དཔལ་གློ་བོ་རྒྱལ་གྱིས་སྒྲ་ཕབ་བྱས།
༼༧སྐྱབས་མགོན་༧གོང་མ་རིན་པོ་ཆེས་བོད་རྒྱལ་ལོ་༢༡༤༢ ལོ་གསར་ལ་བསྩལ་བའི་གསུང་ཕྲིན།༽
བོད་ཕྱི་ནང་གཉིས་ལ་ཞུགས་ཡོད་པའི་ང་རང་ཚོའི་བླ་ཆེན་རྣམ་པ། མཁན་པོ་བླ་སྤྲུལ། དགེ་འདུན་འདུས་པ་རྒྱ་མཚོ། དེ་བཞིན་དད་སྦྱིན་ཁྱིམ་པ་ཕོ་མོ་རྣམས་ལ་ཞུ་ཡ་ལ།
བོད་ཤིང་ལུག་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ལ་མཛའ་ཞིང་བརྩེ་བས་མཚམས་འདྲི་དང་འབྲེལ་བའི་ཐོག་ནས་ཚང་མ་(ལོར་)ལ་བཀྲ་ཤིས་བདེ་ལེགས་ཞུ་(ཡེ)བའི་ཡོད། ང་རང་ཚོའི་སྔོན་གྱི་ལུགས་སྲོལ་(ཡར)ལ་གནམ་ལོ་གསར་པ་ཚེས་ཡོང་དུས་སྐབས།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨེ་མ་བག་དྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་ཐོབ་པར་ཤོག (ཅེས་བརྗོད་པ་ལྟར་)བྱས་ནས། གང་ལྟར་ཡང་ལོ་གསར་པའི་ནང་ལ་བཀྲ་ཤིས་པ་དང་། ཕུན་སུམ་ཚོགས་པ་ཚང་མ་ལ་ཡོང་བའི་སྨོན་ལམ་བརྒྱབ་པ་དང་། བཀྲ་ཤིས་
པའི་སྨོན་ཚིག་འདི་འདྲ་བརྗོད་(ཡ)པའི་ལུགས་སྲོལ་ཡོད་རེད། འདི་འདྲ་ཡིན་དུས་ཙ་ན་(ནས)སྨོན་ལམ་བརྒྱབ་(ཡ)དེ་ཞེ་དྲག་གལ་ཆེན་པོ་ཡིན་པ་རེད། ཡིན་པ་(ན)ཡང་དེའི་རྐྱེན་གྱིས་འཕོ་འགྱུར་དུ་མ་སོང་ན་མང་པོ་བྱུང་གི་ཡོད་རེད། ཡིན་པ་)ན)ཡང་ང་རང་ཚོ་ནང་པ་སངས་རྒྱས་པའི་ལུགས་ལ་སྨོན་ལམ་བརྒྱབ་(ཡ)དེ་གལ་ཆེན་པོ་རེད་དེ།
གཙོ་ཆེ་ཤོས་དེ་བདེ་སྡུག་གི་གནས་ཚུལ་གང་བྱུང་བ་ཡང་ཚང་མ་རང་རང་གིས་ལས་བཟང་ངན་བསགས་པ་ལ་བརྟེན་ནས་འབྱུང་གི་ཡོད་པ་གསུང་པ་རེད། འདི་ལྟར་ཡིན་དུས་འདས་པའི་ལོའི་ནང་ལ་ང་རང་ཚོར་འགྲུབ་བྲས་བྱུང་འདུག ཡག་(བ)པོ་ག་འདྲ་བྱས་འདུག སྡུག་(་བ་)པོ་ག་འདྲ་བྱས་འདུག