ཆང་སྐྱེས།
སྐྱིད་དུས་དགའ་བའི་ང་རོ་བསྒྲགས་མྱོང་ལ
སྡུག་དུས་མཆི་མའི་རྒྱུན་ཐག་ཀྱང་གཏོར་མྱོང་བའི་ངས
མཛེས་མ་དང་འཛུམ་མདངས་ཀྱི་བསླུ་བྲིད་འོག་ནས
རང་ཉིད་རང་གིས་བསླུས་པ་ཐེངས་གཅིག་མིན
རྒྱལ་དུས་ཕོ་གསར་ཞིག་གི་རྫིག་ཉམས་བསྟན་མྱོང་ལ
ཕམ་དུས་སྟག་ཤར་ཞིག་གི་རང་ཚུགས་ཀྱང་ཤོར་མྱོང་བའི་ངས
འབྱོར་བ་དང་བརྩེ་དུང་གི་ཁ་དོག་བར་ནས
རང་ངོ་རང་གིས་མ་ཤེས་པ་གྲངས་ལས་འདས
རང་ཚོད་རང་གི་མ་ཟིན་།
སྐྱེས་ཚོད་ཤིང་གི་མ་ཐུབ་།
ཟེར་ཡང་ཟེར་ལ་བདེན་ཡང་།
ཆགས་པའི་རྟ་ལ་ཞོན་དྲག་ན་།
མི་སྐྱེལ་ས་ལ་སྐྱེལ་སྲིད་ལ་།
མི་སླེབས་ས་ལ་སླེབས་སྲིད་ལ་།
མི་མཐོང་དགུ་མཐོང་མཐོང་སྲིད་ལ་།
མཛེས་མའི་རུམ་ལ་འཛུལ་དྲག་ན་།
མི་ན་དགུ་ན་ན་སྲིད་་ལ་།
མི་འགོས་དགུ་འགོས་འགོས་སྲིད་ལ་།
དངུལ་ཁུག་སྟོོང་པ་བཟོ་སྲིིད་ལ་།
དེ་ལུགས་རང་ཚོད་ཟིན་ན་དགའ་།
དེ་ལུགས་བསམ་བློ་བཏང་ན་དགའ་།
དེ་ལུགས་འགྱོད་པ་སྐྱེས་ན་དགའ་།
དེ་ལུགས་དྲན་ཤེས་བསྟེན་ན་དགའ་།
ཧཧཧ་སྐུ་རྩེད་ཞུས་ཡིན་།