རྗེ་མི་ལའི་རྣམ་ཐར་དང་མགུར་གླུ་དེ་རང་རྩོམ་མམ་རང་རྣམ་ཞིག་གི་རྣམ་པར་འཛིན་གྱི་འདུག་ལ། བོད་པ་མང་པོ་ཞིག་གིས་དེ་དག་མི་ལའི་གསུངས་ལ་བརྩིས་ནས། ལུངས་དྲངས་ཀྱི་འདུག ཡིན་ནའི་དོན་དངོས་སུ་དེབ་དེ་མི་ལ་གཤེགས་ནས་ལོ་ཉིས་བརྒྱའི་རྗེས་ལ་བྲིས་པ་ཞིག་ཡིན་པ་ལས། རྗེ་མི་ལའི་གསུངས་མིན་པ་ཐག་གི་ཆོད། དེབ་འདིའི་རྩོམ་པ་པོ་དངོས་ནི་རུས་པའི་རྒྱན་ནམ་གཙང་སྨྱོན་མ་ཡིན་ནམ།
ཁ་སྔོན་ཕྱི་རྒྱལ་བའི་མཁས་དབང་ཞིག་ལ་རྗེ་མི་ལའི་རྣམ་ཐར་རྙིང་པ་ཞིག་བརྙེད་པའི་སྐོར་དང་། རྣམ་ཐར་དེའི་ནང་རྗེ་མི་ལའི་ཕ་དེ་མི་ལ་ལོ་ན་མཐོན་པོར་མ་སླེབས་བར་འཚོ་ཞུགས་ཡོད་པའི་སྐོར་བྲིས་པ་མ་ཟད། རྣམ་ཐར་དེ་ཚོའི་ནང་མགུར་དེ་འདྲ་མེད་ཚོད། མཁས་དབང་ཚོས་རྣམ་ཐར་འདི་གང་ལ་ཟེར་གྱི་ཡོད་མེད་དང་། སུས་བྲིས་མེད་མཁྱེན་གྱི་ཡོད་པས།
ཁ་ཤས་ཀྱི་ཟེར་ན་རྒྱལ་བ་ཀརྨ་པས་རྣམ་ཐར་”མཛོད་ནང་མ་”ཟེར་བ་ཞིག་བྲིས་ཡོད་ཟེར། ཡིན་ནའི་དེ་གསང་དབང་དམ་པོ་བྱེད་ཀྱི་ཡོད་ཚོད། རྒྱུ་མཚན་ནི་རྣམ་ཐར་དེ་དང་ཡོངས་ཁྱབ་ཀྱི་མི་ནའི་མགུར་དང་རྣམ་ཐར་དེ་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཡོད་ཟེར།
དེ་བདེན་པ་རེད་པས།
དེ་བདེན་པ་རེད། ས་སྐྱའི་མཁས་པ་ཆེན་པོ་སྡེ་གཞུང་ལུང་རིགས་ཉི་མ་མཆོག་ལོ་རབས་ལྔ་བཅུ་བའི་ནང་སྟོད་ཕྱོགས་སུ་གནས་སྐོར་ལ་ཕེབས་དུས་མི་ལའི་རྣམ་ཐར་”མཛོད་ནག་མར་”གྲགས་པ་ཞིག་མཇལ་བ་དང་། དེའི་ནང་དུ་མི་ལ་རས་པ་ལྷ་སར་ཕེབས་པའི་སྐོར་ཡང་ཡོད་ཚུལ་ཁོང་གི་རྣམ་ཐར་དུ་གསལ། མི་ལའི་རྣམ་ཐར་ཡོངས་རྫོགས་ད་ལྟའི་ཡོངས་གྲགས་དེ་རང་ལ་ཆ་འཇོག་བྱས་ན་མི་འཐུས་པ་མང་པོ་ཞིག་ཡོད་ས་རེད། དེ་ལོས་ཡིན། གཙང་སྨྱོན་དང་ཁོང་གཉིས་ཀྱི་བར་དུ་ལོ་སྙེད་ཅིག་ཤོར་ཡོད་པས། མི་རབས་ཁ་ཤས་ཀྱི་རྗེས་སུ་བྲིས་པའི་མི་ཚེའི་ལོ་རྒྱུས་ཤིག་ལ་ཆད་ལྷག་ཏན་ཏན་ཡོད་སྲིད། བོ་དོང་པཎ་ཆེན་གྱི་རྣམ་ཐར་ཁོང་གི་དངོས་སློབ་འཇིགས་མེད་འབངས་ཀྱིས་བརྩམས་པ་ལྟ་བུར་ཡང་ཁོང་དང་གཡག་མི་ཕམ་ཆོས་རྗེ་དང་མཁས་གྲུབ་རྗེའི་བར་གྱི་རྩོད་པའི་སྐབས་སུ་རྒྱལ་སུ་ཕམ་གྱི་ཕྱོགས་སུ་དོགས་སློང་མི་འདྲ་བ་ཡོང་གི་ཡོད་པ་མིན་ནམ།
མི་ལའི་མགུར་འབུམ་གཙང་སྨྱོན་གྱིས་བསྡུས་སྒྲིག་གནང་བ་ལས་གཙང་རུས་པའི་རྒྱན་ཅན་ཁོང་ཉིད་ནས་རྩོམ་པ་ཞིག་མ་རེད། ངས་རྣམ་ཐར་མཛོད་ནག་མ་ཡང་བལྟ་མྱོང་བས་ཕལ་ཆེར་གཅིག་པར་འདུག ད་དུང་ན་ནིང་གུས་པ་ཅག་གི་ལག་ཏུ་མི་ལ་རས་པའི་དངོས་སློབ་བུ་ཆེན་བཅུ་གསུམ་གྱིས་བསྒྲིགས་པའི་མི་ལའི་མགུར་འབུམ་ཧ་ཅང་ཡིག་རྙིང་ཞིག་རག་སོང་ནང་དོན་ཕལ་ཆེར་གཅིག་པ་རུ་འདུག་རིང་མིན་དཔར་བསྐྲུན་ཚར་བ་ཡོད། དོགས་པ་བྱེད་རྒྱུ་མང་དྲག་ན་ཀླུ་སྨྱོན་ནང་བཞིན་གཏད་སོ་འཛིན་མཚམས་གང་ཡང་མེད་པ་ཞིག་ཆགས་ཉེན་ཡོད་པས་ཐུགས་སུ་ཞོགས
གཙང་སྨྱོན་གྱིས་ངག་རྒྱུན་དང་གཞན་རྩོམ་བསྡུ་སྒྲིག་བྱས་པ་ཞིག་ཡིན་པ་ནི་བཀྲ་ཤིས་ཚེ་རིང་མའི་ལེ་ཚན་རང་གིས་ཐག་ཆོད་པར་འདུག
མི་ལའི་རྣམ་ཐར་ནང་དྭོགས་པ་སྐྱེས་དགོས་པ་ཁ་ཤས་འདུག
དང་པོ། མི་ལ་ཡི་གེ་འབྲི་སྦྱོང་བྱས་པའི་སྐོར་ཅི་ཡང་མིན་འདུག བྱས་ན། ཡི་གེ་མ་ཤེས་མཁན་གྱི་མི་ཞིག་གིས་གསང་ྔགས་ཀྱི་ཆོས་ཟབ་མོ་དེ་འདྲ་འབྲི་ཐུབ་བམ། གལ་ཏེ་ཐུབ་ཟེར་ན་འབད་པ་མ་བྱས་པར་འབྲས་བུ་བྱུང་བ་དེ་ཁས་ལེན་དགོས། དེ་དེང་སང་གི་སྤྱི་ཚོགས་ནང་འགྲུབ་རྒྱུ་ཁག་པོ་རེད།
གཉིས་པ། མི་ལས་མཐུ་བཏང་ནས་མི་དང་སེམས་ཅན་མང་པོ་བསད་ཟེར། དེ་ཚན་རིག་གི་ཐོག་ནས་བསྒྲུབས་ས་མེད། གལ་ཏེ་མཐུ་འདི་འདྲ་ཡོང་གི་ཡོད་པ་སུས་པང་པོ་བྱེད་ཐུབ་བམ། མཐུ་དེ་དང་པོ་རྒྱུ་གང་གི་སྒྲུབ། བར་ལ་ལས་དང་ྩོལ་བ་གང་གིས་རྐྱེན་བྱས། མཐའ་མ་ཇི་ལྟར་ཕང་པ་སྒྲུབ་དགོས། དེ་མེད།
