ལ་བཞུགས་ན་ཡག་ནི་རེད། བོན་པོ་ཟེར་བ་འདིས་ཡར་ལ་བཤད། མར་ལ་བཤད་ནས། གཏིང་ནད་ཞིག་གི་དོན་དུ། བོད་ཆོལ་ཁ་གསུམ་པོ་སུལ་བུར་གཏོང་འདོད་ཀྱི་དཀྲུག་ཤིང་མ་ཁུར་ན་བཟང་།
ཁྱེད་ཀྱི་ཁ་ལ་ཉན་ནིའི་སྟོད་བླུན་དེ་འདྲ་ཡོད་པ་ཤེས་ཡོད། གོ་སོང་ངམ།
དང་པོ་ནས་སྤུས་དག་པོ་དང་། ཀུན་གྱི་བློ་ལ་འཚམ་པ་ཞིག་ཡོང་དཀའ། ག་ལེར་ཡར་རྒྱས་གོང་འཕེལ་ཡོང་བར་རེ་བ་བྱེད་ཀྱིན་ཡོད། དམའ་མཐའི་ཚད་གཞི་ལ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་ཨ་མདོའི་སྐད་ཀྱི་ལེ་ཚན་ནང་བཞིན་ཆལ་ལེ་ཆོལ་ལེ་ཞིག་མི་ཆགས་པའི་རེ་བ་བྱེད་ཀྱིན་ཡོད།
ཆོལ་ཁ་་་ཟེར་བའི་ཐ་སྙད་འདི་བོད་སྐད་ཅིག་ཡིན་ན་ནང་དོན་གང་ཡིན་ཤོད་རྒྱུ་ཡོད་དམ། ངས་འདིར་ཆོལ་ཁའི་གྲངས་ཚད་དང་སྐུ་ངོ་ག་ཚད་ཡོད་མེད་དང་སྤྲང་པོ་སུ་ཡིན་མིན་བཅས་ཀྱི་སྐོར་ལ་་ཤོད་ཀྱང་མི་ཤེས་ལ་ཤོད་འདོད་ཀྱང་མེད། གནམ་ཁྱེད་རང་དེ་འདྲ་ཕྲ་ཞིང་ཕྲ་བ་ནས་མཁྱེན་མཁན་ཞིག་ན་བསོད་ནམས་ཀྱི་ཚོགས་བསགས་པ་རེད། ང་དེ་ཚོའི་སྐོར་ལ་དོ་སྣང་མེད་དོ། ཆོལ་ཁ་གསུམ་ཡིན་ནའང་འདྲ་ཆོལ་ཁ་གཅིག་རང་ཡིན་ནའང་འདྲ་དེ་དག་ང་ཡིས་བཤད་བྱ་མིན། ཁྱེད་རང་གི་དགའ་སྟོན་མཛོད་ཅིག ངས་བཤད་བྱ་ནི་བོད་སྐད་རླུང་འཕྲིན་ཁང་སོགས་ཀྱི་ནང་དུ་སྟོད་མངའ་རིས་པའི་ཕ་སྐད་གཙང་མ་ལ་ཐོབ་ཐང་འདྲ་མཉམ་དགོས་ཀྱི་འདུག་ཟེར་ནས་སྐད་འབོད་རྒྱག་གི་ཡོད། སྐད་འབོད་འདི་ནོར་འཁྲུལ་ཅན་ཞིག་ཡིན་ན། ཁྱེད་ཚོས་རྒྱ་མིའི་མདུན་དུ་བོད་སྐད་ཡིན་མདོག་གིས་་་ཕ་སྐད་གཙང་མ་་་ཟེར་བ་ཞིག་ལ་ཐོབ་ཐང་འདྲ་མཉམ་དགོས་ཟེར་ནས་སྐད་འབོད་རྒྱག་བཞིན་པ་འདི་ཡང་ནོར་འཁྲུལ་ཅན་ཞིག་ཡིན་ནམ། །
ཨེ་ཤེ་ཡ་སྐུ་སྒེར་རླུན་འཕྲིན་ཁང་གི་དྲྭ་བརྙན་གསར་འགྱུར་ཐད་གཏོང་གནང་ཐུབ་པར་འཚམས་འདྲི་ཞུ། འོན་ཀྱང་སྐུ་སྒེར་ཡིག་ཚང་ནས་ཐད་བཀོས་བྱས་པའི་རྒྱ་མོ་ལོས་བྷིས་ལུང་གི་ཟུར་བརྟེན་ཁྱོ་བོ་སྐལ་ལྡན་བློ་གྲོས་ཀྱིས་དབང་བསྒྱུར་འོག་ཡོད་པའི་ཨེ་རླུང་ཚང་གིས་བརྡ་སའི་སྒེར་གཅོད་སྒྲིགས་འཛུགས་དེ་རྒྱ་ནག་དམར་གཞུང་འོག་ཐབས་ལམ་ཇི་ལྟར་བརྒྱུད་ནས་འགྲོ་དགོས་དབུ་མའི་ལམ་པ་དག་གིས་མི་མང་ལ་སློབ་གསོ་སྤེལ་དགོས་ཚུལ་སོགས་ལས་རྒྱལ་སྤྱིའི་གསར་འགྱུར་ཞིག་དུས་ཐོགས་ཏུ་གསན་ཐུབ་པའི་རེ་བ་གཏན་ནས་མེད།
བཀའ་འགྱུར་དང་བསྟན་འགྱུར་མང་པོ་ཞིག་བོད་སྐད་ཐོག་ལ་བསྒྱུར་བར་གླེང་བཞིན་པ་འདི། དོན་ངོ་མ་བོད་སྐད་ག་འདྲ་ཞིག་གི་ནང་དུ་བོད་པ་སུ་དང་སུ་འདྲ་བས་བསྒྱུར་བ་ཡིན་ཁ་གསལ་པོ་དགོས་ཀྱི་འདུག