ནོར་འཁྲུལ་ག་འདྲ་བྱས་འདུག་དེ་དག་ལ་བསྐྱར་ཞིབ་བྱས་ནས་གང་ལྟར་ཡང(་ནོར་འཁྲུལ་དང་།)མི་དགེ་བའི་ལས་གང་བྱས་པ་ཐམས་ཅད(ལ)འགྱོད་བཤགས་བྱས་(ཡ)པ་དང་། དགེ་བའི་ལས་མཚོན་པའི་ཡག་བ་(པོ)ག་འདྲ་བྱས་ཡོད་པ་དེ་དག་ལ་རྗེས་སུ་ཡི་རང་བྱས་པ་ཡིན་ན། རྗེས་སུ་ཡི་རང་བྱས་པ་ལ་བརྟེན་ནས་དགེ་བ་འཕེལ་འགྲོ་བ་དང་། འགྱོད་བཤགས་བྱས་པ་ལ་བརྟེན་ནས་མི་དགེ་བའི་ལས་ཐམས་ཅད་ནུས་ཤུགས་ཆུང་དུ་འགྲོ་བ་(ཡ)འདི་འདྲ་བྱས་ནས་གསུངས་པ་རེད།
འདི་འདྲ་ཡིན་དུས་ཙ་ན་(ནས)གང་ལྟར་ཡང་ལོ་གསར་པའི་ནང་ལ་ཚང་མར་བཀྲ་ཤིས་པ་དང་། ཕུན་སུམ་ཚོགས་པ་ཡོང་མི་ཡོང་ཟེར་བ་དེ་གཙོ་བོ་རང་རང་གི་ལས་ལ་རག་ལས་པ་ཡིན་པ་རེད། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས(བྱུང་)། (ཞེས་གསུངས་པ་ཡིན་དུས་ཙ་ན་(ནས)(མི་)སུ་དང་དང་སུ་ཡིན་ན་ཡང་ང་རང་ཚོ་ནང་པ་གཙོས་པའི་གང་ལྟར་ཡང་འཇིག་རྟེན་འདིའི་འགྲོ་བ་མི་མཚོན་པའི་སེམས་ཅན་ཚང་མ་(ལོར)བདེ་བ་འདོད་ཀྱི་ཡོད་རེད། བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། འདི་འདྲ་ཡིན་དུས་ཙ་ན་(ནས)སྡུག་བསྔལ་མི་འདོད་པ་ཡིན་ན་དེའི་རྒྱུ་སྡིག་པ་མི་དགེ་བ་སྤོང་དགོས་པ་དང་། བདེ་སྐྱིད་འདོད་པ་ཡིན་ན་དེའི་རྒྱུ་དགེ་བ་སྒྲུབ་དགོས། འདི་ལྟར་བྱས་པ་ཡིན་ན་སྨོན་ལམ་བརྒྱབ་མིན་ལ་མ་ལྟོས་པར་འབྲས་བུ་བཟང་པོ་ཡོང་ཡོང་པ་རེད། འདི་ལྟར་མ་བྱས་པ་ཡིན་ན་སྨོན་ལམ་བརྒྱབ་པའི་འབྲས་བུ་ཞེ་དྲག་ཞེ་དྲག་ཡོང་ཐུབ་ཁག་པོ་རེད། དེ་ལྟར་ཡིན་ཙང་ཚང་(ལོར)མས་ལོ་གསར་པ་ལ་འགྲུབ་འབྲས་ཡག་པོ་ཞིག་ཡོང་བ་ལ་(ཚང་མ)སོ་སོ་ཡིས་འབད་བརྩོན་བྱེད། སྡིག་པ་མི་དགེ་བའི་ལས་ཕྲ་ཤིང་ཕྲ་བ་ཡིན་ན་ཡང་སྤོང་བ་(ཡེ)དང་། དགེ་བའི་ལས་ཆེ་ཆུང་ག་འདྲ་ཞིག་ཡིན་ན་ཡང་འབད་བརྩོན་ཆེན་པོ་བྱས་ནས་སྒྲུབ་ཐུབ་པ་བྱུང་བ་ཡིན་ན་། དེ་ལ་བརྟེན་ནས་ལེགས་ཚོགས་མཐའ་དག་རང་བཞིན་གྱི་ཡོང་སྡོད་(ཡ)ཅིག་ཡོང་གི་ཡོད་པ་རེད། འདི་འདྲ་ཡིན་ཙང་ཚང་(ལོར)མས་ཐུགས་ལ་འཇོག་པའི་ཐོག་ནས་བླང་དོར་ཚུལ་བཞིན་དུ་ཡོང་བ་ལ་ཐུགས་ཁུར་རྒྱ་མི་ཆུང་བ་གནང་རོགས་གནང་།