གསུམ་པ། མགུར་གྱི་སྐོར་ལ་རེད། ད་ལྟ་ཁ་པར་དང་། རྒྱང་བསྒྲགས། ྙན་འཁོར། ཊེབ་ཐག་འཁོར་ལོ་བེད་སྤྱད་ཀྱང་ད་དུང་ཡིག་ཐོག་ལ་འབེབ་སྐབས་མང་པོ་ཞིག་ཆད་འགྲོ་གི་ཡོད། ད་ྔོན་མ་དེ་ལྟར་མེད་པར། མི་ལས་མགུར་ལེན་པ་དེ་དག འོག་ལ་ཁྱི་རྭ་བ་སོགས་ཀྱི་ཇི་ལྟར་གོ་ཐུབ། སྒྲ་གོ་ནའི་དོན་གོ་ཨེ་ཐུབ། གལ་ཏེ་དོན་གོ་ཀྱི་ཡོད་ན། ཁྱི་རྭ་བ་དེ་ྔོན་མ་ཆོས་ཞུས་མྱོང་དགོས། དེ་མེད་ན་ཆོས་ཀྱི་གོ་དོན་ཟབ་མི་འདི་འདྲ་ག་ལ་གོ་ཐུབ། ད་ལོ་ན་དེ་དག་སུས་ཡིག་ཐོག་ལ་བཀོད་པ་རས།
བཞི་པ། མི་ལ་ཡུལ་ལ་འགྲོ་དུས་གནམ་ལ་འཕུར་ཟེར། ཚན་རིག་གི་རྟག་དཔྱད་ལོ་རྒྱ་ཕྲག་བྱས་པའི་མཐར་མི་རྣམ་ལ་འཕུར་མི་ཐུབ་པའི་རྒྱུ་མཚན་དང་དཔང་པོ་བརྒྱ་ཕྲག་བཀོད་འདུག ད་བར་གནམ་ལ་མི་འཕུར་བའི་སྐོར་ལ་རྟོགས་ྩོམ་ནང་ལ་མ་གཏོགས་དོན་དངོས་ལ་སུ་གཅིག་གི་འཕུར་ཐུབ་ཀྱི་མེད་ལ་མི་གནམ་ལ་འཕུར་བ་སུས་ཀྱང་མཐོང་བའི་དཔང་པོ་མིན་འདུག
ལྔ་པ། མི་ལའི་མགུར་ྩོམ་པ་པོ་རུས་པའི་རྒྱན་ལ་སྨྱོན་པའི་མིང་ཞིག་ཡོད། དེས་ཁོ་པ་ཅུང་མི་ཚང་བའི་བཟོ་སྟོན་ཡོད། དེར་རྟེན་ད་སྨྱོན་པ་ཞིག་གིས་བྲིས་པའི་ྩོམ་དེ་ཁྱེར་ཡོང་ནས་ང་ཚོར་དེ་བདེན་པར་སྒྲུབ་པར་ཡོང་ན། དང་པོ་ཁྱེད་རང་དད་པ་ཡོད་མཁན་དེ་སྨྱོན་པར་དད་པ་ཡོད་པ་ཁས་ལེན་བྱེད་དགོས།
ཁྱེད་ཀྱི་བྱས་ན།
དེ་ནི་མི་ལའི་མགུར་འབུམ་གཅིག་པོ་མ་ཡིན་པར་སྟོན་པའི་གསུང་འབུམ་གྱི་ཕྱོགས་སུ་ཡང་སྟོན་པ་ཞལ་བཞུགས་པའི་དུས་སུ་ཡིག་ཐོག་ཏུ་བྲིས་པ་མེད་པར་ཁོང་དགོངས་པ་རྫོགས་རྗེས་ཁོང་གི་སློབ་མ་དག་གི་བློ་རུ་ཡོད་པ་དག་རྩད་བརྡར་གྱིས་གཞི་ནས་ཡིག་ཐོག་ཏུ་ཕབ་པ་ཞིག་རེད། དེ་བཞིན་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱང་སྟོན་པས་གསུངས་ཡོད་མེད་ཀྱི་རྩོད་གཞི་ད་དུང་ཡོད་ཡོད་པ་རེད། གང་ལྟར་མགུར་འབུམ་གྱི་ཁྲོད་ཀྱི་ཚེ་རིང་མའི་ལེའུ་དང་གཞན་པ་ཁ་ཤས་ཤིག་ཁོང་གི་སློབ་མ་རས་པ་ཞི་བ་འོད་དང་ངན་རྫོང་སྟོན་པས་ཡི་གེར་ཕབ་པ་ཞིག་ཡིན་ཚུལ་འདུག་ལ། དེ་ཡང་མི་ལ་དགོངས་པ་རྫོགས་པའི་རྗེས་ཤིག་ཡིན་ནམ་སྙམ།
གྲོགས་པོ་ཚོ། གཙང་སྨྱོན་ཧེ་རུའི་རྣམ་ཐར་དུ་དེའི་སྔོན་ན་རྗེ་མི་ལའི་རྣམ་ཐར་ཡིན་སྐད་པ་མང་པོ་ཞིག་འདུག་ཀྱང་དག་མི་དག་སྣ་ཚོགས་མཆིས་སྟབས་ཁོང་གིས་ངལ་བ་དང་བླངས་ཀྱི་སྟོད་སྨད་ཀྱི་ཡུལ་ལུང་མང་པོར་ཞབས་ཀྱིས་བཅགས་ནས་མགུར་གླུ་རྣམས་འཚོལ་བསྡུ་བྱས་ནས་རྣམ་ཐར་བསྒྲིགས་ཚུལ་འདུག མགུར་གླུ་དེ་ཚོ་ཁོང་གིས་བརྩམས་པ་མིན་ཐག་ཆོད་རེད།
སྨྱོན་པ་ཞེས་པ་དེ་མིང་འདོགས་སྟངས་ཙམ་ཞིག་ལོས་ཡིན། འཁོར་བས་བལྟས་ན་རས་པ་སྨྱོ། །རས་པས་བལྟས་ན་འཁོར་བ་སྨྱོ། །ཞེས་པ་ལྟ་བུ་ལས་རྩ་མི་ཚང་བ་རང་དུ་གོ་བ་ལེན་རྒྱུ་ག་ལ་ཡིན།
བྲག་དཀར་རྟ་སོ་རུ་གཡག་རྭ་སྐམ་པོ་ཞིག་གི་ཕུག་ལ་ལྷ་མི་གཉིས་མཉམ་འཛོམས་གྱི་རོལ་དབྱངས་མཚན་འཚོགས་ཤིག་གི་ཐོག་རྗེ་མི་ལ་རས་པས་མགུར་བླངས་པ་ཚེ་རིང་མཆེད་ལྔས་མི་བརྗེད་པ་རྟགས་ཅན་གྱི་སྒྲ་ལེན་འཕྲུལ་ཞིག་གིས་སྒྲ་ལེན་གྱིན་ཡོད་པ་གོ་ཐོས་བྱུང་།
བོད་མི་འཕུར་ཐུབ།
བོད་མིས་ཉི་མ་ཐག་པས་བརྟོད་ཐུབ།
བོད་མིས་གོས་ཉི་ཟེར་ལ་འགེལ་ཐུབ།
བོད་མིས་གནམ་ནས་ཆར་བ་འབེབས་ཐུབ།
བོད་མིས་གཟུགས་མེད་ཀྱི་ལྷ་འདྲེ་མི་བཞིན་བཀོལ་ཐུབ།
བོད་མིས་ཤི་བོའི་རོ་སློང་ནུས།
བོད་མིས་གསོན་པོ་མཐུ་ཡིས་གསོད་ནུས།
བོད་མིས་ཆུ་བོ་ཐུར་དུ་འབབ་པ་གྱེན་དུ་འདྲེན་ནུས།
བོད་མིས་འབྱུང་འགྱུར་མཁྱེན་ཐུབ།
བོད་མིས་་་་་
བོད་མིས་རང་ས་གཞན་ལ་ཤོར་ནས་ངུ་ངག་འཐེན་བཞིན་འདུག
ད་ཅི་བྱེད།
དམར་དམག་གཏམ་བཟང་ལགས།
༡ མི་ལས་གསང་སྔགས་ཀྱི་ཆོས་ཟབ་མོ་མང་པོ་རྟོགས་ཡོད་པ་ཟེར་བ་ལས་བྲིས་ཡོད་ཟེར་བ་གོ་མ་མྱོང་། བྲིས་པ་འདི་རེད་ཟེར་བ་ཞིག་སྟོན་རྒྱུ་མེད་ན་ཁྱོ་ནོར་བ་རེད།
༢ མི་ལ་ཇེ་ཆུང་ལ་མ་སོང་གཡག་ར་ཇེ་ཆེ་ལ་མ་སོང་པར་མི་ལ་གཡག་རའི་ཕུག་ལ་བསྡད་ནས་མགུར་བླངས་དེ་ལ་གོ་བ་ཇི་འདྲ་ལེན་ནམ། འདི་ཚན་རིག་དང་མཐུན་པ་རེད་འདུག