ད་ལྟ་བར་མི་མང་པོས་དབུས་སྐད་ཡིན་པ་གཞིར་བཞག་བྱེད་ཀྱི་ཡོད་པ་རེད། དོན་དངོས་གནས་བརྟག་དཔྱད་ཡག་པོ་གནང་ན་མང་ཆེ་བ་ཞིག་ཐོག་མར་སྟོད་པའི་སྐད་ཐོག་ལ་བསྒྱུར་བར་སྙམ་མོ། དཔེར་ན་ལོ་ཆེན་རིན་ཆེན་བཟང་པོ་ལྟ་བུ་སྟོད་མངའ་རིས་ཕྱོགས་ནས་ཕེབས་པའི་མི་བུ་ཞིག་ཡིན་པ་དང་། ཁོང་གིས་བསྒྱུར་དཔེ་ཡོད་ཚད་ལ་སྟོད་མངའ་རིས་པའི་སྐད་ཤན་ཆེན་པོ་བཞུགས་ཡོད་པ་ནི་དངོས་ཡོད་རེད། དུས་རྒྱུན་ང་ཚོའི་ནང་བསྟན་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཡོད་ས་དེ་བོད་སྐད་རིན་ཐང་ཅན་འདི་གཅིག་པུ་ཡིན་པར་གླེང་གི་ཡོད་རེད་བ། དེ་འདྲ་བའི་རིན་ཐང་ཅན་གྱི་བོད་སྐད་དེ་སྟོད་སྐད་རེད་འདུག་གམ་དབུས་སྐད་རེད་འདུག་ཞིབ་འཇུག་ཡག་པོ་གནང་དགོས་ས་རེད་འདུག་གོ། །
སྟོད་པའི་མི་འདི་ལ་ནུས་པ་ཐོན་མཁན་ཞིག་མི་འདུག་དེ་མིན་སྟོད་པ་འདི་ཆོལ་ཁ་ལོགས་ལ་ཡོད་མཁན་ས་རྒྱ་ཆེ་བ་རྒྱ་བལ་གྱི་ས་མཚམས་དང་ཉེ་བ་ཚོང་ལས་བྱེད་ས་ཡོད་ན་མེད་ན་ཞིག་ཡོད་འདུག་ཡིན་ནའང་ཁོ་རང་ཚོ་དབུས་གཙང་གི་རྐུབ་ལ་རྒྱུགས་ནས་གང་ཡང་འབྱོན་གྱི་མི་འདུག ངོ་མ་བྱེད་ན་བོད་སྐད་ཟེར་བའི་ཚད་དང་ངོས་འཛིན་བཉཡརད་ས་འདི་སྟོད་ོཔའི་སྐད་དེ་རང་ཡིན་པའི་བཟོ་འདྲ་ཞིག་འདུག ཆོལ་ཁ་ལོགས་སུ་བྱས་པ་ཙམ་གྱིས་བོད་དུམ་བུར་ནམ་ཡང་འགྲོ་མི་སྲིད་རྒྱ་གར་སྟོབས་ཆེན་རྒྱལ་ཁབ་ལའང་ཡར་རྒྱས་འགྲོ་གི་འགྲོ་གི་ལ་མངའ་སྡེ་ཡང་མང་དུ་འགྲོ་གི་ཡོད། དེས་རྒྱ་གར་དུམ་བུ་ནམ་ཡང་བཏང་མེད་ལ་ཡར་རྒྱས་འགྲོ་བར་ཕན་ཐོགས་བྱུང་ཡོད། ཐབ་ཆུང་ཆུང་ལ་མེ་ཚ་བོ་གཏོང་གི་ཡོད། དེ་མིན་མངའ་སྡེའི་ས་ཁམས་རྒྱ་ཆེ་བ་དང་མི་མང་བའི་རྐྱེན་གྱིས་ཚང་མར་བལྟ་རྟོག་ཡག་པོ་ཞིག་ཡོང་གི་མེད། བྱས་ཙང་རྒྱ་གར་བྱང་ཕྱོགས་སམ་དྷེ་ར་དྷུན་གྱི་མངའ་སྡེ་ལའང་མང་དུ་ཕྱིན་ཡོད་པས་ཤེས་ནུས། སྐད་ཆ་ཆོ་མེད་པ་བཤད་ནས་གང་ཡོང། སྔར་མའི་སྔར་ལུགས་རང་དེ་ཡིན་ཟེར་ན་རྙིང་ཞེན་རང་རེད།
བརྙན་ཕྲིན་འགོ་བཙུགས་པ་འདིའི་བོད་དོན་དང་འབྲེལ་བའིཆབ་སྲིད་ལ་ཕན་གྱི་ཡོད་ན་ལས་མི་མང་ཉན་མཁན་ཉུང་ཉུང་རེད་། ཨ་རིའི་བོད་སྐད་ལས་རིམ་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་ཉན་
མཁན་ཧ་ཅང་ཉུང་ཉུང་རེད། དེང་བོད་པའི་མི་མང་རྣམས་སྔོན་མ་དང་འདྲ་གི་མ་རེད་། མི་ཚང་མ་སྐད་ཡིག་མང་པོ་ཤེས་ནས་བོད་སྐད་ལ་རྟེན་ནས་གསར་འགྱུར་ཉན་མཁན་དང་བོད་སྐད་ཡིག་ལ་རྟེན་ནས་ལྟོ་གོས་འཚོལ་མཁ་ཧ་ཅང་ཉུང་ཉུང་རེད་
ཨམ་སྐད་དང་ཁམ་སྐད་དབུས་སྐད་ཡོད་ཀྱང་མངའ་རིའི་སྐད་མེད་པ་དེ་ནི་གཅིག་ནས་མངའ་རིའི་མི་མང་ལ་མཐོང་ཆུང་དང་གཉིས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནག་སྲུབ་བཏང་བ་རེད་། རྒྱ་མི་ལ་ཁག་གང་ཡོད་ང་རང་ཚོའི་ནང་ནས་རང་གི་མཁེ་ཕན་ཆེད་ལས་དཀའ་དེ་འདྲ་མང་པོ་བྱས་ནས་བོད་ཤོར་བ་རེད་བོད་ཤོར་མེད་ན་བོད་མི་མང་ནམ་ཡང་ལར་ལང་ཐུབ་ཀྱི་མ་རེད་འདི་ལོ་རྒྱུས་ངོ་སྤྲོད་ཐུང་ཐུང་ཞིག་ཡིན་།
