སོག་མདའ།
གནམ་གྱི་འོག་གི་འཇིག་རྟེན་ཡངས་པོར་ཤིས་བརྗོད་དགེ་ལེགས་ཆར་དུ་བསྙིལ།།
ས་ཡི་ཐོག་གི་སྐྱེ་བས་འགྲོ་བར་བདེ་ལེགས་འབུམ་གྱི་འཇའ་འོད་འཁྲུངས།།
གསར་བཞད་སྐྱ་རེངས་གནམ་ལོ་བཞད་པའི་གངས་ཅན་ཁ་བའི་ཡུལ་ལྗོངས་ལ།།
ལྷན་ཏུ་གོ་ཁ་གཅིག་ལ་འཛོམས་པའི་ཁ་གཡང་འོ་མའི་ཆབ་ཀྱིས་མཆོད།།
རྟེན་འབྲེལ་འགྲིག་པའི་ཐོག་མ་དེ་ལ་དཀོན་མཆོག་ལྷ་ལ་ཕྱག་གསུམ་འབུལ།།
རྟེན་འབྲེལ་འགྲིག་པའི་བར་མ་དེ་ལ་ལྷ་ཀླུ་གཉན་ལ་བསང་ཞིག་འབུལ།།
རྟེན་འབྲེལ་འགྲིག་པའི་ཞོལ་མ་དེ་ལ་གཙང་ཆབ་སྔོན་མོས་མཆོད་ཅིག་འཕེན།།
རྟེན་འབྲེལ་ཀུན་འདུས་གཡང་གི་ཪ་བར་དུས་གསུམ་ཀུན་ཏུ་དཔལ་འབར་ཤོག །
སྟོད་ཀྱི་དབུས་གཙང་ཆོས་ཀྱི་ཞིང་ལ་ཆོས་དཔལ་རྒྱས་པས་ལོ་སར་བཟང་།།
བར་གྱི་མདོ་ཁམས་མི་ཡི་རྒྱུད་ལ་རིགས་རྒྱུད་དར་བས་ལོ་སར་བཟང་།།
སྨད་ཀྱི་མདོ་སྨད་རྟ་ཡི་ཆོལ་ཁར་ཤེས་རིག་རྒྱས་པས་ལོ་སར་བཟང་།།
སྟོད་སྨད་བར་གྱི་ཆོལ་གསུམ་ཕུ་ནུའི་མཐུན་སྒྲིལ་དམ་པས་ལོ་སར་བཟང་།།
བཀྲ་ཤིས་བཀྲ་ཤིས་ཆོས་ཀྱི་བཀྲ་ཤིས་དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །
བཀྲ་ཤིས་བཀྲ་ཤིས་ནོར་གྱི་བཀྲ་ཤིས་ཕྱུགས་གཡང་གཏེར་གྱིས་བཀྲ་ཤིས་ཤོག །
བཀྲ་ཤིས་བཀྲ་ཤིས་མི་ཡི་བཀྲ་ཤིས་ནད་མེད་ཚེ་རིང་བཀྲ་ཤིས་ཤོག །
བཀྲ་ཤིས་བཀྲ་ཤིས་བདེ་ལེགས་ཀུན་འབྱུང་འདོད་པའི་དཔལ་གྱིས་བཀྲ་ཤིས་ཤོག །
༢༠༡༥་༢་༡༧་ཉིན་རང་ཤག་ནས།
ཆང་ལ་དགའ་བའི་དབུས་པ་རྣམས་ཀྱང་ཕོ་མོ་དབྱེར་མེད་ཆང་ཐུངས་ཤིག།
ཤ་ལ་དགའ་བའི་ཁམས་པ་རྣམས་ཀྱང་རྒན་གཞོན་དབྱེར་མེད་ཤ་ཟོ་ཞིག།
ཐུག་པར་དགའ་བའི་ཨ་མདོ་རྣམས་ཀྱང་སྐྱ་སེར་དབྱེར་མེད་ཐུག་པ་ཐུངས།།
རྙོག་གྲར་དགའ་བའི་དྲྭ་འབུ་རྣམས་ཀྱང་ཉེ་རིང་དབྱེར་མེད་རྙོག་གྲ་མཛོད།།
ཆོས་ལུགས་རྨོངས་དད་རྣམས་ཀྱིས་ཆོས་ལ་ཞུགས་ནས་བསྒོམ་པ་མཛོད།
ཆོས་ལ་མི་དད་རྣམས་ཀྱང་ཚེ་འདིའི་བདེ་སྐྱིད་ལོངས་སུ་སྤྱོད།
རང་བཙན་དགའ་བ་རྣམས་ཀྱིས་ཧོར་གྱི་ལོ་གསར་མེད་པར་མཛོད།
དབུ་ལམ་དག་སྣང་ཅན་རྣམས་ལོ་གསར་འདི་ལ་དགའ་སྟོན་མཛོད།
ཁྱུང་སེ་བ་ཡི་གསུང་པ་བདེན།
བོད་ལོ་ནི་སར་ཚར་ཡིན་་་བོད་རྩ་མེད་བཟོད་པའི་དུས་ཆེན་་་ཧོ་ལོ་ནི་མི་སར་ཡ།
བོད་ལ་དགའ་བའི་བོད་མི་ཡིན་ན་བོད་ལོ་ལོ་སར་གཏོང་དགོས་རེད། དགྲ་ལ་དགའ་བའི་ངན་པ་ལག་
འབྲེལ་ཡིན་ན་ཧོར་ལོ་ལོ་སར་གཏོང་དགོས་རེད། དེ་ནི་རང་རང་ལངས་ཕྱོགས་གང་ཡིན་དེ་རུ་འགྲོ་རྒྱུ་རེད།
མ་གཞི་བོད་པ་འཚོ་དགྲ་གྲོགས་ནོར་འཛུལ་ཤིན་ཏུ་ཆེ་ཧཧཧཧཧཧ།
ཚེས་གཅིག་བླ་མའི་ལོ་གསར་ཆོས་ཕྱོགས་བྱ་བ་སྤེལ་།ན་བཟང་།
ཚེས་གཉིས་དཔོན་པོའི་ལོ་གསར་ཆབ་སྲིད་བྱ་བ་བརྩམས་ན་བཟང་།
ཚེས་གསུམ་མི་མང་ལོ་གསར་མི་ཚེའི་མདུན་ལམ་བརྩམས་ན་བཟང་།
ཤིང་ལུག་གནམ་ལོ་གསར་ཚེས་ལ་་གཞིས་བྱེས་་ཆོལ་གསུམ་བོད་རིགས་
ཡོངས་ལ་བཀྲིས་བདེ་ལེགས་ཞུ་།
བོད་རྒྱལ་ལོ་།