༣ བོད་ཡུལ་ན་ཡི་གེ་མི་ཤེས་མཁན་གེ་སར་སྒྲུང་དེབ་བཅུ་གྲངས་བཤད་མཁན་མང་པོ་འདུག་ག ལོ་མང་པོ་འགོར་ན་དེ་ཡང་རྫུན་རེད། ཚན་རིག་དང་མི་མཐུན་ཟེར་ངེས་རེད།
༤ལན་གཉིས་པ་འགྲིག་
༥ རང་ལ་དད་པ་མེད་ནའང་གཞན་གྱི་དད་པ་ལ་གནོད་པ་མ་བྱེད།
གོང་དུ་མི་ལས་ཡི་གེ་འབྲི་ཀློག་སྦྱངས་མི་འདུག་ཟེར་བ་དེ་ནི་རྣམ་པར་འཁྱམས་པ་སྟེ། མི་ལའི་རྣམ་ཐར་མཚོ་སྔོན་པར་མའི་ཤོག་ངོས་༢༧པར། རྩའི་མི་ཐོད་གད་ཁ་བྱ་བ་ན་སྔགས་རྙིང་མ་པའི་སློབ་དཔོན་ཀླུ་བརྒྱད་མཁན་གྲོང་ཆོག་ཤིན་ཏུ་བྲིན་པ་ཞིག་ཡོད་པ་ང་རང་ཀློག་སློབ་ཏུ་བཏང་ཞེས་དང་། ཤོག་ངོས་༢༩པར། ང་མི་ཐོད་གད་ཁ་ན་ཀློག་སློབ་དུས། ཞེས་གསུངས་འདུག་ལ། ཤོག་ངོས་༡༣༥པར། དང་པོར་ཀློག་སློབ་པའི་སློབ་དཔོན་གྱི་རྩར་ཕྱིན་པས། སློབ་དཔོན་རང་ནི་གྲོངས་འདུག སྲས་པོ་ལ་དཀོན་བརྩེགས་ཀྱི་དབུ་དུམ་ཕུལ་ནས། ཆོས་འདིའི་དབུ་ཞབས་ཀུན་ཁྱོད་ལ་འབུལ། ངའི་མ་རྒན་མོའི་རུས་པ་འདི་ལ་ཚ་ཚ་ཞིག་ཐོབ་ལ་སློང་བྱས་པས། ཞེས་གསུངས་འདུག
གཙང་སྨྱོན་རུས་པའི་རྒྱན་ཅན་འདི་རྩ་་མ་ཚང་བ་ཡིན་མིན་མི་ཤེས་ཏེ། གཏམ་བཟང་འདི་རྩ་་མ་ཚང་བ་ཞིག་ཡིན་ཐག་ཆོད་རེད།
གོང་གི་སྐུ་ཞབས་མགོན་པོའི་ལན་དུ།
བོད་མི་རེ་ཟུང་གི་ངོས་ནས་སྒྲུབ་པ་ཉམས་ལེན་བྱས་པའི་མཐུ་ནུས་ཀྱིས་བོད་སྤྱི་མཐུན་གྱི་ལས་དབང་གི་ཁ་ལོ་བསྒྱུར་ག་ལ་ཐུབ། དཔེར་ན། སྟོན་པ་ཞལ་བཞུགས་དུས་ཁོང་དང་རུས་མཐུན་པའི་ཤྰཀྱ་བདུན་ཁྲི་བདུན་སྟོང་ཉིན་གཅིག་ལ་དམག་འཁྲུག་ནང་བསད་པར་ཁོང་གིས་ཅི་ཡང་བྱེད་མ་ཐུབ་ལ། ཨ་མ་ཞིག་གིས་མོའི་བུ་ཕྲུག་གཉིས་ཁོང་ལ་བཅོལ་བ་ཡང་ཁོང་གི་ལྷུང་བཟེད་ཀྱི་ནང་ངམ་གཟན་འོག་ཏུ་ཤི་ཚུལ་འདུག་ལགས།
ཉིན་དེར་ཁོང་གི་ཡང་དབུ་ཡང་བསྙུང་ནས་བཞུགས་པ་དང་། ཁོང་གིས་ངས་ཡེ་ཤེས་ཁྱད་པར་ཅན་བརྙེས་མེད་པ་ན་ང་ཡང་དེ་རིང་བསད་ཚར་གསུངས་ལུགས་མདོ་སྡེ་རུ་བཞུགས་འདུག་ལགས།
ཨ་ལགས་ལགས། དྭོགས་དྲི་ཆུང་ཆུང་འདི་ལ་ལན་བཏབ་ནས་མ་འདུག་རོགས། འོག་ན་དྭོགས་དྲི་ཆེན་པོ་ཞིག་ཡོད་པ་དེར་ཡང་ཁོམ་པ་འདྲ་ཡོད་ན་ལན་ཞིག་གི་རེ་བ་ཡོད་ལགས།
མི་ལ་རས་པ་ཟེར་བའི་མི་ཁྱད་པར་དེ་འདྲ་ཞིག་བྱུང་མྱོང་ཡོད་མེད་མི་ཤེས་ཏེ་གཙང་སྨྱོན་ཧེ་རུ་ཀ་རུས་རྒྱན་ཅན་འདི་དངོས་གནས་རྩོམ་པ་པོ་ནི་ཕུལ་དུ་ཕྱིན་པ་ཞིག་རེད་འདུག ད་ཡོད་མི་ལའི་རྣམ་ཐར་འདི་བརྩམས་སྒྲུང་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་སྒྲུང་ཧ་ཅང་ཡག་པོ་ཞིག་བྲིས་འདུག
འབྱུང་བོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །
མི་ལའི་སྒྲུང་གི་དགེ་བཤེས་རྩག་ཕུ་བ། །
ཁ་བརྡའི་གྲོང་གི་ཀླུ་སྨྱོན་ཧེ་རུ་ཀ །
ལོ་ངོ་སྟོང་གི་ཡོལ་བ་མཐུག་ན་ཡང་། །
གཡོ་སྒྱུའི་བཞིན་རས་ནམ་ཡང་བསྒྲིབས་པ་མིན། །
ཁྱབ་བདག་དང་པོའི་མགོན་པོས་མཚན་གསོལ་བ། །
ངག་དབང་བསྟན་འཛིན་ཡེ་ཤེས་རྒྱ་མཚོའི་སྡེ། །
རང་རིག་དབྱིངས་ཀྱི་ཌྰ་ཀིས་མཚན་བཏགས་པ། །
དཔལ་ཆེན་བཞད་པ་ཁྲག་འཐུང་ཧེ་རུ་ཀ །
རིག་པ་ལུ་གུ་རྒྱུད་དུ་འཁྲུལ་བའི་འགྲོར། །
བཟོད་མེད་སྙིང་རྗེའི་རྦ་རླབས་འཁྲུགས་པ་ཡིས། །
སྲིད་པའི་གྲོང་ཁྱེར་ཉུལ་བའི་ལམ་སྐེད་དུ། །
རྩ་གསུམ་དཔའ་བོ་མཁའ་འགྲོའི་སྙིང་གྲོགས་ཡོད། །
ཆོས་དབྱིངས་བརྡལ་ཁྱབ་ཀུན་བཟང་དགོངས་ཀློང་དུ། །
ཀ་དག་ཡེ་ཤེས་ལྷུན་གྱིས་འཚེར་བའི་མདངས། །
བཟོད་མེད་ཕྲག་དོག་སྐོམ་པས་གདུངས་པའི་ཁྱུ། །
མྱ་ངམ་ཐང་ན་སྨིག་རྒྱུ་ཆུ་རུ་བསྟེན། །
འགྲོ་ཀུན་ཡེ་ནས་སངས་རྒྱས་ཡིན་པ་དང་། །
འགྲོ་ཀུན་སྲིད་པའི་བཙོན་རར་གདུངས་པ་གཉིས། །
འཁྲུལ་སྣང་རྫུན་རིས་འདི་ཡི་ཆོ་འཕྲུལ་ཏེ། །
ཡེ་རྫོགས་ཀློང་ན་ཆོས་དང་ཆོས་ཅན་བྲལ། །
དོལ་རྒྱལ་ཚོགས་པས་རྗེ་ལ་སྐུར་བ་དང་།།
དོལ་རྡོ་སྤྲུལ་སྐུས་རྗེ་ལ་དད་སྐད་གཉིས།།
འདོད་རྔམ་གཡོ་སྒྱུའི་རྭ་བའི་ཆོ་འཕྲུལ་ལས།།
རྩེ་གཉིས་བློ་དང་བྲལ་བའི་དམིགས་འདུན་གཅིག