་་་་་་་་་་་ ངས་བཤད་བྱ་ནི་བོད་སྐད་རླུང་འཕྲིན་ཁང་སོགས་ཀྱི་ནང་དུ་སྟོད་མངའ་རིས་པའི་ཕ་སྐད་གཙང་མ་ལ་ཐོབ་ཐང་འདྲ་མཉམ་དགོས་ཀྱི་འདུག་ཟེར་ནས་སྐད་འབོད་རྒྱག་གི་ཡོད། སྐད་འབོད་འདི་ནོར་འཁྲུལ་ཅན་ཞིག་ཡིན་ན། ཁྱེད་ཚོས་རྒྱ་མིའི་མདུན་དུ་བོད་སྐད་ཡིན་མདོག་གིས་་་ཕ་སྐད་གཙང་མ་་་ཟེར་བ་ཞིག་ལ་ཐོབ་ཐང་འདྲ་མཉམ་དགོས་ཟེར་ནས་སྐད་འབོད་རྒྱག་བཞིན་པ་འདི་ཡང་ནོར་འཁྲུལ་ཅན་ཞིག་ཡིན་ནམ། ། ་་་་་་་་་་་ ཟེར།
་་་་་་་་་ ངོ་མ་བྱེད་ན་བོད་སྐད་ཟེར་བའི་ཚད་དང་ངོས་འཛིན་བཉཡརད་ས་འདི་སྟོད་ོཔའི་སྐད་དེ་རང་ཡིན་པའི་བཟོ་འདྲ་ཞིག་འདུག ་་་་་་་་
ལྷ་བླ་མ་བྱང་ཆུབ་འོད་དང་། ཡེ་ཤེས་འོད་གཉིས་སོགས་ལྟོག་གྲིར་ཤི་མི་བཅུག་མཁན་དེ་ཚོ་སྟོད་པ་རེད་འདུག་མ་གཏོགས། དབུས་གཙང་གཉིས་ཀྱི་མི་རིགས་དང་། ཁམས་དང་། ཨ་མདོ་དེ་བས་མ་རེད་དོ།། ལོ་རྒྱུས་ནི་བྱུང་རབས་རེད་དོ།། །།
བོད་སིལ་བུར་ཆགས་ནས་ཀྱང་། བོད་ཀྱི་རྒྱལ་ཕྲན་གྱི་རྒྱལ་རབས་ཐ་མ་དེ་གུ་གེ་རྒྱལ་རབས་ཡིན་པ་ཤེས་མཁན་དཀོན་ཙམ་འདུག་གདའ།
ཝེ་ཁེ་རིག་མཛོད་ལས། In 1037, Khor re’s eldest grandson ‘Od lde was killed in a conflict with the Muslim Qarakhanids from Central Asia, who subsequently ravaged Ngari. His brother Byang chub ‘Od (984–1078), a Buddhist monk, took power as secular ruler. He was responsible for inviting Atisha to Tibet in 1040 and thus ushering in the so-called Phyi-dar phase of Buddhism in Tibet.
ཁྱེད་ཚང་གི་རྒྱ་གར་བླ་མ་སྐད་གྲགས་ཅན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞུ་བ་དེ་ཡང་། བོད་ཡུལ་དུ་1040་ལོར་གདན་འདྲེན་ཞུ་མཁན་ནི་སྟོད་མངའ་རིས་ཀྱི་ཕ་སྐད་གཙང་མ་རྒྱག་མཁན་་་བྱང་ཆུབ་འོད་(984–1078)ཞུ་བའི་དགེ་འདུན་དེ་ཡིན་པར་གསལ་འདུག །
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞུ་བའི་དགུང་ལོ་༧༠་ཟིན་པའི་བགྲེས་སོང་མཁས་དབང་དེ། རྒྱ་གར་ནས་བོད་དུ་གདན་འདྲེན་མཁན་ནི་སྟོད་སྐད་སྨྲ་བའི་དབང་པོ་སྟོད་པའི་དགེ་འདུན་པ་ཞིག་ཡིན་པ་ཁྱེད་ཚོ་རླུང་འཕྲིན་ཁང་གི་མཁས་དབང་ཚོས་ད་བར་མ་མཁྱེན་ནམ། །
གོ་ཐོས་བྱས་ན་སྔ་མོ་མངའ་རིས་བའི་འཐུས་ཚབ་ཅིག་གིས་གོང་ས་མཆོག་གི་གཟིམ་ཆུང་མཇལ་ཞུ་སྐབས་མངའ་རིས་བའི་གནད་དོན་འདི་སྙན་སེང་ཞུ་སྐབས། ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ནས། ཆོལ་ཁ་གསུམ་ལས་གཞན་པའི་བཞི་པ་ཡོང་གི་མ་རེད་གསུངས་ནས་བཀའ་བཀྱོན་གནང་བ་འདྲ། དེ་ནི་བོད་མིའི་ཆབ་སྲིད་ཀྱི་ངོ་བོ་བསྟན་སྟངས་ཀྱི་དཀའ་གནད་ཅིག་ཡིན་སྲིད་ཀྱི་རེད།
