ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་ས་མ་ཡེ།
ཀུན་བཟང་རང་བྱུང་གནས་འདི་ངོ་མཚར་གྱི་ཕ་ཁྱིམ།།
ཆོས་གླིང་མཚན་ཉིན་ཀུན་ཚང་བཤད་སྒྲུབ་ཀྱི་འབྱུང་གནས།།
གངས་ལྡན་རི་བོའི་འདབས་ཀྱི་དགའ་ཚལ་ལ་བསམ་ཚེ།།
གྲོགས་མཆོག་ཆོས་མཆེད་ཡོངས་ལ་སྙན་ཞུ་ཙམ་ཞུའོ།།
ཤྭ་བ་རི་བོང་གཡང་དག་བག་ཡངས་སུ་རྒྱུ་ཞིང་།།
བ་གླང་རྟ་ལུག་ཞིང་གི་འཚོ་བ་ལ་རོལ་བའི།།
ཞིང་འབྲོག་གཤིས་བཟང་རྒྱུད་པའི་རོགས་དན་ལ་བརྟེན་ནས།།
མི་ཚེ་ཆོས་ལ་བརྩོན་འདི་སྤྱོད་པའི་སྐལ་བཟང་ང་སྐྱིད་པ།།
བྱ་དང་བྱེའུ་ཚོགས་ཀྱིས་སྙན་ངག་ལ་ཉན་ཞིང་།།
ཤིང་དང་སྡུམ་རའི་ནང་གི་དྲི་བཟང་ལ་རོལ་ཞིང་།།
ཆུ་དང་ཆུ་ཀླུང་དག་གི་སྒྲ་སྐད་ལ་ཆགས་ཞིང་།།
བཤད་དང་སྒྲུབ་པས་ཀུན་བཟང་ཆོས་གླིང་ལ་གནས་སོ།།
འཆི་ཡང་གློ་བ་དགའ་སྟེ་དག་ཞིང་དུ་ཕེབས་འགྲོ།།
གསོན་ཡང་སེམས་པ་སྐྱིད་པའི་དབེན་ས་རུ་བསྡད་ནས།།
བཀའ་གཏེར་མན་ངག་བརྒྱུད་པའི་བཀའ་དྲིན་ཉིད་སྒོམ་ཡོད།།
རྒྱང་རིང་ཡུལ་གྱིས་བསྐལ་བའི་ཆོས་མཆེད་ཀྱི་གྲོགས་དང་།།
ནམ་ཡང་སྙིང་ལ་བཞུགས་པའི་དཔལ་ལྡན་གྱི་བླ་མ།།
ཉེ་རིང་ངོ་ལྐོག་མེད་པའི་དམ་ཚིག་འདི་དྲན་ཚེ།།
འདི་ཕྱི་བར་དོར་སྐྱིད་པའི་ཐོལ་གླུ་འདི་འབུལ་ཡ།།
བླ་མ་གཅིག་པའི་རྡོ་རྗེ་མཆེད་ལྕམ་ཀུན་དྲན་ནས།།
དཀྱིལ་འཁོར་གཅིག་ཏུ་འཚོགས་པའི་ལས་སྨོན་གྱི་དམ་ཚིག།
ནམ་ཡང་ཉམས་པ་མེད་པའི་རྟེན་འབྲེལ་འདི་བསམ་ཚེ།།
བསྐལ་བཟང་ལོ་ཟླ་གསར་རྙིང་ཁྱད་པར་ཞིག་མི་འདུག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་མོ་ལུག་གི་ལོ་སར་ལ་རྡོ་རྗེ་མཆེད་པོ་ཡོངས་ལ་ལེགས་སྐྱེས་སུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཨེ་མ་ཧོས་གུས་པས་ཕུལ་བར་དགེའོ།། །།
ཨེ་མ་ཧོ་ལགས་ངོ་མཚར་ཆེ་།
ཤིང་ལུག་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་།།
བོད་རྒྱལ་ལོ་།
ཨེ་མ་ཧོ་བཀྲིས་བདེ་ལེགས། རྟག་པར་ཀུན་བཟང་གཅིག་གཅིག་གཅིག་ལབ་སྡད་ན་ཆོ་ཞིག་འདུག་བས།
རང་གིས་རང་བསྐྱག་ན་ཨེ།
བོད་རྒྱལ་ལོ། ཨེ་མ་ཧོ་རྒྱལ་ལོ།། ཏྰ་ལའི་བླ་མ་རྒྱལ་ལོ། ཁྱུང་སེ་བོན་རྒྱལ་ལོ།།ཀརྨ་པ་མཐའ་ཡས་རྡོ་རྗེ་རྒྱལ་ལོ། སྲིད་འཛིན་སེངྒེ་རྒྱལ་ལོ།མདོར་ན་བོད་པ་རྩམ་གཟན་ཚང་མ་རྒྱལ་ལོ།།
ལོ་སར་ཡིན་དང་ལོ་གསར་རེད། །
་
ཨེ་མ་ཧོ་ཡི་ལོ་སར་ལས། །
ཀརྡོ་ང་ཡི་ལོ་གསར་གསར། །
ཨེ་མའི་ལོ་སར་སྔོན་འཇུག་ཆད། །
ཀརྡོའི་ལོ་གསར་སྔོན་རྗེས་ཚང་། །
་
གནམ་ལོ་གསར་པར་འཚམས་འདྲི་ཡོད། །
གསར་པ་ཐམས་བཅས་ག་གསར་ཡིན་།
རྙིང་པ་ཐམས་བཅས་རྙིང་པ་ཡིན་།