གདུག་པའི་སེམས་འཆང་གནོད་པའི་གཡུལ་གཤོམ་པའི།།
མི་ལའི་སྒྲུང་གི་དགེ་བཤེས་རྩ་ཕུ་དང་།།
ཁ་བརྡའི་གྲོང་གི་ཀླུ་སྨྱོན་ཧེ་རུ་གཉིས།།
རང་རིགས་གནོད་པའི་བྱ་བ་བྱེད་འདིས་མཚུངས།།
ཁྱེད་ཚོས་མི་ལའི་སྐོར་ལས་འཕྲོས་ཏེ་གླེང་གི་གླེང་གི་ལྷ་སྒྲུང་ལྟ་བུའི་ཞིང་ཁམས་ཤིག་ཏུ་སླེབས་ཏེ། འགའ་རེར་ལྷ་ལྷ་མོའི་སྙིང་གྲོགས་དེ་འདྲ་ཡང་རྙེད་འདུག ཡིན་ན་ཡང་། ལྷ་ཡུལ་དུ་མིའི་སྙན་ངག་འབྲི་གི་འདུག
མགོན་པོ་ཁྱེད་གསུང་སྤྱི་བོའི་རྒྱན་ཁུར་ཏེ། །
རིས་མེད་སྐྱེས་བུ་དམ་པའི་ཞབས་བསྟེན་ནས། །
མདོ་སྔགས་ཆོས་ཀྱི་དགའ་སྟོན་མྱངས་པ་འདི། །
ཡུན་ཐུང་མི་ཚེ་འདི་ཡི་རིན་ཐང་ཡིན། །
ཁྲག་འཐུང་བདུད་འཇོམས་གླིང་བའི་གདུང་འཚོབ་སྟེ། །
འཁྲུལ་ཞིག་དཔའ་བོ་རྡོ་རྗེ་གཙུག་བསྟེན་ནས། །
ཉང་གཏེར་མཁའ་འགྲོའི་ཁ་རླངས་ཐོལ་ལེ་བ། །
ཨེ་མ་རྨི་ལམ་མ་ཡིན་དངོས་སུ་མྱངས། །
མགོན་དེ་དགྱེས་པའི་གསུང་གི་རོལ་མོ་ཡིས། །
སྔ་འགྱུར་བསྟན་པའི་ཞབས་འདེགས་གྱིས་ཞེས་དང་། །
མཚན་བཟང་ཕྱག་གིས་ཚེ་དཔག་མེད་མགོན་གྱི། །
སྣང་བརྙན་སྤྱི་བོའི་རྒྱན་དུ་བསྩལ་བའང་དྲན། །
རྒྱལ་ཀུན་གསུང་གི་བྱིན་ཆེན་འབེབ་པ་པོ། །
ངག་དབང་ལྷ་མོ་ཁྱོད་མགྲིན་ཞུགས་སོ་ཞེས། །
གཟེངས་བསྟོད་དབུགས་དབྱུངས་གནང་དང་ཆབས་ཅིག་ཏུ། །
ཁྱབ་བདག་དགྱེས་པའི་རི་མོ་སྙིང་ལ་བྲིས། །
མ་འོངས་དག་དང་མ་དག་ཞིང་ཁམས་སུ། །
ཚོམ་བུ་གཅིག་ཏུ་མཁའ་ཁྱབ་འགྲོ་བའི་དོན། །
སྲིད་པ་མ་སྟོངས་བར་དུ་བགྱིའོ་ཞེས། །
མགོན་ཁྱེད་ཐུགས་སྨོན་འགྲུབ་པའི་གསོལ་བ་འདེབས། །
གསང་ཆེན་ཆོས་ཀྱི་སྒྲ་དབྱངས་བསྒྲགས་པའི་རྗེས། །
ས་སྟེང་འདི་ན་དམྱལ་བའི་རྗེས་སོང་བའི། །
གངས་ཅན་འགྲོ་བའི་སྡུག་བསྔལ་སེལ་བའི་ཕྱིར། །
ཀུན་གྱིས་ཐུགས་སྨོན་མཛོད་ཅེས་གསུངས་པའང་དྲན། །
༧གོང་ས་ཕྱག་ན་པདྨོའི་ཞབས་བརྟན་ཚེ། །
རྒྱལ་བའི་བསྟན་པ་ད་དུང་གནས་སོ་ཞེས། །
ཉིན་རེ་བཞིན་ཡང་གྲུ་འཛིན་བདག་པོ་ཡི། །
ཞབས་པད་བརྟན་པའི་གསོལ་འདེབས་གྱེར་བའང་དྲན། །
པདྨའི་རྒྱལ་ཚབ་མཁྱེན་བརྩེའི་མྱུ་གུ་དང་། །
ཁྲག་འཐུང་བདུད་འཇོམས་གླིང་པའི་ཡང་སྲིད་གཙོས། །
གསང་ཆེན་རིག་པ་འཛིན་པའི་གྲལ་དབུས་སུ། །
སྟོན་འཁོར་ཆོས་ཀྱི་རོ་ཡིས་མྱོས་པའང་དྲན། །
ཨ་་་་་ཨ་་་་་ཨ་་་ཡུམ་དུམ་པ་གན། ཁྱོད་འདི་རང་ག་བ་ཞིག་རེད་ན། འཇིགས་པོ་ཏག་ཏག་བཤད་བཏང་དུས་བ་སྤུ་བུ་ག་ཐམས་ཅད་འགག་གྲབས་མི་བྱེད་གི་ན་ཁྱོའི་སྐེ། ད་མང་བོ་མང་བོ་གསུངས་སོང་མོད། གྲ་ས་ནས་གྲོགས་རིགས་པ་སྨ་བ་སྟོང་ཕྲག་ལྷན་དུ་ཆོས་ཀྱི་བགྲོ་གླེང་བྱས་པ་མི་བཤད་ནོ། བརྗེད་སོང་བ་མིན་ནམ། ཁྲག་འཐུང་བཏང་ནོ་དང་བདུད་འཇོམས་སོང་བའི་སྐད་ཆ་བཤད་སྟངས་ལ་བལྟས་ན་དགྲ་གུང་ཁྲན་འདི་བ་ད་ཁྱོད་འདྲ་བའི་བུ་ངར་དེ་འདྲ་དགོས་ཐག་ཆོད་རེད། ད་སྨོན་ལམ་དང་ཁ་ཤོམ་འདྲ་འཐེན་ནས་ལྷོད་ལྷོད་བྱས་ནས་སྡོད་རམ་མ་རེད། གྲུབ་རྟགས་འདྲ་ཡོད་ན་སྟོན་རོགས། བོད་མི་མང་གི་ཅིག་བསྲན་ཐུབ་ཀྱིན་མེད་པ་ཁྱོས་ལོས་མཁྱེན།།
དཀོན་མཆོག་གི་སྐད་ཆ་བཤད་སྟངས་ཤིག་གིས་མདའ་ཚན་པ་མགོན་པོ་དོན་འགྲུབ་ཡིན་པ་ལྷང་ལ་བུད་སོང་། ཡ་ཨ་རོ། ཁྱོད་འདི་དེ་འདྲ་ཞིག་ངའི་སྟེང་ལ་ཅིག་བཙན་པོ་ཆི་ཟིག་མ་འགྲིག་ནི་རེད། ཁྱི་རོ་མདའ་ཚན་རོ་རྨ་ཆུ་རོ་དང་འཇིག་རྟེན་སོ་རྙིང་གཉིས་ཀི་རིང་ང་ཅིག་ཐུག་གི་ཡོད་ནོ་མིན་ནེ་ངུ་རོ་ཀླུའུ་བན་ཤུལ་ཚོ་བ་དྲུག་པོ་ར་ཅང་ཐུག་པའི་སྐད་ཆ་མེད་ལ།
དཀོན་མཆོག་ཁྱོད་ལ་མིའུ་ཕྲུག་ཁྱོད། །
མགོན་པོ་ཕྱག་གཉིས་པ་ཡང་ཁྱོད། །
“འཆད་པ་པོ་ང་ཆོས་ཀྱང་ང་། །
རང་གི་ཚོགས་ལྡན་ཉན་པོའང་ང་། །”
ཚིག་རྐང་མཐའ་མ་གཉིས་རྩ་རྒྱུད་བརྟག་གཉིས་ལས་བྱུང་།