དེ་རིང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་རླུང་འཕྲིན་སྡེ་ཚན་དུ་སྟོད་མངའ་རིས་བའི་ཕ་སྐད་ལ་སྲུང་སྐྱོབ་དང་ངོ་འཛིན་དགོས་འདུག་ལབས་པ་ནི། ཤིན་ཏུ་ནས་འོས་ཤིང་འཚམས་པའི་ཞུ་འབོད་ཅིག་རེད་སེམས་ཀྱིན་ཡོད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་ན། གདོད་མའི་སྐད་ཀྱི་གཞི་མ་མངའ་རིས་པའི་སྐད་ལ་བདག་པོ་བརྒྱབ་དགོས་པ་ནི་རྩ་བ་ཞིག་ཡིན་པར་འདོད།
དེ་མིན་དྲ་གྲོགས་འགའ་རེས་དོན་མེད་ཕྱོགས་ཞེན་གྱི་ཚིག་མདའ་འཕེན་པ་ནི། ང་ཚོ་བོད་པ་ད་དུང་ཡང་རང་གཤིས་མ་འགྱུར་བའི་རྗེས་ལུས་ཅན་དེ་རང་ཡིན་པར་བསྟན། དོན་དག་མེད་ཅིང་། ཕན་ཚུན་ནང་དམེ་ཡི་བཙོག་པ་འདི་དག་ལ་དགོངས་པ་བཞེས་ནས་ཡི་གེ་འབྲིས་ན་བཟང་།
རང་དབང་རླུང་འཕྲིན་ཁང་འདི་ཆོལ་ཁ་དང་ས་གནས་ཀྱི་ཐོབ་ཐང་རྩོད་ས་ཞིག་ཡིན་དོགས་མེད། འདི་ནི་གཙོ་བོ་བོད་ཕྱི་ནང་གི་བོད་མི་སྤྱི་དང་ལྷག་པར་བོད་དང་རྒྱལ་སྤྱིའི་གནས་ཚུལ་ཤེས་པར་བཀག་རྒྱ་ཐེབས་པའི་བོད་ནང་གི་མི་ཚོར་གནས་ཚུལ་ཤེས་རྟོགས་ཆེད་ཡིན་ངེས་ལ། སྟོད་པས་དབུས་སྐད་མི་གོ་བའི་དཀའ་ངལ་གང་ཡང་མེད་པས་ལོགས་སུ་དགོས་དོན་ལྷག་པོ་ཅང་ཨེ་ཡོད་ན། གལ་སྲིད་ཐོབ་ཐང་རྩོད་ན་དབུས་སྐད་སྡེ་ཚན་ནང་སྟོད་པའི་མི་ལའང་ས་མིག་དགོས་ཞེས་རྩོད་དགོས་ཏེ། སྟོད་པ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁུངས་སུ་ཡོད་པ་མིན་ནམ།
བོན་ཆོས་མེད་ན་བན་སྡེ་གང་ནས་བྱུང་།
མངའ་རི་ཞང་ཞུང་མེད་ན་བོད་གང་ནས་བྱུང་།
ཧ་ཧ་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་ངོ་མ་འཕྲོད་པའི་བོད་པ་ཡིན་མདོག་
མདོག་ཧ་ཧ་།
བོད་ཡིག་དང་བོད་སྐད་ལ་ཕྲད་པའི་དཀའ་ངལ།
https://www.facebook.com/video.php?v=804016292967491&set=vb.131905013511959&type=2&theater
ལོ་རྒྱུས་སྨྲ་བའི་ལོ་རྒྱུས་རྫུན་སྒྲིག་མང་།
ཞིབ་འཇུག་རིག་པས་ཕྱོགས་གཏོགས་འགན་འཁུར་་མང་།
བོད་ཀྱི་ལོ་རྒྱུས་ཌོ་ལར་ཏ་ཡང་ལ་བརྗེས་།
བོད་འདི་རྒྱ་ཡི་འོག་ཏུ་བཞག།
ཨི་སྦ་མ་རྒྱ་ཡི་ཨ་རག་གཟི་།
བོད་འདི་ཨ་རག་རིན་པར་སྤྲད་།
བསམ་མེད་བོད་མིའི་ད་དུང་དགའ་བསུ་ཞུས་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ངོས་ནས་སྟོད་མངའ་རིས་པའི་སྐད་ཀྱི་ཐོག་ནས་གསར་འགྱུར་བཤད་དགོས་པ་ནི་གལ་ཆེན་དོན་ཆེན་རེད། སྟོད་མངའ་རིས་པས་དབུས་སྐད་ཡག་པོ་མི་གོ་ལ་མདོ་སྟོད་སྨད་གཉིས་ཀྱི་སྐད་ཡང་མི་གོ བཙན་བྱོལ་ནང་གི་མངའ་རིས་པ་རྣམས་ལ་ཟེར་གྱི་མེད། བོད་ནང་གི་མངའ་རིས་པ་ཚོའི་ཆེད་དུ་མངའ་རིས་པའི་སྐད་ཐོག་ནས་གསར་འགྱུར་གཏོང་དགོས་པ་གལ་ཆེན་ཆགས་ཡོད་ཟེར་གྱི་ཡོད།