ང་རང་གི་ངོས་ནས་ཡིན་ན་ཡང་ང་རང་ཚོའི་དགོན་སྡེ་ཁག་ལ་ག་དུས་ཡིན་ན་ཡང་ངོས་ཀྱིས་ལབ་ཀྱི་ཡོད། ཆུ་དང་མ་སོང་ན་(ཆོས་སྡེ་)ཆུ་མིག་ཡོད་ས་དེ་ང་རང་ཚོའི་ཕ་ཡུལ་བོད་གངས་ཅན་ལྗོངས་ན་ཡོད་པའི་དགོན་པ་དེ་དག་(འདི་གའི་འདི)རེད། དེ་དག་(འདི་གའི་འདི)་དངོས་ནས་དྲང་ནས་དགེ་འདུན་འདུས་ཚོགས་རྒྱས་པ་དང་། ཐུགས་མཐུན་ཁྲིམས་གཙང་ཡོང་བ་དང་། བཤད་སྒྲུབ་ཆོས་བཞིན་འཕེལ་བ་བྱུང་བ་ཡིན་ན་འཛམ་གླིང་ཕྱོགས་ག་ས་ག་ལ་བསྟན་པ་སྤྱི་དང་བྱེ་བྲག་དར་རྒྱས་གོང་འཕེལ་ཡོང་བ་དང་ཡོང་རྒྱུ་གཞི་གྲུབ་གྲུབ་པ་རེད། ཆུ་དང་མ་སོང་ན་ཆུ་མིག་ཡོད་ས་(ཆོས་སྡེ)དེ་གཞི་མ་གྲུབ་ན་ཕྱི་ལོག་ལ་གང་ལྟར་ཡོད་པ་ཡིན་ན་ཡང་ཞེ་བོ་ཞེ་བོ་གཅིག་ས་གནས་ཡུལ་དུས་གནས་ཐུབ་(ཡ)ཁག་པོ་འདྲ་ཆགས་ཀྱི་ཡོད་རེད།
འདི་འདྲ་ཡིན་དུས་ཙ་ན་(ནས)ཚང་མས་(ལོར)ད་ལྟ་ནང་བཞིན་བྱས་ནས་བསྟན་པ་སྤྱི་དང་བྱེ་བྲག་ཚང་མ་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་རྒྱུ་ལ་ཐུགས་ཁུར་རྒྱ་མི་ཆུང་བ་གནང་རོགས་གནང་ཞུ་བ་(ཡ)དང་། བསྟན་པ་རྒྱས་པ་འདི་སྦྱིན་བདག་དད་སྦྱིན་མི་མང་ཆོས་བརྒྱུད་མི་མང་ལ་ཞེ་དྲག་རག་ལས་ཡོད་རེད། གྲྭ་བ་ཡིན་ན་ཡང་མི་མང་ནས་ཡར་ཡོང་དགོས་པ་རེད། འདི་(ག་ནང)བཞིན་དགེ་འདུན་འཚོ་བའི་མཐུན་རྐྱེན་ཡིན་ན་ཡང་མི་མང་ནས་ཡར་ཡོང་གི་ཡོད་རེད། དེ་འདྲ་ཡིན་ཙང་དད་སྦྱིན་ཕོ་མོ་ཚོ་ཡིན་(པ)ན་ཡང་ཁྱེད་རང་ཚོ་ཚང་མས་(ལོར)སྡིག་པ་སྤོང་(ཡེ)དང་། དགེ་བ་སྒྲུབ་(ཡ)། དེ་རིང་ཁ་སང་སྤྱིར་བཏང་བྱས་ན་ལྷག་པར་བོད་ནང་ལ་དགོན་སྡེ་