༼༼རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ༽༽་ཞེས་པའམ་ཡོངས་གྲགས་སུ་༼༼མི་ལ་རས་པའི་མགུར་འབུམ་༽༽ཞེས་པ་འདིའི་སྐོར་ལ་རྩོད་པ་ཡོད་པ་བདེན་པ་རེད། རྩོད་པ་དེ་ནི་མགུར་འབུམ་འདི་སུས་བརྩམས་པའམ་ཡང་ན་སུས་ཕྱོགས་བསྒྲིགས་མཛད་པའི་སྐོར་རེད། ༼༼མི་ལ་རས་པའི་མགུར་འབུམ༽༽་ཞེས་པ་ནི་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་ཕྱོགས་བསྒྲིགས་མཛད་པ་གསལ་བོ་རེད། ༼༼རྣམ་ཐར་ཉི་མའི་སྙིང་པོ་༽༽༸ཐྲྤཀློག་ཡོད་མཁན་ཞིག་ཡིན་ན་ཐེ་ཚོམ་གྱི་ལྕགས་རི་གཏོར་ངེས་རེད། ཡིན་ནའང་། ༼༼མི་ལ་རས་པའི་མགུར་འབུམ༽༽་ཆ་ཚང་གཙང་སྨྱོན་གྱིས་བསྒྲིགས་པ་རེད་ཅེས་བཤད་ན་ཅུང་མི་དག་པ་ཞིག་འདུག མི་ལའི་མགུར་འབུམ་གྱི་ནང་གི་ལེའུ་ཁ་ཤས་ཤིག་ངན་རྫོང་སྟོན་པ་དང་། རས་པ་ཞི་བ་འོད་གཉིས་ཀྱིས་ཕྱོགས་བསྡུས་མཛད་པ་ལས་གཞན། གཙང་སྨྱོན་སངས་རྒྱས་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་མཛད། གཙང་སྨྱོན་གྱིས་ཕྱོགས་བསྒྲིགས་མཛད་དགོས་པའི་དམིགས་ཡུལ་དང་། དགོས་པ་རྒྱུ་མཚན་སོགས་རྒོད་ཚང་རས་པ་ཐར་པ་རྒྱལ་མཚན་གྱིས་མཛད་པའི་༼༼གཙང་སྨྱོན་ཧེ་རུ་ཀའི་རྣམ་ཐར་ཉི་མའི་སྙིང་པོ༽༽་ནང་བཀོད་ཡོད། གང་ལྟར། མི་ལ་རས་པའི་མགུར་འབུམ་ནི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཀྱི་སྡེབ་སྦྱོར་ཤིན་ཏུ་ལེགས་པའི་རྩོམ་པ་ཕུལ་དུ་བྱུང་བ་ཞིག་རེད། ༼༼མི་ལའི་མགུར་འབུམ་༽༽འདིས་བཀའ་བརྒྱུད་པའི་གཟི་བརྗེད་ཇེ་ཆེར་བཏང་བ་དང་ཆབས་ཅིག བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུའང་རིན་ཐང་གྱ་ནོམ་པ་ཞིག་བཞག་ཡོད། མི་ལའི་མགུར་འབུམ་ནང་དུ་སྙན་ངག་ཡིན་ལ་མགུར་གླུ་ཡང་ཡིན་པ། དཔེར་ན།
མི་ལའི་རྒྱལ་སྲིད་འདི་ལྟར་ཡིན།།
དད་པ་འཁོར་ལོ་རིན་པོ་ཆེ།།
ཉིན་མཚན་དགེ་བའི་ལས་ལ་སྦྱོར།།
ཡེ་ཤེས་ནོར་བུ་རིན་པོ་ཆེ།།
རང་གཞན་ཀུན་གྱི་རེ་བ་སྐོང་།།
ཚུལ་ཁྲིམས་བཙུན་མོ་རིན་རིན་པོ་ཆེ།།
རབ་ཏུ་མཛེས་པའི་རྒྱན་གྱིས་སྤྲས།།
བསམ་གཏན་བློན་པོ་རིན་པོ་ཆེ།།
བསོད་ནམས་ཡི་ཤེས་ཚོགས་གཉིས་བསགས།།
ཁྲེལ་ཡོད་གླང་པོ་རིན་པོ་ཆེ།།
སངས་རྒྱས་བསྟན་པའི་ཁུར་ཆེན་ཁྱེར།།
བརྩོན་འགྲུས་རྟ་མཆོག་རིན་པོ་ཆེ།།
ཉོན་མོངས་བདག་མེད་ཡུལ་དུ་སྐྱེལ།།
ཐོས་བསམ་དམག་དཔོན་རིན་པོ་ཆེ།།
ལོག་རྟོག་དགྲ་ཡི་དམག་དཔུང་འཇོམས།།
ཁྱེད་རྒྱལ་སྲིད་འདི་དང་ལྡན་གྱུར་ན།།
རྒྱལ་པོའི་དཔལ་དང་གྲགས་པ་ཐོབ།།
མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ།།
ཆབ་འོག་དགེ་བཅུའི་ལས་ལ་འཁོལ།། ཞེས་པ་ལྟ་བུའོ།།
མི་ལ་རས་པ་ཟེར་བའི་མི་ཞིག་བྱུང་མྱོང་བ་གསལ་པོ་རེད། ཡིན་ན་ཡང་རྣམ་ཐར་དེའི་ནང་དུ་བྲིས་ཚད་ཚང་མ་བདེན་པ་མིན་པ་གསལ་པོ་རེད། གེ་སར་གྱི་སྒྲུང་ལྟ་བུ་ཞིག་རེད་འདུག་སྙམ། ཁར་སང་གཏམ་སྙན་གྱིས་དོག་སློང་བྱས་པ་ཁ་ཤས་ལ་སྙིང་པོ་མི་འདུག་ཀྱང་ཁ་ཤས་ལ་དངོས་གནས་ལན་རྒྱག་ཁག་པོ་འདུག་ད།་ དཔེར་ན་མགུར་དེ་ཚོའི་ནང་ནས་ལིང་པ་བྲག་སྲིན་མོའི་སྐོར་ལ་མི་ལས་མགུར་བླངས་པ་ཡོད་ལ་བྲག་སྲིན་མོས་གླུ་བླངས་པ་ཡང་ཡོད། གླུ་དེ་འདྲ་བླངས་པ་སུ་ཞིག་གིས་ཐོས་པ་རེད། སུ་ཞིག་གིས་ཡི་གེར་བཀོད་པ་རེད། དེ་ཚོ་གསལ་པོ་མི་འདུག་ག ད་དུང་དེ་འདྲ་ལུང་པ་གང་འདུག ཡིན་ན་ཡང་རྣམ་ཐར་དེ་ཆོད་དང་མཐུན་ཞིང་རྩོམ་རིག་གི་རིན་ཐང་ནི་ཧ་ལས་པ་རེད་འདུག ང་ནི་མི་ལ་རས་པ་ལས་ཀྱང་གཙང་སྨྱོན་ལ་དགའ་གི་འདུག
གཙང་སྨྱོན་རྣམ་ཐར་ལ་རྡ་སའི་དཔེ་མཛོད་ཁང་ནས་མགོ་མཇུག་ཚང་བ་ཞིག་བལྟས་པ་ཡིན་ཏེ་ད་ལྟ་ན་རྒས་རྫི་ལྡིབ་ཏུ་གྱུར་པས་གསལ་བོ་ཞིག་མི་དྲན། གང་ལྟར་གྲུབ་ཐོབ་རིག་མ་མང་པ་ཞིག་ཡིན་པ་དང་། དེ་ཡང་མི་མིན་ལྷ་འདྲེའི་བུ་མོ་དག་དག་ཡིན་བསམས།
འོ་ད། གོང་དུ་སྤོབས་པ་ལགས་དང་། ཚེ་རིང་བུས་བརྗོད་པ་བཞིན། སྙན་ངག་ནི་ཡག་ཐག་ཆོད། ཆོས་ཀྱི་ནང་དོན་ནི་ཟབ་ཐག་ཆོད། རྩོམ་རིག་གི་རིན་ཐང་ནི་ཆེ་ཐག་ཆོད་ཡིན་པའི་མི་ལའི་མགུར་འབུམ་དེས་གཙང་སྨྱོན་ཟེར་མཁན་མི་དེ་ངོ་མ་མཁས་པའི་ནང་ནས་མཆོག་ཏུ་འགྱུར་བ་ཞིག་བསྟོན་འདུག གལ་ཏེ་དེབ་འདི་དབྱིན་ཡིག་ལ་ཇི་མ་ཇི་བཞིན་བསྒྱུར་ཐུབ་ན། འཛམ་གླིང་གི་མི་མང་པོ་ཞིག་གི་དེབ་འདི་ལ་དོ་སྣང་བྱ་ངེས། ནོ་ཝེ་རྩོམ་རིག་གི་བྱ་དགའ་ཞིག་ཀྱང་ལས་སླ་པོར་ཐོབ་ངེས་རེད་སྙམ།
