ཨེ་མ་ཧོ།
ན་མོ་གུ་རུ་བྷྱཿ
བོད་ལ་བརྩེ་བའི་གདམས་པ་ཞིག།
སྙིང་གིས་དཀྱིལ་ནས་དྲན་པ་དག།
སྦས་གསང་མེད་པས་ཡོངས་ལ་གདམས།།
བསྟན་སྲིད་རྒུད་པ་སེལ་ནུས་ཤོག།
རང་ཆོས་རྩ་ཆེན་མ་ཤེས་ཞིང་།།
རིག་གཞུང་རྩ་བ་མ་ཟིན་ནས།།
གཞན་གྱི་རྗེས་རྒྱུགས་ཆེ་ས་ན།།
བོད་ཀྱི་སྙིང་པོའི་བསྟན་རྩ་ཤོར།།
ཐོབ་ཆེན་དཔོན་ལ་གཡོ་སྒྱུ་ཕྱུག།
ཉམ་ཆུང་མི་དམངས་གྲགས་རྒྱུགས་མང་།།
རྐུ་རྫུན་ནོར་ལ་བློ་གཏད་ན།།
བོད་དོན་ཕུག་མདུན་རིང་མོ་ཤོར།།
གྲུབ་མཐའ་ངན་ལ་རྩོད་པས་གཡེང་།།
ཡང་དག་ཤེས་པའི་རྣམ་དཔྱོད་དབེན།།
བྱམས་དང་སྙིང་རྗེ་ཁ་ཁྱེར་ན།།
ལུགས་གཉིས་ལམ་བཟང་དགྲ་ལག་ཤོར།།
ཤོར་བའི་རྒྱུ་རྐྱེན་རྣམ་དགུ་ཡིས།།
སྤྱི་དང་སྒེར་བས་རུལ་གསེང་རྒྱས།།
དེས་ལ་ལེགས་ཉེསས་ཤེས་བྱས་ནས།།
བདེན་དྲང་ཡང་དག་མཛད་པར་འཚལ།།
རྐྱེན་ཞིག་གིས་སྐུལ་ངོར་རབ་རྒྱན་ཤིང་ལུག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་བཟང་པོ་དང་པོ་ལ་གངས་ཅན་བསྟན་སྲིད་ལ་ཕན་དུ་རེ་ནས་བྲིས་པར་དགེའོ།། །།
ཏོག་ཙམ་ཉོག་འདུག་ཡ།
སང་ཉིན་ནས་ཉུང་ཉུང་སྤུས་ཀ་ཅན་རེ་ཨེ་ཡོང་ལྟོས།
མི་ལས་མེད་ཀྱི་འཚོ་བར་ངས་གྲོགས་པོས་དོགས་པ་གནང་གི་འདུག
་ཁྱིམ་པ་སུན་འབྱིན་གྱི་ཁོམ་པ་ལོངས་སྤྱོད་མཁན་རང་རེད།
བོད་ཡུལ་དགྲ་ལ་ཤོར་བ་དེ་།
སུ་གཅིག་ལ་ལེ་ཁག་མེད་ལེ་རེད་།
བོད་མི་མང་བསོད་རྣམས་དམན་པའི་ལན་།
བུ་འཇོན་པོ་ཡོད་ན་འཐོན་རན་རེད་།
རྟ་མགྱོགས་པོ་ཡོད་ན་རྒྱུགས་རན་རེད་།
འདའ་རྐྱེན་པོ་ཡོད་ན་རྒྱག་རན་རེད་།
དཔའ་བློ་ཁོག་ཡོད་ན་ངོམ་རན་རེད་།
རྒྱ་གུང་ཁྲན་མགོ་་འཕང་མཐོ་ཡི་འདའ་།
འབོས་ཕྲ་རེང་ཡོད་ན་ཁྱེར་རན་རེད་།
བུ་དཔའ་བོ་ཡོད་ན་མཐོན་རན་རེད་།
ཧ་ཧ་ཧ་སྐུ་རྩེད་ཞུས་་ཡིན་།
ན་མོས་བོད་ཀྱི་བཙན་ས་བོར།
ན་མོས་བོད་མིའི་དཔའ་རྩལ་བཅོམ།
ན་མོ་བོད་ལ་དར་ནས་བཟུང་།
བོད་ཀྱིས་གཞན་ལ་ན་མོ་བྱས།
བོད་ལྗོངས་རང་བཙན་ཤོར་སྟངས་ནི། །
་
བོད་རིགས་བསོད་ཟད་དུས་དང་གཅིག །
སྨོན་ལོག་དར་བའི་དུས་དང་གཉིས། །
སྐུ་དྲག་འགྱིད་ལུག་དུས་དང་གསུམ། །
ཛམ་གླིང་འགྱུར་བ་ཆེ་དང་བཞི། །
རྒྱ་ནག་གོང་མ་ཉམས་དང་ལྔ། །
མ་འོ་གུང་བྲན་བཙུགས་དང་དྲུག །
ང་བོད་གཡོ་སྒྱུ་ཆེ་དང་བདུན། །
འབའ་ཕུན་ཆོས་མེད་གྱུར་དང་བརྒྱད། །
དེང་རབས་ཅན་བསྒྱུར་བོད་དང་དགུ །
་
རྒྱུ་རྐྱེན་རྣམ་དེ་དག་ཚང་བས་སོ། །
ང་བོད་གཡོ་སྒྱུ་ཆེ་དང་བདུན། །
འདི།
ང་ཕོད་གཡོ་སྒྱུ་ཆེ་དང་བདུན། །