རྡོ་རྗེ་རིན་ཆེན།
……ན་གཞོན་རྩོམ་པ་པོ་དང་། རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན“སྤྲོ་ཚིགས་ཆོས་གྲགས”ལགས་རྐྱེན་འདས་སུ་སོང་བར་མྱ་ངན་ཞུ།
འཇིག་རྟེན་གྱི་གས་སྒྲ་ཆེན་མོ་བཞིན།
བློ་ཡུལ་དུ་མི་ཤོང་བའི་ངང་།
རྨི་ལམ་དང་ཕུགས་བསམ་ཡོད་པའི་མི་བུ་ཞིག
གཏན་དུ་ང་ཚོ་དང་ཁ་བྲལ་བར་གྱུར།
ཡ་ང་བའི་གཏམ་ངན་དེས།
ང་ཚོའི་འཇིག་རྟེན་དུ།
སྐྱོ་སྡུག་གི་མུན་ནག་དཀྱིལ་ཞིང་།
ཕངས་སེམས་ཀྱི་འཁྱགས་རླུང་འཚུབས་པར་བྱས།
འདི་ལྟར་ཚེ་སྲོག་གི་བརྩམས་སྒྲུང་ཞིག
སྐྱོ་གར་ངང་མཇུག་བསྡུས་རྗེས།
ང་ཚོའི་བྲང་ཁོག་ཧྲིལ་བོ་སྟོང་བར་ལྷག་ཅིང་།
ང་ཚོའི་ཡ་ཆུང་མ་ལུས་སྨུག་པས་རུབ།
ན་གཞོན་སྐྱ་བོ་རྩོམ་པ་པོ་ཅིག་གིས། དགེ་སློང་ཅིག་བསད། དགེ་སློང་གིས་རང་མི་བོད་པ་ཅིག བསད་པ་ཡིན་པ།་ཡིན་ན། བོད་པས་ཞབས་འདྲེན་ཞུས་པ་རེད་གདའ། ད་གཟབ་གཟབ་གྱིས་བོད་གཞོན་ཚོ།། །།
མའོས་བོད་རིགས་ས་ཡ་གཅིག་དང་གྲངས་ཆུང་གཉིས་དམར་གསོད་དང་། སྡུག་ཤི་ཐེབས་བཅུགས་པ་དང་། རྒྱ་རིགས་ས་ཡ་བདུན་ཅུ་ལྷག་རྐྱེན་ལམ་དུ་བཏང་ཚར་བ་རེད། ད་བོད་པའི་མི་རིགས་སྤྲང་པོ་སྤྲང་རྐྱང་ཅིག་ཡིན་ན་ཡང་། ཁོང་གི་སྲོག་དེ་བོད་རྒྱལ་ཁབ་དང་། མི་རིགས། ཛམ་གླིང་ཞི་བདེར་ཕན་ཐོགས་ཡོད་པས། ཀུན་གྱིས་སྔར་ལྷག་འཕྲོད་བསྟེན་དང་། དམ་ཚིག་མཐུན་པོ་དེ་ནི། དམིགས་ཡུལ་ལས་གལ་ཆེ་བ་ཅིག་རེད་དོ།། །།
ད་ཁ་བརྡ་ནས་དགོངས་པ་ཞུ་ན་ཡག་ས་རེད་འདུག་སྙམ་ཡང་། །