ཡིན་ནའི་དེབ་འདི་རྣམ་ཐར་གྱི་ངོས་སུ་བརྩི་ན། དེབ་འདིའི་རིན་ཐང་ཆུང་དུ་འགྲོ་ངེས། འཛམ་གླིང་གི་ལུགས་སྲོལ་ལ་རྣམ་ཐར་ཟེར་མཁན་དེ་མིག་མཐོང་ལག་ཟིན་ལ་ཇི་ལྟར་ཐག་ཉེ་བ་དེར་ལེགས་པར་བརྩི་སྲོལ་འདུག རྩོམ་དང་ནང་དོན་ག་ཚོད་ལེགས་ཀྱང་དངོས་ཡོད་དང་འགལ་ན་ཚང་མས་སྐྱོན་བརྗོད་བྱེད་སྲོལ་འདུག
དཔེར་ན། ཕ་རན་སིའི་བཙོན་པའི་དེབ་སྐད་གྲགས་ཆེན་པོ་ཞིག་གི་ནང་བཙོན་པ་ཞིག་གིས་ལྷོ་ཨ་རིའི་གླིང་ཕྲན་ཆེས་བྲོས་པར་དཀའ་བའི་བཙོན་ཁང་ནས་བྲོས་སྟངས་ཀྱི་རྣམ་ཐར་ཞིག་བྲིས། དེ་སྐད་ཡིག་མང་པོའི་ནང་བསྒྱུར་ནས། རྩོམ་པ་པོ་འདི་ལོ་གཅིག་ཙམ་གྱི་ནང་ཡོ་རོབ་ནང་སྐད་གྲགས་ཆེན་པོར་འགྱུར། རྗེས་སུ་རྟག་དཔྱད་བྱེད་སྐབས་རྣམ་ཐར་འདིའི་ནང་བརྫུན་མང་པོ་ཞིག་འཐོན་སྟབས། མཐའ་མ་དེབ་དེ་དཔར་སྐྲུན་བྱེད་མཁན་གྱིས་བསྡུ་དགོས་བྱུང་ཡོད། དེབ་འདིའི་མིང་ལ།
“Papillon”ཟེར་ཞིང་རྩོམ་པ་པོ་ནི་Henri Charrièreརེད།
ངའི་བསམ་པར་མི་ལའི་རྣམ་ཐར་དེ་ཡང་འདི་ལྟ་བུའི་ནག་ཉེས་མེད་འགྲོ་བསམས། དེར་བརྟེན་མི་ལའི་དེབ་འདིར་རྣམ་ཐར་མི་བརྗོད་པར། གཙང་སྨྱོན་གྱི་རྟོགས་རྩོམ་གྱི་ཁོངས་སུ་བཅུག་ན་ལེགས་སྙམ།
གོང་དུ་གཏམ་བཟང་གིས་ཇི་མ་ཇི་བཞིན་ཟེར་བའི་དོན་ཅི། གང་ལྟར་དེབ་འདི་དབྱིན་ཡིག་གི་སྟེང་དུ་སྔོན་ནས་བསྒྱུར་འདུག་ལ་གསར་དུ་བསྒྱུར་བ་ཡང་འདུག དབྱིན་དེབ་ཀྱི་མིང་བྱང་ལ་མི་ལའི་ཆོས་མགུར་འབུམ་ཕྲག་གཅིག་ཅེས་བསྒྱུར་འདུག་པར་ངས་དེ་ནོར་འདུག བོད་ཡིག་ནང་གི་འབུམ་ཟེར་བ་དེ་གྲངས་ཀ་གཅིག་པོར་གོ་བ་ཞིག་མ་རེད། མི་ལའི་མགུར་འབུམ་ཟེར་བའི་འབུམ་དེ་མགུར་པོད་དང་མགུར་དེབ་ལ་གོ་དགོས་པ་རེད། དཔེར་ན་རྗེ་ཙོང་ཁ་པའི་གསུང་འབུམ་དང་མཁས་གྲུབ་རྗེའི་གསུང་འབུམ་ཟེར་བའི་འབུམ་དེ་དེབ་བམ་པོ་ཏི་ལ་གོ་དགོས་པ་མ་གཏོགས་གྲངས་ཀ་ཞིག་ལ་གོ་བ་ལེན་གྱི་མ་རེད། ཅེས་མགོ་སེར་ཚོར་རྩོད་པ་རྒྱག་གི་ཡོད། གཅིག་བྱས་ན་ང་ནོར་ཡོད་སྲིད་ཀྱང་ངས་དེ་ལྟར་རྩོད་པ་ཞིག་རྒྱག་རྒྱུ་བྱུང་།
ཁོ་རེ་ཀླུ་སྨྱོན། ཁྱོེད་ལ་ཁ་གཏད་གཅོག་མཁན་ཁ་བརྡ་དྲ་ཁང་ནང་ཁེངས་བསྡད་ཡོད་པ་རེད། དེ་ཚང་མ་ངའི་ཐོག་ལ་གཡོགས་མ་ཡོང་ཨ། ང་བཟང་ན་ངན་ན་མགོན་པོ་ཕྱག་གཉིས་པ་མི་གཅིག་དང་རྟ་གཅིག་ཡིན། ངས་གཞན་མིང་གཡར་ནས་ཨུ་ཐུག་པའི་བྱ་བ་དེ་འདྲ་ད་རུང་བྱ་དགོས་མེད། ང་དཀོན་མཆོག་མིན། ང་མིའུ་ཕྲུག་ཀྱང་མིན། ང་མགོན་པོ་དོན་འགྲུབ་ཀྱང་མིན། ང་མགོན་པོ་ཕྱག་གཉིས་ཡིན། གཏམ་ཡ་མེད་ཡིན་ན་མགོན་པོ་ཕྱག་གཉིས་ཡིན། ཚིག་འགངས་མེད་ཡིན་ན་མགོན་པོ་ཕྱག་གཉིས་ཡིན། སྔོན་མ་ཞིག་ལ་ཡང་ཁྱོད་ཀྱིས་སྟག་སྨྱོན་དང་ངེད་གཉིས་མི་གཅིག་པ་རེད་ཟེར་ནས་ངས་ཁྱོད་ལ་གསལ་བཤད་བྱས་པ་དྲན་གྱི་འདུག་གམ།
ཡང་མདའ་ཚན་རོ་དང་རྨ་ཆུ་རོ་ཐུག་པ་ཞིག་གནའ་ནས་ད་བར་གོ་མ་མྱོང་། མདའ་ཚན་དང་ཁོ་ཚེ་ཐུག་པ། མདའ་ཚན་དང་བླ་རི་མགུལ་ཐུག་པ་དེ་འདྲ་བྱུང་ཡོད་པ་རེད།
མི་ལ་རས་པའི་གླུ་སྟོང་ཕྲག ཟེར་བ་ཞིག་མཐོང་སོང་། ཡིན་ན་ཡང་སྟོང་གི་རྗེས་སུ་མང་ཚིག་ཨེ་སི་ཡོད་མེད་དྲན་གྱི་མི་འདུག
མི་ལའི་རྣམ་ཐར་སྐོར་ལ་སྐད་ཆ་མང་པོ་གསུངས་སོང་། ཐུགས་རྗེ་ཆེ། ཚང་མ་ཐོས་རྒྱ་ཅན་ཤ་སྟག་རེད་འདུག ད་དབྱིན་ཡིག་ཡོད་མེད་སྐོར་ལ་ངས་གཅིག་བཤད། འདི་སྔ་མོ་ནས་དབྱིན་ཡིག་ལ་བསྒྱུར་ཟིན་ནས་པར་བཏབ་འདུག གཤམ་གསལ་འདི་ཚོ་ལ་གཟིགས་ཤིག་གསུངས་དང་།
1.Tibet’s Great Yogī Milarepa: A Biography from the Tibetan. Edited by W. Y. Evans-Wentz. 1928. Oxford University Press. Paperback reprint 1974.