སྟོད་མངའ་པའི་འབྲོག་པ་རྣམས་ལ་བརྙན་འཕྲིན་དང་དྲ་རྒྱའི་མཐུན་རྐྱེན་མེད། ཁོ་ཚོ་ལ་ཡོད་པ་Radioཡིན། འབྲོག་པ་མང་ཆེ་བ་ལ་ར་དགྲུས་ཨོ་ཡོད། ར་དགྲུས་ཨོ་ཡི་རྒྱུད་ནས་གསར་འགྱུར་ཉན་ཐུབ། མངའ་རིས་མི་དམངས་ཀྱི་གོ་རྟོགས་མཐོ་རེ་གཏོང་ཐུབ་དགོས། གནས་ཚུལ་མང་པོ་ཤེས་རྟོགས་ཐུབ་ཆེད་དུ་མངའ་རིས་པའི་སྐད་ཐོག་ནས་གསར་འགྱུར་བཤད་མཁན་ངེས་པ་ཏུ་དགོས།
༢༠༠༨་ལོར་མདོ་སྟོད་སྨད་དང་དབུས་གཙང་ཁུལ་དུ་གྱེན་ལོག་བྱས་ཀྱང་མངའ་རིས་པས་འཐབ་རྩོད་དང་གྱེན་ལོག་བྱས་མེད། མངའ་རིས་མི་དམངས་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་མེད་པས་རྒྱུ་མཚན་གྱིས་བོད་རྒྱལ་ཁབ་ཀྱི་འཐབ་རྩོད་ནང་དུ་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་རེད།
ས་ཁྱོན་གྱི་ཆ་ནས་བཤད་ནའང་འདྲ། མི་འབོར་གྱི་ཆ་ནས་བལྟས་ནའང་ཆོག མངའ་རིས་པའི་སྐད་ཐོག་ནས་གསར་འགྱུར་བཤད་མཁན་དགོས་ངེས་རེད་ལ་ཐོབ་ཐང་ཡོད་དགོས་ངེས་རེད། དེར་བརྟེན་མངའ་རིས་པ་ཚོས་ཤུགས་རྒྱབ་རོགས་བྱོས། དྲ་གྲོགས་ཚོས་རྒྱབ་སྐྱོར་བྱེད་རོགས་བྱོས།
མངའ་རིས་པའི་སྐད་ཐོག་ནས་གསར་འགྱུར་བཤད་པ་འདིས་མངའ་རིས་དབུས་གཙང་གི་ཁུངས་ནས་ཐོན་འགྲོ་བ་མ་རེད། དབུས་གཙང་ཆོལ་ཁ་ཡིས་ངོས་ནས་ཀྱང་མངའ་རིས་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་ཡག་རེ་གཏོང་ཐུབ་པ་ལ་འབད་བརྩོན་བྱེད་ངེས་དགོས་རེད། ག་དུས་ཡིན་ན་བྱང་ཐང་དུ་ལྐུག་པ་བྱས་ནས་བཞག་ན་བོད་རྒྱལ་ཁབ་ལ་གྱོང་རེད།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་བརྙན་འཕྲིན་མགོ་འཛུགས་གནང་ཐུབ་པར་བཀྲིན་ཆེ་ཞུ་་།
འོན་ཀྱང་ཆོལ་ཁ་གསུམ་ཀྱི་སྐད་ཡོད་བཞིན་དུ་ལུང་ཚན་བྱེ་བྲག་པ་ཞིག་སྟོད་མངའ་རིས་ཀྱི་སྐད་དགོས་ཟེར་བ་ནི་ཅུང་ཧམ་བཤད་རེད་བོད་ཆོལ་ཁ་གསུམ་ལ་ལུང་ཚན་བྱེ་བྲག་པ་ག་ཚོད་ཡོད་པ་མཁྱེན་དགོས་
ཆོལ་ཁ་གསུམ་གྱི་སྐད་ཡོད་་ན་ག་རེ་ལབ་ཀྱི་ཡོད་དམ། དབུས་གཙང་ཆོལ་ཁའི་སྐད་དེ་གང་རེད་དམ། དབུས་སྐད་དེ་དབུས་གཙང་ཆོལ་ཁའི་སྐད་ཨེ་རེད། གཙང་སྐད་དེ་ཡང་ཆོལ་ཁའི་སྐད་ཨེ་རེད། ཡིན་ན་མངའ་རིས་པའི་སྐད་དེ་ཡང་དབུས་གཙང་ཆོལ་ཁའི་སྐད་ཡིན་ལུས་དགོས། གཅིག་མཚུངས་རེད་བ། མངའ་རིས་པ་ཡང་མི་མི་གྲལ་དང་སྐད་སྐད་གྲལ་དུ་འཇོག་ན་དགའ་གི་རེད་འདོད།
ལྷ་སའི་སྐད་དབུས་གཙང་ཆོལ་ཁའི་སྐད་ཡིན་པའི་རྒྱུ་མཚན་ཅི་བཤད་ཀྱི་ཡོད་དམ། མི་འབོར་མང་ཉུང་དང་ས་ཁྱོན་ཆེ་ཆུང་གི་ཐོག་ནས་བཤད་ན་མངའ་རིས་པའི་སྐད་དབུས་གཙང་ཆོལ་ཁའི་སྐད་ཡིན་དགོས། དབུས་གཙང་ཆོལ་ཁའི་ནང་དུ་མངའ་རིས་པའི་སྐད་གོ་མཁན་གྱི་མི་འབོར་མང་ཤོས་ཡོད། དབུས་དང་གཙང་གཉིས་ལས་མངའ་རིས་པའི་ས་ཁྱོན་ཆེ་བ་ཡོད།