ཁག་གིས་བླ་མ་ཚོས་སློབ་སྟོན་གནང་བའི་ཐོག་ནས་གང་ཅིའི་ཐོག་ལ་ཞེ་དྲག་གིས་དགེ་བ་བཅུ་ཡི་ཁྲིམས་སྲུང་བྱས། དགེ་བཅུ་ཡི་ཁྲིམས་ཐོག་ནས་ཞེ་དྲག་ཡར་རྒྱས་འགྲོ་ཡི་ཡོད་པ་གོ་བྱུང་། ཞེ་དྲག་དགའ་བོ་བྱུང་སྙིང་ནས་རྗེས་སུ་ཡི་རང་ཡོད།
ད་དུང་ཡིན་ན་ཡང་འདི་ལྟ་བུའི་སྒོ་ནས་གང་ལྟར་དགེ་བའི་ལས་སྒྲུབ་(ཡེ)དང་སྡིག་སྤོང་(ཡེ། ང་རང་གི་ངོས་ནས་ཡིན་ན་ཡང་(རེད།)དད་སྥྱིན་ཕོ་མོ་ཚོའི་ངོས་ནས་ཡིན་ན་ཡང་ཕྱི་ནང་གི་འགལ་རྐྱེན་མཐའ་དག་ཞི་ཞིང་། ཚེ་བསོད་ལེགས་ཚོགས་མཐའ་དག་གོང་ནས་གོང་དུ་འཕེལ་བཞིན་རྒྱས་པ་དང་། བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པའི་སྒོ་ནས་ཡིད་བཞིན་དུ་འགྲུབ་(ཡ)པའི་སྨོན་ལམ་རྟགཔར་བརྒྱབ་ཀྱི་ཡོད། དེ་དོན་ཚང་མ་ཐུགས་ལ་འཇོག་རོགས་གནང་། ཡང་བསྐྱར་ཚང་མ་(ལོར)འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཡོད་ཞུ་(ཡ)གི་ཡིན།
བོད་ལ་དགའ་བའི་བོད་མི་ཡིན་ན་བོད་ལོ་ལོ་སར་གཏོང་དགོས་རེད། དགྲ་ལ་དགའ་བའི་ངན་པ་ལག་འབྲེལ་ཡིན་ན་ཧོར་ལོ་ལོ་སར་གཏོང་དགོས་རེད། དེ་ནི་རང་རང་ལངས་ཕྱོགས་གང་ཡིན་དེ་རུ་འགྲོ་རྒྱུ་རེད།
མ་གཞི་བོད་པ་མགོ་འཐོམ་འདི་ཚོ་དགྲ་གྲོགས་ནོར་འཛུལ་ཤིན་དུ་ཆེ་ཧཧཧཧ།
ས་སྐྱ་༧གོང་མ་སྐྱབས་མགོན་རིན་པོ་ཆེས་བོད་ལོ་གསར་སྐབས་་མི་མངས་ལ་སྩལ་པའི་བཀའ་སློབ་སྒྲ་ཕབ་ཀློག་པའི་སྐལ་བ་བཟང་པོ་བྱུང་། བསྟན་འགྲོའི་དོན་དུ་སྐྱབས་མགོན་རིན་པོ་ཆེ་ཞབས་ཀྱི་པདྨ་རྣམ་པར་བཞད་ཞིང་མཛད་འཕྲིན་གོང་ནས་གོང་འཕེལ་བཞིན་སྐུ་ཚེ་བརྟན་པར་གྱུར་ཅིག ཅེས་ཡིད་སྨོན་ཞུའོ།
༸གོང་མ་རིན་པོ་ཆའི་ལོ་གསར་གསུང་འཕྲིན་སྩལ་བ་སྒྲ་ཕབ་ལ་ལྟོས་པ་མེད་པར་ཐད་ཀར་གསན་འདོད་ན།
https://www.youtube.com/watch?v=feOfxNdpmXs