2.The Life of Milarepa, translated by Lobsang P . Lhalungpa, Book Faith India, 1997, ISBN 81-7303-046-4
3.Milarepa: Songs on the Spot, translated by Nicole Riggs, Dharma Cloud Press, 2003, ISBN 0-9705639-30
4.Milarepa, The Hundred Thousand Songs of Milarepa, translated by Garma C.C. Chang, City Lights Books, 1999, ISBN 1-57062-476-3
གཏམ་བཟང་ཟེར་བ་འདིས་ཁ་སང་་་་མི་ལའི་མགུར་ྩོམ་པ་པོ་རུས་པའི་རྒྱན་ལ་སྨྱོན་པའི་མིང་ཞིག་ཡོད། དེས་ཁོ་པ་ཅུང་མི་ཚང་བའི་བཟོ་སྟོན་ཡོད། དེར་རྟེན་ད་སྨྱོན་པ་ཞིག་གིས་བྲིས་པའི་ྩོམ་དེ་ཁྱེར་ཡོང་ནས་ང་ཚོར་དེ་བདེན་པར་སྒྲུབ་པར་ཡོང་ན། དང་པོ་ཁྱེད་རང་དད་པ་ཡོད་མཁན་དེ་སྨྱོན་པར་དད་པ་ཡོད་པ་ཁས་ལེན་བྱེད་དགོས། ཟེར་ནས་གཙང་སྨྱོན་རུས་པའི་རྒྱན་ཅན་སྨྱོན་པ་རེད་ཟེར། དེ་རིང་་་་གཙང་སྨྱོན་ཟེར་མཁན་མི་དེ་ངོ་མ་མཁས་པའི་ནང་ནས་མཆོག་ཏུ་འགྱུར་བ་ཞིག་བསྟོན་འདུག ངོ་མ་གཏམ་བཟང་ཁོ་ནི་སྨྱོན་པ་རང་རེད་འདུག
ངའི་འཕྲུལ་ཆས་འདི་ཀུ་ཤུ་རྟགས་ཅན་ཐོན་གསར་དཔེ་མེད་ཅིག་རེད། ཁ་ཉིན་དབྱིན་ཇིའི་ཨ་ཅག་ཅིག་གིས་བྱིན་ཐལ། ད་ཡིན་ན་བཀོལ་སྟངས་མི་ཤེས་གི དཔེར་ན།༼tsa,དང zha,ཆ་ཁུ མཇའ་མོ་ལྟ་བུ་དང་། ས་ཉ་བཏགས ས་ང་བཏགས ད་དུང་མགོ་འདོགས་ཅན་ལ་དབྱངས་འདོགས་སྟངས་སོགས༽ཡིག་གེ་འདི་འདྲ་འབྲི་དགོས་དུས་ངོ་མ་ཅིག་དཀའ་མོ་འདུག སེམས་བཟང་རེ་ཡོད་ན་རོགས་རམ་བྱེད་རོགས། ཡེ་ཤེས་ཁྱོད་ངའི་སྒང་ལ་སྤོ་ལངས་མེད་ན་ལམ་སྟོན་རེ་བྱེད་རོགས། མི་ལ་སྐད་ཆ་རེ་འདྲི་བསམ་རུང་ཁྱོད་དགོ་དགེ་ན་ས་འདི་ཟིག་ན་བོད་ཙིག་གི་མགོ་རིག་གི་ན་ཨ་མའི་ཤ ངས་སྐད་ཆ་བཤད་མི་ཤེས་རུང་བཙན་གྱིས་ཁ་བརྡ་ལ་འཁྲིད་ཡོང་མཁན་ཁྱོད་རང་ཡིན། ཨོ་་་་དེ་ནས་གསལ་བཤད་དགོས་ཡ་ལ་ང་མགོན་པོ་མིན། མི་བདེན་ན་ལྟོས་དང་ངའི་སྐད་ཆ་མགོ་ནས་རྐུབ་བར་དུ་མགོ་འདོགས་ཅན་ལ་དབྱངས་ཅན་པ་མེད།
ཨ་རོ་དཀོན་མཆོག
ང་ལ་ཡང་ཀུ་ཤུ་རྟགས་ཅན་ཞིག་ཡོད། ང་ལ་གྲོགས་པོ་ཞིག་གིས་རོགས་བྱས་ནས་བོད་ཡིག་འབྲི་ཐུབ་པ་བྱུང་སོང་། ངས་འབྲི་ས་དེ་ཨོ་པིན་ཨོ་ཕི་སི་ཟེར་བ་དེ་རེད། འདི་བཅུག་ནས་དེའི་ནང་ལ་འབྲི་ཐུབ་སོང་། ཚོད་ལྟ་ཞིག་བྱོས།
http://www.openoffice.org/
ཁ་ཇ་ཡིས་ཚིག་ན་ཀླུ་སྨྱོན་འབོད། རྐུབ་ཤིག་གིས་ཟོས་ན་ཀླུ་སྨྱོན་འབོད། ཨ་ལ་ཀུ་རེ་ཡིན། མཐེབ་གནོན་ཤད་རྟགས་ཅན་དེ་ཛ་རེད་ལ། དེའི་མདུན་གྱི་གུག་རྟགས་ཅན་དེ་ཚ་རེད།
ཁྱོད་ཚོ་ཚང་མ་ཀུ་ཤུ་ཡིན་ནམ། ཀུ་ཤུ་དག་དག་གིས་སྐྱེས་དམན་བླངས་འདུག སྐྱེས་དམན་དེ་ཚོ་སྙིང་རེ་རྗེ། ཨོ། ངའི་ཕ་ཡུལ་དུ་ཕོ་གསར་ཀླིག་པ་ལངས་རྒྱུ་མེད་པ་ཚོ་ལ་ཀུ་ཤུ་ཟེར་ལ། ཤིང་ཏོག་ཀུ་ཤུ་ཟེར་བ་དེ་སློབ་དེབ་ཀྱི་ནང་ལ་ཡོད་སར་རྟགས་ནག་པོ་རེ་བརྒྱབ་ནས་མིག་གིས་མི་མཐོང་བ་ཞིག་བཟོས་ཡོད། སྔོན་ཆད་དེ་ལྟར་ཡིན་ལ་ད་ལྟ་མི་ཤེས།
གློག་ཀླད་ལ་ལ་ནས་ཧི་མ་ལ་ཡའི་བོད་ཡིག་འདི་དེ་ཙམ་མིག་ལ་མཛེས་པོ་ཞིག་གཏགས་མི་ཐུབ། གོང་དུ་དཀོན་མཆོག་གིས་བཤད་པའི་མགོ་འདོགས་ཀྱི་རིགས་དེ་བཞིན་རེད། ཡིན་ན་ཡང་རང་གི་གློག་ཀླད་དུ་དེ་ལྟར་ཤར་བ་མ་གཏོགས་གློག་ཀླད་གཞན་པའི་ངོས་སུ་ལྟ་དུས་རང་གིས་གཏགས་པ་དེ་ལ་སྐྱོན་མེད་པར་ཀློག་ཐུབ་ཀྱི་འདུག གང་ལྟར་ཡིག་གཟུགས་གསར་བ་འདི་ཡིད་ཡོངས་སུ་ཚིམས་པའི་ཡིག་གཟུགས་ཤིག་མ་རེད།
མཐེབ་གནོན་ཤད་རྟགས་ཅན་དང་གུག་གུག་པོ་ཟེར་བ་གང་རེད། དབྱིན་ཇིའི་སྒང་ནས་ལན་གནང་རོགས། ཨ་ཁུ་ལེ་ལེ།
མཐེབ་གནོན་ཤད་རྟགས་ཅན། enter
མཐེབ་གནོན་གུག་རྟགས་ཅན། }
དགོངས་དག། ཤད་རྟགས་ཅན་དེ་འདི་རེད། enter གྱི་ཀླད་ན་ཡོད་པའི་\|རྟགས་ཅན་རེ་ཡིན།
འཐེབ་གཞོང་ཆུང་ཆུང་འདིའི་ནང་ནས་མ་བཙལ་ས་མེད། ཁ་ལོ་བ་ཆིག་ལི་ཟིག་འདྲ་བོ་རིག་ས་ན་མེད་ཀི ཤད་རྟགས་ཅན་\|དང་གུག་གུག་པོ་}ལ་མནན་ན་འདི་འདྲ་ཤར་ཐལ། \༑༒༾ཨ་ཧ་བོ་་་་ད་འདི་ལྟས་ངན་མིན་ན་ཅི་རེད།
དགོངས་དག ད་ཤེས་མ་སོང་། གློག་ཀླད་མི་འདྲ་བའི་རྐྱེན་ཡིན་ནམ། ངས་གོང་གི་རིན་ཆེན་སྤུངས་ཤད་འདྲ་བོ་དེ་འདྲ་ཞིག་བཙལ་ནས་རྙེད་ཀྱང་མ་སོང་།
གོང་གི་ཨོ་པིན་ཨོ་ཕི་སི་(openoffice)ནང་ལ་སོང་ནས་གཅིག་བལྟས་རུང་མ་བ་ཐལ། མ་གཞི་ནས་བོད་ཡིག་འདིར་མ་འགྲིག་པ་དང་མ་འཐུས་པ་མང་སེ་འདུག