རྩོམ་པ་རྣམ་གཉིས་སྟབས་མ་ལེགས་པར་སྲོག་ཤོར་པར་སེམས་ཕབ་ཆེ། དེ་ལ་སུ་ཡག་དང་སུ་སྡུག་སྐད་ཆ་དེ་ཚོ་ཕྱོགས་ཞེན་དང་དཀྲུགས་ཤིང་རང་རེད། དེ་ལྟ་བུའི་སོ་སོའིཚེ་སྲོག་བཏང་དགོས་པས་གནས་དོན་ཁོང་རྣམ་གཉིས་མ་གཏོགས། ང་ཚོས་ཁ་ཚོན་བཅོད་མི་ཐུབ། གཅིག་ལ་མྱང་ངན་ཞུ་བ་དང་གཅིག་ལ་ལག་དམར་རྩི་མི་རུང་། སྲོག་བློས་གཏོང་དགོས་པའི་སྡུག་བསྔལ་ལྕི་མོ་ཞིག་ཁོང་གཉིས་ལ་སླེབས་ཡོད་པ་ཤེས་གསལ་རེད། དྲ་ལམ་ཁག་ནང་དཀྲུགས་ཤིང་གིས་རྗེས་དྲན་རིགས་ཞུ་མི་རུང་།
རྨི་ལམ་ནང་དུའང་ཤོང་དཀའ་བའི་དོན་རྐྱེན་ངན་པ་ཞིག་བྱུང་འདུག རྡ་སའི་ཁོར་ཡུག་ནང་ཤེས་ཡོན་པའི་དཔུང་སྡེར་ཚུད་པའི་མི་བུ་ཟུང་(སྤྲོ་ཚིགས་ཆོས་གྲགས་དང་། རྔ་བ་ཆོས་གྲགས།)གིས་ཕན་ཚུན་སེམས་གཏིང་དུ་ཡུན་རིང་ཉར་བའི་འཁོན་སེམས་དང་ཞེ་སྡང་གི་འགོང་བུས་ཕན་ཚུན་སྲོག་གཅོད་ཀྱི་ལས་ལ་སྦྱར་འདུག དོན་རྐྱེན་ངོ་མ་གང་ཡིན་ཟེར་ན། “རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ།” ཟེར་བའི་དཔེར་གྱུར་བ་འདྲ། །
ཀརྡོར་ཟེར་བའི་ལས་མེད་འདིས་ཅིག་ཉོབ་བཅུག་གི་འདུག རྩ་མ་ཚང་བའི་མཆན་ཉོབ་མང་པོ་དེ་འདྲ་མ་སྤེལ་རོགས་ཞུ། ཁྱེད་ཀྱིས་ཡིན་ཅིག་མ་བྲིས་ཐབས་མེད་ཡིན་ན། ཐེངས་གཅིག་གི་ནང་དུ་ཆུད་པར་གྱིས། ད་དུང་གཞན་གྱི་རྩོམ་དང་མཆན་དག་འདྲ་བཤུས་ཀྱིས་སྐྱར་འགོད་དགོས་དོན་མི་འདུག། དགོངས་པ་མ་བཞེས་རོགས།
# 6 བོད་ཕྲུག་ཁོ་རེ།
ངའི་སྒང་དྲ་བདག་ཡོད་རེད། ཁྱོད་ཁར་འཁོགས་བཙུམ། ངའི་རང་དབང་མ་འཕྲོག ཁྱོད་ཀྱི་རང་དབང་འཕྲོག་མཁན་ང་མ་རེད། རྒྱ་མི་རེད། ཧ་གོ་ཡོད་པེ། ཨ།། །།
ཡིད་སྐྱོ་བའི་གནས་ཚུལ་འདིར་བློ་ཕམ་ཆེ་ཡིན་ཡང་ད་བར་གནས་ཚུལ་གསལ་ཁ་ཅི་ཡང་མི་འདུག་གང་ལགས་ཞེ་ན་ཁོང་གཉིས་འཁྲུག་འཛིང་ཤོར་སའི་ཉེ་འཁོར་དུ་མཚོན་ཆའི་རིགས་ཅི་ཡང་མི་འདུག་ཟེར་བཞིན་འདུག་དེ་བདེན་པ་ཡིན་ན་གྲི་དེ་ག་པར་ཕྱིན་པ་རེད་དེ་ལ་གསལ་བཤད་ཅི་ཡང་གནང་མཁན་མི་འདུག་འདས་པོའི་ཕུང་པོའི་དཔར་ནང་དུ་ཡང་གྲི་མཐོང་རྒྱུ་མི་འདུག་ག་དེ་ལ་ཤེས་མཁན་ཡོད་ན་གསལ་བཤད་གནང་ན་ཡག་པོ་འདུག་མི་མང་པོ་ཞིག་དེ་བསྐོར་ལ་དོགས་འདྲི་མང་པོ་བྱེད་ཀྱི་འདུག་
