རྒྱང་མིག་གིས་འོས་འདོན་ཞུས།
གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་བོད་རྒྱལ་ལོ་༢༡༤༢ ཤིང་ལུག་ལོ་གསར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག རང་རེ་བོད་རིགས་ཡོངས་ཀྱི་དཔྲལ་བའི་མིག་དང་། ཁོང་བའི་སྙིང་གཅིག་བུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་སྟོན་པ་ཏཱ་ལའི་བླ་མ་མཆོག་གང་ཉིད། ཕྱི་ལོ་༢༠༡༥ ནང་གི་རིས་མེད་འཛམ་གླིང་མི་མང་གིས་ཆེས་དགའ་མོས་བྱ་ཡུལ་རླབས་ཆེན་སྐྱེ་བོ་བརྒྱའི་ཁྲོད་ཀྱི་ཨང་དང་པོར་བདམས་ཐོན་བྱུང་འདུག་པའི་གཏམ་བཟང་ཞིག་གང་སར་ཁྱབ་ཀྱིན་པའི་གནས་ཚུལ་འདི་ལེགས་སྐྱེས་སུ་ཕུལ་བ་ཡིན།
ཞིབ་ཏུ་མཁྱེན་འདོད་ཡོད་མཁན་ཚོས་གནས་ཚུལ་གྱི་ཡོང་ཁུངས་འབྲེལ་ཐག་འདིར་གཟིགས་རོགས།http://www.watkinsmagazine.com/1-20-on-the-spiritual-100-list-in-2015
གཏམ་སྙན་རེད། དགའ་བསུ་དང་སྨོན་ལམ་རྟེན་འབྲེལ་ཞུ།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
# 1 – 20 on the 100 Most Spiritually Influential Living People List in 2015
1Dalai Lama
Born in Taktser, Tibet/ 6 July 1935 (Cancer/Pig) / Spiritual Leader1
Born Lhamo Dondrub, Tenzin Gyatso is the 14th Dalai Lama and the spiritual leader of the Tibetan people.
ཞིས་བྱེས་བོད་རིགས་ཡོངས་ཀྱི་མགོན། །
་
གཅིག་སྟོང་དགུ་བརྒྱ་སོ་ལྔའི་ལོའི། །
དྲུག་པའི་བདུན་པར་འཁྲུངས་པའི་བུར། །
ལྷ་མོ་དོན་གྲུབ་མིང་ཐོགས་པ། །
བསྟན་འཛིན་རྒྱ་མཚོའི་མཚན་གསོལ་ནས། །
༸གོང་ས་སྐུ་ཕྲེང་བཅུ་བཞི་པ། །
ཏྰ་ལའི་བླ་མའི་མཚན་སྙན་གྱིས། །
ཛམ་གླིང་ཆོས་ཀྱི་དབུ་འཁྲིད་འཁྲོད། །
ཡང་རྩེ་ཉི་ཤུའི་དང་པོ་ཆགས། །
་
ཤིང་མོ་ལུག་ལོའི་གཏམ་བཟང་ལགས། །
འདི་ངོ་མ་དོན་དམ་གྱི་དོལ་རྒྱལ་བ་ཚོའི་ཁའི་ནང་ལ་རྡོ་རྗེ་ཚ་པོ་བླུགས་པའི་གཏམ་བཟང་རེད། ཁ་སྔོན་རྒྱལ་བ་རིན་པོ་ཆེ་ཨ་རིའི་སྲིད་འཛིན་གྱིས་ཞོགས་ཟས་སྨོན་ལམ་ཐོག་གདན་དྲངས་པ་དེ་དོན་དངོས་ཁོང་ལ་སྙོན་བཙུགས་བྱེད་མཁན་དོལ་རྒྱལ་ཚོགས་པར་ཤུགས་ཀྱི་ལན་འཇལ་བ་ལྟ་བུར་སྣང་ཞེས་གསར་འགྱུར་དེའི་མཆན་ལ་གསར་འགྱུར་འགོད་མཁན་ཞིག་གིས་བྲིས་པ་དེར་ང་རང་བསམ་བློ་མང་པོ་འཁོར་བྱུང་།
བོད་མིའི་བསོད་ནམ་རེད་།
གནས་ཚུལ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་།
ཐུགས་སྣང་གནང་དགོས་པ་།(།ཁོང་པའི་སྙིང་) ཟེར་ན་གང་རེད་ཕལ་ཆེར་།
( ཁོག་པའི་སྙིང་) །ཡིན་པ་འདྲ་།