མི་ལ་རས་པ་ནི་རབ་བྱུང་དང་པོའི་ལྕགས་འབྲུག་ལོར་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་འཁྲུངས། དགུང་ལོ་ཞེ་ལྔ་པ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་སྒོམ་སྒྲུབ་མཛད་པས་མཆོག་གི་དངོས་གྲུབ་བརྙེས། རས་ཆུང་པ་དང༌། དྭགས་པོ་ལྷ་རྗེ་སོགས་སློབ་མ་མང་དུ་བསྐྲུན། ཁོང་གི་རྣམ་མགུར་མཛད་པ་པོ་རྣལ་འབྱོར་བ་རུས་པའི་རྒྱན་ཅན་ནམ་མཚན་དངོས་སངས་རྒྱས་རྒྱལ་མཚན་ནི། གཙང་མྱང་སྟོད་སྟག་ཚལ་དུ་ཡབ་སྔགས་འཆང་སངས་རྒྱས་དཔལ་ལྡན་དང༌། ཡུམ་སངས་རྒྱས་འདྲེན་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ་༡༤༥༢ལོར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་སྤྲེལ་༡༤༨༨ལོར་རྗེ་བཙུན་མི་ལའི་རྣམ་ཐར་ལྗགས་རྩོམ་མཛད། སྤྱིར་མི་ལ་རས་པའི་རྣམ་ཐར་ལ་རྒྱས་བསྡུས་ཁ་ཤས་མཇལ་རྒྱུ་འདུག ལོ་ཤས་གོང་ལག་བྲིས་མ་ཞིག་བཀླགས་པ་དེ་དང༌། ད་ཡོད་དཔར་གཞི་གཉིས་བསྡུར་བ་ཡིན་ན། དེ་གཉིས་ལ་ཚིག་སྦྱོར་དང་ས་བཅད་གང་ཐད་ན་ཁྱད་པར་མི་ཉུང་ཙམ་འདུག ཡིན་ནའང༌། འདི་སྐོར་ཚང་མ་མཛད་མཁན་གཅིག་ཡིན་མིན་ནི་མ་ཤེས། མང་གང་ལྟར་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་དག་ལ་ནི། མར་བའི་རྣམ་ཐར་དང་མི་ལའི་རྣམ་ཐར། རས་ཆུང་བའི་རྣམ་ཐར། ར་ལོའི་རྣམ་ཐར་སོགས་མཁོ་གལ་ཆེ་བ་ཡིན། དུས་རབས་གཅིག་པའི་མཁས་གྲུབ་དེ་དག་གི་རྣམ་ཐར་ནི་རྩ་འགངས་ཆེར་བར་འདུག
དཀོན་མཆོག་ལགས། ཁྱེད་ཀྱི་གློག་ཀླད་དེ་ཁྱེད་རང་ནང་བཞིན་ནང་ངོས་ནས་ཕྱི་རྒྱལ་གྱི་ངོ་བོ་ལ་འགྱུར་ཚར་བ་འདྲ། རྒྱུ་མཚན་དེས་མི་ཚེ་འདིའི་རིང་བོད་ཡིག་ཚད་ལྡན་ཞིག་ཡོང་རྒྱུ་ཧ་ཅང་དཀའ་བ་མ་ཟད་ཁྱེད་ཉིད་བོད་ལས་གྱེས་བཞིན་པའི་ལག་བརྡ་ཡང་བཏང་བ་རེད། ཀླུ་སྨྱོན་ཡང་ཚད་དེ་ལ་སྔོན་ནས་ལྷུང་ཚར་བར་བརྟེན་ཁྱེད་ཀྱིས་སྐྱབས་གནས་སུ་འཛིན་པ་འདི་ཡང་ངལ་བ་ཙམ་དུ་ཟད། དེས་ན་དུས་བབ་་དྲྭ་ཁང་གི་བསོད་དེའི་ཟིན་བྲིས་ལ་གཅིག་གཟིགས་དང་ཕལ་ཆེར་དུ་ཁ་ཆེན་པོ་དེ་ལས་གྲོལ་བའི་རེ་བ་ཞིག་ཡོད
རེད་ཡ། ཆོས་རྗེ་ས་པཎ་རྒྱ་ནག་ལ་ཕེབས་དུས་ཆེན་པོ་གོ་དན་གྱིས་དྲིས་ལན་དུ། ཕོ་རྒོད་པོ་མི་ལ་རས་པ་ཡོད་ཅེས་ཐུན་མིན་གྱི་ངོམ་སོ་བྱེད་ཆོག་པའི་མི་ལ་རས་པ་འདི་ཉིད་བོད་ཀྱི་ལོ་རྒྱུས་ཐོག་གོ་གནས་ཆེན་པོ་འཛིན་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག་རེད། ཡིན་ནའང་དེང་དུས་ཀྱི་ན་གཞོན་སྐྱལ་སྟོང་ལས་མེད་འཁྱམས་པོ་འདི་ཚོས་མི་ལ་རས་པ་ཞེས་པ་ཞིག་ཕལ་ཆེར་བྱུང་མེད་སྐད་དང་། དེའི་མཛད་རྗེས་ཇི་སྙེད་པ་དག་ཀྱང་བརྫུན་དུ་འདུག་ཚོད་ཀྱི་དཔྱད་པ་འདི་ཚོ་ནི། ལེགས་བཤད་ལས། སྤྲེའུ་རྣམས་ཀྱིས་མི་བཟུང་ནས།། རྔ་མ་མེད་ཅེས་གད་མོ་བྱེད།། ཅེས་པ་འདི་ལས་མ་འདས། དེས་ན་ངས་ཁྱེད་ཅག་ལ་རེ་འབོད་བྱེད་རྒྱུ་ཞིག་ལ་དམར་པོའི་ལྟ་སྤྱོད་ཁུར་ནས་རང་མི་རིགས་འདི་ལ་རྒོལ་རྡུང་མ་གནང་རོགས
མིའུ་ཕྲུག་ལགས། རྒོལ་གཏམ་ཞིག་དང་མཉམ་ལམ་སྟོན་བྱས་པར་ཐུགས་ཆེ་གནང་། མ་གཞི་ངོ་བོ་གཞན་ཞིག་ལ་འགྱུར་འགྲོ་བཞིན་པ་ང་དང་ཁོ་ཟེར་ཡ་མི་འདུག ཁྱོད་ཀྱང་གཅིག་པ་མིན་ནམ། རང་རེ་ལྟས་དབང་ངམ་བཙན་དབང་གིས་འདི་ལྟར་བོད་དང་གྱེས་པ་ལས་དགའ་ནས་ལམ་ཁ་འདི་འདེམས་པ་ཡིན་དོན་མེད། རྗེས་ནས་ཐུགས།
རང་ཉིད་གཅིག་པོ་གློག་ཀླད་ཀྱི་གམ་ནས་འཇམ་ཅག་གེར་ལས་ཀ་ལ་བྲེལ་ནས་བསྡད་དུས་མཚམས་ལན་རེར་ཁ་བརྡ་ཚང་ལ་ཡོང་འདོད་ཆེ་གི
དེ་ནི་མ་གཞི་དུངས་ཞེན་ཞིག་གིས་རེད། བོད་སྐད་ཡིག་ལ་དུངས་པའི་རྐྱེན་གྱིས་རེད། ཡིན་ན་འང་ཁ་བརྡ་ཚང་ལ་ཁ་བྲལ་དུས་ང་རང་གཞི་ནས་འགྱོད་པ་ཞིག་གིས་དེད་ནས་ཡོང་གི། དེ་ནི་ཁ་བརྡའི་ནང་ཁ་འཛིང་བྱེད་རྒྱུར་དགའ་བ་དང་ལྷག་པར་དུ་མཆན་བུ་འདོགས་མཁན་རྣམ་གྱིས་རྩོམ་ཡིག་ལ་ཞིབ་དཔྱོད་མི་བྱེད་པར་ཧོལ་རྒྱུག་དང་ཧམ་བཤད་བྱེད་རྒྱུར་དགའ་བ་སོགས་རེད། ད་དུང་ཁོ་ཚོས་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློའི་བློ་འབྱེད་སྐོར་བཤད་མི་ཤེས་པའམ་ཡང་ན་བཤད་རྒྱུར་གོམས་མེད་པས་རྐྱེན་གྱིས་མཚམས་རེར་རང་ཉིད་འདིའི་ཁོར་ཡུག་ཏུ་ཡོང་བའང་འགྱོད་དགོས་པའི་ཚོར་རླབས་མང་བོ་ཡོང་གི་འདུག འདི་ནི་ངས་ངལ་གསོའི་གསོལ་ཇ་གང་གི་ཚབ་ཏུ་ཁ་བརྡ་ཚང་ལ་སོང་བའི་རྗེས་ཀྱི་དཀའ་ངལ་རེད།
མི་དང་མིའི་སེམས་ཁམས་ལ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ཚེ་རྗེས་ཕྱོགས་ཐུགས་འཛེམ་གནང་རོགས། ང་ལྟ་བུའི་མི་བུ་ཉམ་ཆུང་ཚོ་ལ་ཐུགས་རྗེ་གནང་རོགས། ང་ལྟ་བུའི་བོད་མི་རྗེས་ལུས་ཚོ་ལ་ཕྱིར་མིག་གནང་རོགས།
ངས་ཁྱེད་ཚོར་རེ་བ་ཞུ་བཞིན་པ་ནི་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློ་གཏོང་རན་ཡོད་པའི་སྐོར་ཤོད་ཟེར་གྱིན་ཡོད།
ཨ་ཨ་ཨ་ ཀླུ་སྨྱོན་ཚང་གིས་དངོས་གནས་མཁས་ཚུལ་བཞེས་འདུག ཆོས་འཇིག་རྟེན་གང་གི་ཕྱོགས་ལའང་ཆགས་ཐོགས་ཤིག་ཡོད་ས་མ་རེད། ངར་བ་རེད། ཨ་རོ། འདྲེ་ཤར་སྒོར་ཡོད་ན་གླུད་ནུབ་སྒོ་ལ་མ་གཏོང་རོགས། བུ་རྒོད་པོ་ཁ་རྒྱ་ཕྱོགས་ལ་འཁོར་ནས་ཤུ་རེ་བྱོས།
ཨ་ཙི། དུས་ཀྱི་ཕོ་ཉ་འདི་ཅི་འདྲའི་ཁ་ཞིག་བཙན་གི་ དྲིན་ཅན་པོ། ཁ་ནས་ཆོས་བཏོན་ལག་པས་འབུ་མ་གསོད།
འགྱོད་པ་ཡོད་ན་མ་ཡོང་རོགས།། དུང་ཞེན་ཡོད་ན་ཡོང་ཡང་ཆོག། ཅི་བཤད་རང་གི་བསམ་ནོ་བྱོས།། གཞན་གྱི་ཁ་ལ་ཉན་དོན་མེད།།་ ཡ་རབས་མ་རབས་སྤྱོད་པའི་ཤེས།། ས་ཆ་གང་ཡིན་སྐད་ཀྱི་ཤེས།།