༄༅། རེ་འབོད།
དང་པོ་གསར་འགྱུར་གྱི་བརྒྱུད་ལམ་ལས་བྱུང་བ་ལ་ཅུང་ཟད་ཡིད་ཆེས་སྐྱེས། ད་ནི་དོགས་པ་ཇེ་མང་རེད། མི་བུ་རེ་བ་ཅན་གཉིས་ཀྱིས་གསོད་རེས་བྱས་པའི་གནས་ཚུལ་འདི་བདེན་པ་མིན་པར་ཤོག ཁོང་གཉིས་ཀྱིས་གསོད་རེས་བྱས་པའི་གཏམ་འཆལ་དེས་ཁོང་གཉིས་མཁས་པའི་རིན་ཐང་བརླག་འགྲོ། །གསོན་པོ་འདུག་བདེ་བ་དང་། གཤིན་པོ་བླ་བདེ་བ་ཡོང་བའི་ཐབས་ལ་བརྩོན། དཔའ་བོའི་རྫོང་ཞེས་གྲགས་པའི་ཨ་མདོ་རྔ་བ་ཚོ། ལ་རྒྱ་འཆོར་མི་ཉན། ཕན་ཚུན་དོགས་པ་མ་ཟ། བློ་ཐག་ཆོད་པ་ཀྱིས། ཐལ་རྙིང་མ་རྔོགས། ནང་ཁུལ་དུ་མཐུན་ཐབས་ཀྱིས། དཔའ་བོ་རྣམས་ཀྱིས་ཕྱག་རྗེས་རྐང་བསུབ་མ་གཏོང་། བསམ་ཤེས་ཚོས་སློབ་གསོ་ཐོངས། དཔའ་བོའི་རྫོང་གིས་ནང་ཁུལ་གསོད་རེས་མི་བྱེད་པའི་དམ་བཅའ་ཀྱིས། དེ་བཞིན་ལག་དམར་བོད་ནང་ཁུལ་དུ་བཙལ་རྒྱུ་མེད། །ལས་རྒྱུ་འབྲས་ལ་བསམ་བློ་ཐོངས། ཤུལ་ལུས་རྣམས་ཀྱིས་སེམས་གུ་ཡངས་པོ་ཀྱིས། སྡུག་བསྔལ་སྡེ་སྟེང་དུ་བཀྲམ་དགོས། གཤིན་པོར་མཁོ་བ་ཆོས་རེད། དེ་ཅི་ཐུབ་བྱེད་དགོས།
ལྟས་ངན་ཐམས་ཅད་དགྲ་བོའི་སྟེང་དུ་སྒྱུར། །གནོད་པ་ཐམས་ཅད་བགེགས་ཀྱི་སྟེང་དུ་བཟློག །
ལོ་ཟད་ཟླ་ཟད་ཉི་ཤུ་དགུ་ཡི་ཉིན། །བསམ་ངན་སྦྱོར་རྩུབས་སྟོང་པའི་དབྱིངས་སུ་བཟློག །
རེ་བ་ཅན་གྱི་བོད་མིས་མཐུན་སྒྲིལ་གྱིས། །དཔའ་བོའི་ཞིང་ཁམས་རྔ་བས་མཐུན་སྒྲིལ་གྱིས། །
ཆོས་གྲགས་གཉིས་ཀྱི་ནང་མིས་མཐུན་སྒྲིལ་གྱིས། །ཀིརྟི་དགོན་དང་སྒོ་མང་མཐུན་སྒྲིལ་གྱིས། །ལྷ་རྒྱལ་ལོ། །