བོད་ཆོལ་གསུམ་ཟེར་བ་ལས་མངའ་རིས་ལོག་སུ་ཕྱེ་དགོས་པའི་རྒྱུ་མཚན་གང་ཡང་མེད་བོད་ནང་དུ་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་ཀྱི་ཆོལ་ཁའི་མཐེན་འཁྱེར་མེད་བཙན་བྱོལ་ནང་ས་སྦར་མོ་གང་ཡང་མེད་པར་ཆོལ་ཁ་ཆོས་ལུགས་ཀྱི་མཐེན་འཁྱེར་མ་ཏོག་བཤད་རྒྱུམེད་
ཆོལ་ཁ་དང་ལུང་ཚན་གྱི་འཐེན་ཁྱེར་མེད་པར་བདེན་ན་་་མངའ་རིས་པའི་སྐད་ཐོག་ནས་གསར་འགྱུར་བཤད་མ་ཆོག་པའི་གནད་དོན་ཅི་རེད།
ཆོལ་ཁ་མི་ཤེས་ན། ངས་གཟའ་རོ་ཞིག་ལ་ལམ་བསྟན་པ་འདྲ་བོ་རེད། འགྲེལ་བཤད་ཞིག་བྱེད་འདོད་མ་བྱུང་། ད་ཁྱེད་རང་། བོན་རྣ་བཀར་ནས། སྟོད་སྣ་ཧར་ནས། འགྲོ་འཇུག་རྒྱུ་ལས་ཡོད་པ་མ་རེད། མ་གཞི། ཁྱོད་དང་ངེད་གཉིས་ལ་ཨ་རིའི་བརྙན་འཕྲིན་སྡེ་མཚན་ལ་ནུས་ཤུགས་སྤྲོད་ཐུབ་པའི་གཏམ་དང་ལམ་ཞིག་མེད་པ་གསལ་པོ་རེད། ཡིན་ན་ཡང་སོ་སོའི་སེམས་པ་དགའ་བའི་ཆེད་དུ་ཅིག་ཞུས་ན་མ་འགྲིགས་པ་གང་ཡང་ཡོད་ནི་མ་རེད།
ཡིན་ན་ཡང་། ལྟས་ངན་ངེད་གཉིས་ལྟ་བུ་ལ། ཁ་དེར་བདག་པོ་དང་ལག་དེར་སྨྱུག་ལྕགས་ཤིག་མེད་ན། ཀླད་མེད་འགའ་ལ་ཕྱོགས་སློང་རྒྱག་པར་འདོད། དེ་ལ་དགེ་བ་ཞིག་ཡོད་མེད་སོམས།
མངའ་རིས་པས་མངའ་རིས་སྐད་དགོས་ན་གཙང་པས་གཙང་པའི་སྐད་དགོས་པ་དང་ལྷོ་ཁ་བས་ལྷོ་ཁའི་སྐད་དགོས་པ་དང་དེ་བཞིན་དུ་ཁམས་ལ་ཡང་རྒྱལ་ཐང་དང་འཇོལ་པ་ཀོང་རག་ལི་ཐང་ཊེ་ཧོར་ལ་སོགས་པ་ཨ་མདོར་ཡང་དེ་དེ་བཞིན་དུ་དགོས་པ་གཅིག་མཚུང་རེད་ཇོ་ལགས་
མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཨ་ཙ་ར་ཡེ་ཤེས་ཕུན་ཚོགས་ཟེར་བའི་སྤྱི་འཐུས་ཁོ་གྲོས་འཚོགས་ནང་དུ་ཁ་བདེ་པོ་འདྲ་ཞིག་འདུག་ཀྱང་གཞིར་ལུས་མངའ་རིས་མི་དམངས་ལ་བསམ་བློ་བཏང་བཞིན་མེད་པར་གསལ་པོ་རེད་འདུག་ག
བཙན་བྱོལ་བའི་མངའ་རིས་མི་དམངས་ཀྱི་འོས་བླུགས་ནས་ཚོགས་གཙོ་དང་སྤྱི་འཐུས་ལ་བསྐོས་པ་རེད། གཙོ་བོ་གཞིར་ལུས་རྒྱ་ཆེན་མི་དམངས་ཀྱི་དཀའ་ངལ་སེལ་ཆེད་དུ་རེད། ཡིན་ཀྱང་གཞིར་ལུས་མངའ་རིས་མི་དམངས་ཀྱི་ཆེད་དུ་གསར་འགྱུར་ཙམ་ཡང་གོ་ཐབས་བྱས་ཀྱི་མི་འདུག སོ་སོའི་ལུང་པ་ལ་བསམ་བློ་མ་བཏང་པའི་སྐྱོན་རེད།
འདི་འདྲ་བྱས་ནས་བྱང་ཐང་གི་མངའ་རིས་མི་དམངས་རྗེས་ལུས་ནང་ནས་ཡང་ལུས་ཆགས་སོང་བ་རེད། མངའ་རིས་མི་དམངས་ཀྱི་གོ་རྟོགས་ཡར་རྒྱས་གཏོང་ཐབས་མི་བྱས་པ་ནི་བསམ་ཡུལ་ལས་འདས་པའི་སྡུག་སྐྱ་རེད། ཨ་ཙ་ར་ཁོ་རང་གིས་མ་འཇོན་ན་དགོངས་པ་ཞུས་ན་ཏག་ཏག་རེད། གཞིར་ལུས་མངའ་རིས་མི་དམངས་ལ་བསམ་བློ་གཏོང་གྱི་ཚོགས་གཙོ་དང་སྤྱི་འཐུས་རེ་སླེབས་སྲིད་པ་རེད། རྟ་ལམ་བོང་བུ་བཀག་པ་རང་རེད།
མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་ཨ་རི་གྲོས་འཚོགས་ནང་དུ་སྙན་ཞུ་ཕུལ་ན་ཏག་ཏག་རེད། མི་འབོར་གྱི་ཆ་ནས་བྱས་ན་མངའ་རིས་སྐད་ཐོག་ནས་གསར་འགྱུར་བཤད་མཁན་དགོས་ངེས་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་བཙུགས་ནས་ད་ལྟའི་བར་དུ་མངའ་རིས་མི་དམངས་ཀྱིས་གོ་ཐུབ་པའི་གསར་འགྱུར་གཅིག་ཀྱང་བཤད་མྱངས་མེད། ཡག་པོ་མ་རེད་བ། མངའ་རིས་བྱང་ཐང་གི་འབྲོག་དམངས་ཀྱི་གོ་རྟོགས་མཐོ་རེར་གཏོང་དགོས་པ་ནི་བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པ་ཞིག་རེད།
དྲ་རྒྱའི་ཐོག་ཏུ་དྲ་གྲོགས་མང་པོས་མངའ་རིས་པའི་སྐད་ཐོག་ནས་གསར་འགྱུར་བཤད་མཁན་དགོས་ཀྱི་འདུག་ཅེས་བསམ་འཆར་བཤད་ནས་ལོ་མང་པོ་ཕྱིན་ཚར་སོང་། ཡིན་ཀྱང་ང་ཕོད་དང་བཀྲས་མཐོང་གཉིས་ཀྱིས་གོ་མདོག་ཙམ་བྱས་མ་སོང་།
མི་མང་ཤོས་ཀྱི་གོ་ཐུབ་པའི་སྐད་གཙོ་བོ་འཛིན་ནས་གསར་འགྱུར་བཤད་དགོས་པ་ཡིན་ན་མངའ་རིས་པའི་སྐད་འདི་བོད་རྒྱལ་ཁབ་ཀྱི་ནང་དུ་མི་མང་པོའི་གོ་ཐུབ་བའི་སྐད་ཞིག་ཡིན། བོད་ཀྱི་སྐད་ཁྱབ་ཆེ་ཤོས་ནང་གི་གཅིག་མངའ་རིས་སྐད་ཡིན། གཞན་་་་་རྒྱལ་ཐང་གི་སྐད་དང་ཧྲེ་ཧོར་ཁམས་པའི་སྐད་སོགས་བོད་ཀྱི་ལུང་སྐད་དེ་དག་གོ་མཁན་མི་ཉུང་ཉུང་མ་གཏོགས་མེད།
ཨ་མདོའི་སྐད། ལྷ་སའི་སྐད། མངའ་རིས་སྐད། སྡེ་དགེའི་སྐད། སྐད་འདི་བཞི་ཁྱབ་ཆེ་ཤོས་རེད། འདི་དག་ནང་ནས་མངའ་རིས་པའི་སྐད་མི་མང་ཤོས་ཀྱི་གོ་ཐུབ་པའི་སྐད་རེད་ལབ་ནའང་མ་འགྲིག་པ་མེད། མངའ་རིས་པའི་ཁ་སྐད་བཀའ་བསྟན་གྱི་ཡིག་སྐད་དང་ཐག་ཉེ་ཤོས་ཡོད། ག་རེ་ཡིན་ཟེར་ནས་མངའ་རིས་པའི་སྐད་ཀྱི་ཐོག་ནས་གསར་འགྱུར་བཤད་མཁན་མི་དགོས་པ་རེད་དམ།
དཔེར་ན། ཕྲུ་གུ་ཅེས་པ་འདི་བོད་ཀྱི་ཡིག་སྐད་དང་སྤྱི་སྐད་ཡིན། ལྷ་ས་བས་པུ་གུ་འབོད། ཨ་མདོ་བས་ཞ་ཞི་འབོད། ཁམས་པའི་ལུང་ཚན་རེས་མི་འདྲ་རེ་རེ་འབོད། བཀའ་བསྟན་གྱི་ཡིག་སྐད་དང་མཐུན་པ་མངའ་རིས་པས་འབོད། ཕྲུ་གུ་ཟེར་ནས་འབོད།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཕྱོགས་ནས་བཤད་ནའང་མངའ་རིས་པའི་སྐད་གལ་ཆེན་ཡིན། བོད་ཀྱི་ལུང་སྐད་ཁག་གི་ནང་ནས་ཡིག་སྐད་དང་མཐུན་ཤོས་ཡིན།
བོད་ནང་ལ་མི་འབོར་མང་ཤོད་མངའ་རིས་་ཡིན་པས་མ་ཁྱབ་པ་རེད་བཙན་བྱོལ་ནང་མི་འབོར་མང་ཤོད་མངའ་རིས་རེད་དབུས་གཙང་སྤྱི་འཐུས་ལ་ལྟས་ན་ཤེས་ཐུབ་མངའ་རིས་སྤྱི་འཐུས་ལབ་ན་མི་ཕྱོགས་པ་མེད་དབུས་གཙང་གི་སྤྱི་འཐུས་དཀོན་པོ་རེད་དེ་ལུང་མཚན་ཕྱོགས་རེས་ལས་བྱུང་བ་ཞིག་རེད་