རྒྱལ་བ་རིན་ཆེའི་རིས་མེད་ཀྱི་ལམ་བཟང་འོག་ལ་ཕྱིན་ནས། ས་སྐྱ་གོང་མ་རིན་པོ་ཆེའི་གསུང་ཆོས་དང་ཟབ་ཆོས་མང་པོ་ཞུས་མྱོང་ཞིང་། ཁོང་ལ་གྱུར་མེད་ཀྱི་དད་པ་ཐན་ཐུན་ཞིག་ཡོད། མ་འོངས་པ་ན་བླ་མ་ཁོང་གི་དྲུང་ནས་ཕུར་པའི་དབང་ཞིག་ཐོབ་པའི་སྨོན་ལམ་དྲག་པོ་འདེབས་བཞིན་ཡོད་པས། དྲ་གྲོགས་རྣམས་ཀྱིས་དེ་ལྟར་སྨིན་པའི་ཐུགས་སྨོན་གནོངས་རོགས།
ཁ་སྐད་ཐད་ཀར་ཕ་སྒྱུར་སྐབས་ལ། ་་་་གསུང་ཡེ་གསུང་འཕྲིན་ཟེར་དུས། བྱེད་པ་པོའི་ཚིག་སྒྲུབ་ཡིན་པ་དང་། ་་་་གསུང་འཕྲིན་ནང་ལ་གསུང་ཡ་ལ་ཟེར་དུས། བྱ་བའི་ཡུལ་གྱི་ཚིག་སྒྲུབ་གཉིས་ལ། ཡ་དང་ཡེ་གཉིས་ཀྱི་ཁྱད་པར་འབྱེད་དགོས་ཏེ། ་་་བྱ་དང་། ་་་་་བྱེད་གཉིས་བཞིན་ནོ།།
༧ས་སྐྱའི་སྔགས་རྒན་དེ་ཡག་པོ་ཡོད་དྲན། ཁོང་དང་ཁོང་གི་ཁྱིམ་ཚང་ལ་ལོ་གསར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ངོས་བོད་དམངས་ཞིག་ཡིན་པས་ཆ་ནས་རེ་བསྐུལ་གསུམ་ཡོད།
དང་པོ་སྨོན་ལམ་དང་དབང་བསྐུར་གཏམ་བཤད་དག་ཁ་ཙམ་མིན་པར་དོན་དངོས་ནས་སངས་རྒྱས་བསྟན་པ་ལ་ཐུགས་སེམས་བཞེས་རོགས།
གཉིས་ང་ཚོ་བོད་ལ་སྐྱ་ཆད་སྔོ་སྡུག་གི་སྤྱི་ཚོགས་འདི་འདྲའི་སྐབས་སུ་སོ་སོས་ཁེ་ཕན་གཉེར་མི་འདུག་པར་ཀརྨ་པ་གཉིས་ཀར་ཆིག་སྒྲིལ་དང་སྐྱབས་མགོན་རྒྱལ་བ་རྣམ་པ་ལ་ཕྱོགས་རིས་གཏན་ནས་མེད་པ་ཞིག་གནང་རོགས།
གསུམ་པ་ས་སྐྱའི་ཁྱིམ་ཚང་དང་ཆོས་བརྒྱུད་ལ་དར་རྒྱས་ལ་ཡི་རང་ཡོད། ཡིན་ན་ཡང་ས་སྐྱའི་བདག་མོ་རྐྱང་བ་དམིགས་གསལ་ཅན་དུ་མི་འགྲེལ་བར་བོད་མོ་ཡོངས་ལ་འདྲ་མཉམ་ལས་སྒེར་སྤྱོད་མི་གནང་རོགས།
སླད་དོན་དུ་ས་སྐྱ་གོང་མ་སང་ཡང་སྐུ་ཚེ་བརྟན་ཅིང་དུས་རབས་ཉེར་གཅིག་པའི་མདུན་ལམ་བསྐྱོད་ནུས་པའི་སྨོན་འདུན་བཅས་ཕུལ།།
རྣམ་པ་དགས་གསལ་བཤད་ཡག་པོ་གནང་འདུགཐུགས་རྗེ་ཆེ་ཞུ།