ཡོང་ཁུངས། བོད་ཀྱི་དུས་བབ།
བདེན་དཔང་ཁུངས་ལྡན་མེད་ན་སྐྱབས་བཅོལ་གཏན་ནས་མི་སྤྲོད།
ཉེ་ལམ་རྒྱ་གར་སུད་སིའི་གཞུང་ཚབ་ཀྱིས་ལྡི་ལི་དོན་གཅོད་ཁང་ལ་སུད་སིའི་ནང་ཡོང་མཁན་བོད་མི་ཚོར་བོད་ནས་ཡོང་བའི་ཡིག་ཆ་ཁུངས་ལྡན་མེད་ན་སྐྱབས་བཅོལ་སྤྲོད་ཐབས་མེད་སྐོར་པའི་བརྡ་ལན་བཏང་ཡོད་འདུག
ཉེ་ལམ་ལྡི་ལི་དོན་གཅོད་ཁང་གིས་ས་གནས་གཞིས་མགོ་ཁག་བརྒྱུད་སློབ་གྲྭ་ཁག་དང་ཚོགས་སྡེ་ཁག་ལ་གསལ་བསྒྲགས་ཤིག་བཏང་ཡོད་པའི་ནང་། “བོད་མི་ཚོས་སུད་སི་ལུང་པའི་ནང་བོད་ནས་གསར་འབྱོར་བ་ཡིན་ལུགས་ཀྱིས་སྐྱབས་བཅོལ་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དངོས་འབྲེལ་བོད་ནས་གསར་དུ་འབྱོར་བ་ཡིན་མིན་གྱི་གནས་ཚུལ་གསལ་ཁ་དང་ཡིག་ཆ་ཁུངས་ལྡན་མེད་པའང་མང་དག་ཅིག་ཡོང་མུས་ལ་སོང་། སླད་ཕྱིན་བོད་ནས་གསར་དུ་འབྱོར་བ་ཡིན་པའི་ཡིག་ཆ་ཁུངས་འཁྱོལ་ར་འཕྲོད་འཕེར་ངེས་ཀྱི་དཔང་ཡིག་འཐད་ལྡན་མིག་སྟོན་བྱ་རྒྱུ་མེད་ན། སྐྱབས་བཅོལ་དགོངས་པ་བཞེས་ཐབས་གཏན་ནས་མེད།” ཞེས་རྒྱ་གར་སུད་སིའི་གཞུང་ཚབ་ལས་ཁུངས་ནས་ལམ་སྟོན་གནང་འདུག་སྟབས། འབྲེལ་ཡོད་སོ་སོས་ས་གནས་མི་མང་ལ་གསལ་བསྒྲགས་གནང་དགོས་སྐོར་འཁོད་ཡོད་འདུག
དེ་རིང་འདི་གའི་གསར་ཁང་གིས་ཁ་པར་བརྒྱུད་ལྡི་ལི་དོན་གཅོད་ལས་ཁུངས་ལ་བཅར་འདྲི་ཞུས་པར། ཉེ་ལམ་རྒྱ་གར་ནང་དུ་ཡོད་པའི་སུད་སིའི་གཞུང་ཚབ་པ་དང་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་རྣམ་གཉིས་ཐུག་འཕྲད་བྱུང་སྐབས། སུད་སིའི་གཞུང་ཚབ་པས་གོང་གི་གནས་ཚུལ་དེ་དག་ནན་ཏན་སྒོས་གསུངས་འདུག