ཅོ་རིས་ཅོར་གཏམ་དེ་ལ་ངས་རྒྱུ་མཚན་གལ་ཆེན་ཞིག་མཐོང་དེ་ནི་ལུང་ཚན་འདྲ་མིན་གྱི་སྐད་གོ་བརྡ་ཕྲོད་མིན་རག་མ་ལུས་པ་ཆབ་སྲིད་ཀྱི་གོ་བརྡ་ཡང་དག་པ་ཞིག་གིས་ཆེད་གང་ཡིན་བྱ་ན་མ་འཐུས་པ་མ་མངོན་མངའ་རིས་པའི་མིང་ཅན་རྣམས་ལ། གང་ལ་ཟེར་ན་མངའ་རིས་པ་ཟེར་མཁན་གཞིས་སུ་ཡོད་པ་རྣམས་ནི་དངོས་མཐོང་རེད་ཆབ་སྲིད་གོ་རྟོགས་ཁ་གང་མེད་ལ་ཡོད་པ་ནི་ཀྲུང་གོ་རྒྱལ་ཁབ་རེད། བྱེས་སུ་ཡོད་པའི་མངའ་རིས་པ་ནི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་དྲག་ནས་བཙན་བྱོལ་ནང་དུ་ཕུ་དཀྲུག་མདའ་དཀྲུག་ཡོད་ཚད་མངའ་རིས་པ་རེད་ལབ་ན་མ་ཆོག་པ་མེད། ཐ་ན་གསར་འབྱོར་དང་རྙིང་འབྱོར་ཟེར་བའི་མིང་ཚིག་ངན་པ་དེ་ཚོ་རྡ་སར་འཁོད་པའི་སྟོད་སྐྱིད་ཀྱི་ཆབ་སྲིད་པ་ལས་བྱུང་བ་ནི་གསལ་ཐག་ཆོད་རེད། དེར་བརྟེན་དེ་ཚོ་བཟང་ཕྱོགས་སུ་བསྒྱུར་བ་ལ་ང་ཚོས་གང་ཡང་བྱ་ན་འཐུས་སྙམ། ཁྱེད་ཚོས་ཤེས་ཡོད་ངེས་རེད་གསར་དུ་འབྱོར་བ་རྣམས་ཀྱི་ནང་ནས་ཤེས་འབྱོན་གྱིས་ཕྱུགས་པའི་གཞོན་རབས་ཡོད་དོ་ཅོག་ཁམ་དང་ཨ་མདོ་དབུས་དང་ཙང་ནས་ཡོང་བ་ལས་སྟོད་ཟེར་བའི་ཡུལ་དེ་ནས་ཡོང་བ་ཧ་ལམ་དཔེ་མཚོན་ཙམ་མེད་སྟབས་གསར་འབྱོར་ཟེར་བའི་མཐོང་ཆུང་གཏོང་སའི་མི་ཚིག་དེ་སྟོད་པས་བཟོས་པ་རེད།
་་་་་་་་་་་་་་་ མངའ་རིས་པའི་ཁ་སྐད་བཀའ་བསྟན་གྱི་ཡིག་སྐད་དང་ཐག་ཉེ་ཤོས་ཡོད། ་་་་་་་་་་་་་་
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་རགྱ་ནག་གི་ཤིན་ཧ་ནང་བཞིན་རེད།་་དེང་སང་གསར་འགྱུར་གནས་ཚུལ་མང་པོ་མེད་པ་མང་ཆེ་བ་བཀའ་ཆོས་ཀྱང་ཀྱང་རེད།་་ད་ནི་གྱ་ནག་ལ་བཤད་ཡང་ཅང་མེད་གི།་་སོ་སོ་ཡང་དེ་ནང་བཞིན་རེད།་་་་་་ད་དུང་གསར་འགོད་པ་གནས་ཚད་དམའ་བོ་རེད།་་་་་་ཨེ་ཤེ་ཡ་བོད་མི་གྲིགས་ཚུགས་ཀྱི་ལས་ཁུངས་སམ་ཀུ་གེར་གྱི་རླུང་འཕྲིན་ཁང་ཡིནྲ་་ཅང་མི་ཧྲག་གི།
བོད་རང་དབང་རང་བཙན་གྱི་ཆེད་དུ་སྔོན་ནས་ད་ལྟའི་བར་དུ་མདོ་དབུས་ཁམས་གསུམ་གྱིས་ལས་འགུལ་བརྒྱན་མི་ཆད་པ་བྱུང་དང་འབྱུང་བཞིན་པ་འདི་རེད། འོན་ཀྱང་སྟོད་མངའ་རིས་ཕྱོག་ནས་བོད་དོན་སྐོར་ལས་འགུལ་སྣ་གཅིག་སྤེལ་བ་གོ་མྱོང་མེད། ད་བྱེད་དུས་ཨེ་རླུང་ཚང་གི་ནང་སྟོད་སྐད་མེད་ནས་གསར་འགྱུར་མ་གོ་བ་ཡིན་ས་རེད།
སྟོད་མངའ་རིས་པ་ལ་མངའ་སྡེའི་ཐོབ་སྟངས་མེད་དུསས་འགུལ་མ་སྤེལ་བ་ཡིན་གྱི་རེད། མ་གཞི་མངའ་གཙང་གཉིས་ཟླ་བསྒྲིལ་བྱེད་དུས་དབུས་གཙང་གཉིས་ཀྱིས་གང་བྱས་པ་དེ་མངའ་རིས་པས་བྱས་པ་དང་གཅིག་པ་རེད། ལོགས་སུ་མངའ་རིས་པའི་མིང་ཐོག་ནས་ལས་འགུལ་སོགས་སྤེལ་ན་ཡང་བསྟན་བཤིག་ནང་དཀྲུགས་རྒྱ་ཁྱི་ཟེར་ནས་མི་སྒྲོགས་པའི་ངེས་པ་མེད།
པཎ་ཆེན་བཅུ་པ་ཆེན་པོ་ཨ་མདོ་འཁྲུངས་པ་ལྟར། པཎ་ཆེན་བཅུ་གཅིག་པ་ཆེན་པོ་བསྟན་འཛིན་དགེ་འདུན་ཡང་སྟོད་མངའ་རིས་སུ་འཁྲུངས་དགོས་དོན་ཅིག་ཡོད་པ་ལ་ཡང་བསམ་དགོས་པ་མང་།