འདུས་བྱུང་ཕུན་ཚོགས་ཚེ་རིང་།
གནའ་སྔ་མོ་སྔ་མོ་ཞིག་ལ།
རྒྱང་རིང་རྒྱང་རིང་ནས།
བརྩེ་དུང་ཁྱེད་ལ་ཡང་ཡང་ཕྱོགས།
སེམས་ལྡན་ཞིག་ཡིན་ཕྱིན།
ཁྱེད་ལ་དགའ་མ་མྱོང་མཁན་མེད་ལ།
ཁྱེད་ལ་ཞེན་ཆགས་མ་མྱོང་མཁན་ཞིག་དེ་བས་མེད།
དེ་རིང་ནི་ཁྱེད་དང་སླར་ཡང་འགྲོགས་པའི་ཉིན་མོ་དེ་ཡིན་ལ།
དེ་ནི་འཚོ་བ་ཡོད་པའི་བདེན་རྟགས་ཀྱང་ཡིན་ལ།
འཚོ་བའི་ངར་ཤུགས་དྲོན་མོ་དེས།
འཆི་མེད་པའི་བརྡ་གསོན་པོ་དེ་མི་རེ་ངོ་རེར་བཏང་སོང་།
༢༠༡༥ ། ༢ ། ༡༤ ཉིན་ལ།