རྒྱ་གར་ནང་གི་བོད་མི་ཚོར་ཕར་སྐྱབས་བཅོལ་རག་གི་མེད་པ་ཨམ་ཆོག་གིས་གོ་བཞིན་དུ། ཕར་བསླེབས་ཚར་ན་ལམ་ཁ་ཞིག་འགྲིག་འགྲོ་བ་རེད་སྙམ་ནས་དངུལ་ཕོན་ཆེན་པོ་སྤྲད་དེ་ཕར་འགྲོ་མཁན་དེ་འདྲ་མང་པོ་ཞིག་ཡོང་གི་ཡོད་ས་རེད། དེར་བརྟེན། བོད་མི་ཚོར་དཀའ་ངལ་མི་འབྱུང་ཆེད་ས་གནས་ཁག་ལ་གསལ་བསྒྲགས་དེ་བཏང་བ་རེད། ཅེས་ངོ་སྤྲོད་གནང་སོང་།
ཡང་ཁོང་ལ་སྔོན་ཆད་བོད་ནས་ཡིན་མིན་གང་ལྟར་ཡང་། རྒྱ་གར་ནང་བསླེབས་ཚར་མཁན་ཞིག་ཡིན་ན། སྐྱབས་བཅོལ་གཉིས་པ་སྤྲོད་ཀྱི་མེད་པའི་གནས་ཚུལ་ཞིག་ཡོད་ཀྱང་། ད་རེབ་སུད་སིའི་གཞུང་གིས་རྒྱ་གར་ནང་གི་བོད་པའི་འབྲེལ་ཡོད་མི་སྣར་བརྡ་ལན་བཏང་བ་དང་། བོད་ནས་ཡོང་བའི་ཡིག་ཆ་ཁུངས་འཕེར་དགོས་སྐོར་བརྗོད་ཡོད་པ་སོགས་ཀྱི་ཐད་དོགས་འདྲི་ཞུས་པར། ཁོང་གིས། དེ་སྔོན་རྒྱ་གར་ནང་ནས་ཡོང་མཁན་མང་པོ་ཞིག་གིས་བོད་ནས་ཡོང་བ་ཡིན་སྐོར་བརྗོད་དེ་སྐྱབས་བཅོལ་ཞུ་བཞིན་ཡོད་ས་རེད། དེ་ཚོར་ཞིབ་འཇུག་བྱས་ཏེ་བོད་ནས་ཡོང་བ་མིན་པ་ཧ་གོ་ནས་སྐྱབས་བཅོལ་རག་གི་མེད་པའི་གནས་ཚུལ་འདུག རྒྱ་གར་ནས་ཡོང་བ་ཡིན་ནའང་གཙོ་བོ་བོད་ནས་ཡིན་པའི་ཡིག་ཆ་ཁུངས་འཕེར་ཡོད་དགོས་ཀྱི་ཡོད་ས་རེད། ཅེས་བརྗོད་བྱུང་།
རྒྱ་མིའི་བོད་བ་བསད་།
སུད་སི་གི་བོད་པ་རྩིར་།
ཨ་རི་བོད་རྒྱ་ནག་བཙོང་།
དབུས་བོད་མིའི་སྒྲིག་འཛུགས་གྱང་བལྟ་བྱས་།
བོད་ནང་མེར་བསྲེགས་དར་།
བཙན་བྱོལ་ནང་མགོ་གཉིས་མང་།
ང་ཚོ་བོད་མི་ཚང་ངོ་ཚ་།
དེང་སང་ཡུ་རོབ་རྒྱལ་ཁབ་ཕན་མོ་ཆེ་ནང་སྐྱབས་བཅོལ་ཞུ་མཁན་མང་དུ་སོང་ཁར། དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དང་ཕྱི་མི་ནས་ཡུལ་ཁྲིམས་མ་སྲུང་ནས་ཁྲིམས་འགལ་རིགས་བྱུང་བཞིན་ཡོད་སྟབས་ཡུལ་མིས་རང་ཉིད་བདེ་འཇགས་ཉེན་སྐྱོབས་ཆེད་ཕྱི་མིར་སྡང་སེམས་བཅངས་ཤིང་འདུག