རས་པ།
བདག་གིས་མྱོས་གྲུ་ཆུང་ཆུང་ཞིག་གཏོང་བ་ཡིན་ནམ
བདག་གིས་གསེར་གྱི་ཁང་བཟང་ཞིག་སྐོར་བ་ཡིན་ནམ
ཡང་ན བདག་གིས་སྔོ་རྩྭ་ཁམ་གང་དང་འདྲ་བའི་ཚེ་སྲོག་འདི་འདོར་བ་ཡིན་ནམ
ཡང་ན སྨྲ་བ་བཅད་དེ་ཁུ་སིམ་པོར་བསྡད་པ་ཡིན་ནམ
འོན་ཀྱང ཁ་བ་ནི་སྐྱོ་བའི་མཚོན་དོན་ནས་རེ་སྒུག་གི་དོན་དུ་བཞེངས་པ་ག་རེ་རེད
ང་ནི་ཅི་ཡང་མ་ཡིན་ཏེ སྐྱབས་བཅོལ་བ་ཞིག་གོ
ཆུ་བོ་དང་རླུང་བུ་ནི་རང་དབང་ཟེར་བ་དེ་རེག་ཡོད་པ་ཞིག་ཡིན་ནམ
གསར་དུ་འབུས་པའི་ལྗང་མྱུག་དེ་ནི་རང་དབང་གིས་སླེབས་པ་ཡིན་ནམ
ཡང་ན ཚོར་བ་ཅི་ཡང་མེད་པའི་འགུལ་སྟངས་འདི་ཡིས་བདག་ཉིད་སྐྱོང་ངམ
ཡང་ན བསམ་ཤེས་གཏན་ནས་མི་བྱེད་པའི་བྱ་སྤྱོད་དེ་ནི་སློབ་གསོ་ཡིན་ནམ
འོན་ཀྱང འཚོ་བ་ནི་རེ་སྒུག་གིས་འབར་བའི་ཞག་སྒྲོན་ཉག་གཅིག་དང་འདྲ་སྟེ
སྡང་སེམས་ཆེ་བའི་ཕུ་འདེབས་ཀྱི་སྟོབས་ཤུགས་དེ་ཉིད་ཀྱིས
ང་རང་སྐྱབས་བཅོལ་བ་ཞིག་ཡིན་པ་ཚོར་རོ
འོན་ཀྱང རང་དབང་ནི་རང་དབང་གིས་བརླགས་ཏེ
སྒྲིག་འཛུགས་ནི་ཅི་ཞིག་རེད
༢༠༡༠།༢།༢༨དགོང་མོ།
སྐྱབས་བཅོལ་བའི་འཚོ་གནས་ནི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན་པར་ཤོག
སྐྱབས་བཅོལ་བའི་དཀའ་ངལ་ནི་ཉམས་མྱོང་གི་ཚད་ཐིག་ཡིན་པར་ཤོག
སྐྱབས་བཅོལ་བའི་ཁ་སྟབས་ནི་རྒྱལ་ཁ་ཡི་སྔོན་འགྲོ་ཡིན་པར་ཤོག
སྐྱབས་བཅོལ་བའི་དེ་རིང་ནི་སང་ཉིན་གྱི་མདུན་ལམ་ཡིན་པར་ཤོག
སྐྱབས་བཅོལ་བའི་འཐད་རྩོད་ནི་མ་འོངས་པའི་དམིགས་འདུན་ཡིན་པར་ཤོག
སྐྱབས་བཅོལ་བའི་གནས་སྟངས་ནི་རང་ཉིད་ཀྱི་ངོས་འཛིན་ཡིན་པར་ཤོག