བོད་རིགས་སྐྱབས་བཅོལ་ཞུ་མཁན་བརྒྱ་ཆ་ ༨༠ ལྷག་རྒྱ་གར་དང་བལ་ཡུལ་ནང་སྡོད་མཁན་ཡིན་ནའང་། བོད་ནས་ཡོང་ཁུལ་གྱི་གྲུང་བཤད་དེ་སྐྱབས་བཅོལ་ཞུ་ནའང་བོད་ནས་ཐད་ཀར་ཡུ་རོབ་ནང་ཡོང་ཐུབ་ཀྱི་མེད་པ་འབྲེལ་ཡོད་གཞུང་ནས་ཤེས་ཀྱི་ཡོད། གང་ལྟར་སྐྱབས་བཅོལ་ངོས་ལེན་མ་ཐོབ་ཚེ་གཞུང་ནས་སྐྱོབས་གསོ་རོགས་རམ་སོགས་གང་ཡང་ཐོབ་རྒྱུ་མེད་སྟབས་འཚོ་བ་བསྐྱེལ་རྒྱུ་སྐུ་ངལ་ཆེན་པོ་ཡོད། སུད་སིར་ཆ་བཞག་ན་སྔ་ལོ་ཟླ་བ་ ༢ ནང་ཕྱི་མིར་དམ་དྲག་ཤུགས་ཆེ་རུ་བཏང་རྒྱུའི་འོས་འཕེན་བརྒྱ་ཆ་མང་བ་ཐོབ་ཡོད་པས་བོད་མི་ཙམ་མ་ཡིན་པར་སྐྱབས་བཅོལ་ཞུ་མཁན་ཚང་མར་ཞིབ་འཇུག་ནན་པོ་བྱ་བཞིན་ལགས་ན་དགོངས་པ་ཟབ་མོ་བཞེས་ན་ལེགས་སོ།
ད་སྐྱབས་བཅོལ་དུ་མ་འགྲོ །
ད་དམག་ཆེན་གསུམ་པ་མ་ལངས་བར་དུ་། །
ད་གར་ཡང་སྐྱབས་བཅོལ་ལ་མ་འགྲོ་བར། །
ད་ཕྱི་རྒྱལ་ལ་སློབ་སྦྱོངས་བྱེད་ཀར་རྒྱུགས། །
ད་ཕྱི་རྒྱལ་ལ་ལས་ཀ་བྱེད་དུ་རྒྱུགས། །
ད་སྐྱབས་བཅོལ་དུ་མ་འགྲོ །
བོད་རང་བཙན་དགོས་ན་བོད་རང་ནས་བསྒྲུབ་དགོས། །
བོད་དབུ་ལམ་རྩོད་ན་ཡང་བོད་རང་ནས་རྩོད་དགོས། །
བོད་ཆོས་དད་དགོས་ན་ཡང་བོད་རང་ནས་དད་དགོས། །
བོད་རང་སྐད་དགོས་ན་ཡང་བོད་རང་རྒྱག་དགོས། །
ད་སྐྱབས་བཅོལ་དུ་མ་འགྲོ །
ད་རྒྱ་གར་བལ་འབྲུག་གི་བོད་མི་ཚོ་ཡང་། །
ད་སྐྱབས་བཅོལ་གཉིས་པ་ཞིག་མ་འཚོལ།
ད་རང་ས་ནས་རང་ཁ་རང་གསོ་གྱིས། །
ད་གཞན་ས་ཡིན་ཡང་རང་གི་རྐང་པར་ལོངས། །
ད་སྐྱབས་བཅོལ་དུ་མ་འགྲོ །
འཇིགས་བྲལ་ལགས་བདེན་ངོ་།
སུད་སིར་ཡོད་པའི་བོད་པ་རྙིང་པ་དེ་ཚོའི་འདི་ཚོབོད་ནས་ཡོང་བ་མ་རེད་།
རྒྱ་གར་ནས་ཡོང་བ་རེད་ཟེར་བའི་སྐད་ཆ་ཁྱ ྱམ་པོ་ཞི་གོ་རྒྱུ་འདུག་ན་བདེན་
རྫུན་གང་ཡིན་ཁྱེད་ཀྱི་གསལ་བཤད་གནང་དང་།