བོད་ལོ་གསར་སྐབས་བཟང་གི་གནས་ཚུལ་ཐོས་པ་དགའ་བ་སྐྱེས། འདིའི་སྔོན་དུ་སྔ་དྲོའི་ལུས་སྦྱོང་དང་འབྲེལ་སློབ་གྲྭའི་སྐྱེད་ཚལ་ཡངས་པར་རྡོ་ཆུང་གིས་མཐོ་ཡོར་མང་པོ་བསླངས་ཏེ། བསྔོ་སྨོན་འདི་ལྟར་ཞུས་ཏེ། གོང་ས་༧སྐྱབས་མགོན་བླ་མའི་ཞབས་སྐུ་དཀྱིལ་གསལ་དྭངས་ངང་མཛད་འཕྲིན་གོང་ནས་གོང་འཕེལ་དང་། ཁྱད་པར་རྒྱ་བོད་མི་མངས་ལ་ཕན་པའི་བོད་རང་སྐྱོང་ལྗོངས་༧མགོན་པོ་གང་གི་བཞེད་པ་བཞིན་འགྲུབ་པར་གྱུར་ཅིག་ཅེས་གསོལ་འདེབས་ཞུས། གནས་དེར་ང་མ་གཏོགས་འགྲོ་མཁན་དཀོན། ཡ་མཚན་པ་ཞིག་ལ་ལོ་སྔ་མར་གནས་དེར་མེ་ཏོག་ཙམྤ་ཀ་ཁ་ཤས་བབས་ཡོད་ཅིང་། ད་ལོར་ཡང་གཅིག་བབས་འདུག དེ་དག་ཇི་ལྟར་བྱུང་། གང་ནས་བྱུང་བརྟག་དཔྱད་བྱེད་པ་བཞིན་པ་ལགས། ད་ལན་གྱི་གཏམ་བཟང་གནས་ཚུལ་ལ་དགའ་བསུ་ཞུའོ།
བོད་ནང་གྱ་སྟོན་གྱི་དགའ་སྟོན་སྲུང་རྩི་དབུ་ཚུགས་ཟིནད་པ།
http://www.rfa.org/english/news/tibet/dalailama-02202015151811.html
མདོ་སྨད་ལྷོ་ཕྱོགས་སུ་བོད་མི་ཚོས་༧གོང་ས་མཆོག་གི་གྱ་སྟོན་བསུ་བཞིན་པ།
Tibetans in Amdo celebrating 80th Birth Anniversary (Jaton) of HH the Dalai Lama.
https://www.facebook.com/karmadorje.nyerchhagpa.1
དེ་དངོས་གནས་ཡིན་ན་དགའ་བ་དཔག་མེད་བྱུང་། གོང་ས་མཆོག་གི་མཛད་འཕྲིན་ཡར་ངོས་ཟླ་ལྟར་འཕེལ་བ་བོད་ཀྱི་ཡི་བསོད་ནམ་རེད། ཡིན་ཡང་འདིར་དྲ་འབུ་འགའ་ཤས་ཞིག་གི་སོག་པོའི་ལོ་སར་འདི་ལ་ཡང་ག་དུས་ཡིན་ཡང་བོད་ཀྱི་ལོ་སར་ཟེར་གྱི་འདུག། དེས་མ་ཟད་བཀྲ་ཤིས་པའི་ཉིན་མོ། དོན་འགྲུབ་པའི་ཉིན་མོ། དགའ་བའི་དུས་སྟོན་ཟེར་ནས་ལོ་སར་འདིས་བྱུང་རིམ་དང་ལོ་རྒྱུས་ཟུར་ཙམ་ཡང་མ་ཤེས་པར་གང་བྱུང་མ་བྱུང་བཤད་ཀྱི་འདུག། ཕྱིན་སུ་ཧ་གོ་དོན་རྟོགས་པའི་ཐོག་ནས་བཤད་པ་ལས་བྱུང་རྒྱལ་མི་སྨྲ་པའི་རེ་བ་ཡོད།
རྒྱལ་བའི་དགོང་པ་རིག་འཛིན་བརྡ་ཡི་རྒྱུད་།
གང་ཟག་མི་ལས་ཆོས་ཀུན་དཀའ་བས་སྤྱད་།
ཉོན་མོང་དུག་ལྔའི་མཐར་ལམ་རྩ་བ་འགག་།
འཛིན་མའི་འགྲོ་རྣམས་ཐབས་ཤེས་ཟུང་འཇུག་གིས།།
མཛའ་བརྩེའི་དཔལ་ལ་འགོད་མཛད་གངས་ཅན་མགོན།།
རླབས་ཆེན་དབུ་ཁྲིད་དབུས་ན་ཐོག་མ་ཉིད།།
འཛམ་གླིང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
འཇིག་རྟེན་སྐྱོང་བའི་མགོན་པོ་སྤྱན་རས་གཟིགས་།
དུས་གསུམ་ངལ་མེད་མ་དག་སེམས་ཅན་སྐྱོང་།
ཁྱེད་ཀྱི་འགྲོ་དོན་ཆུ་གཉེར་བརྡོལ་བ་བཞིན་།
མུ་མཐའ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་།
ཚོགས་གཉིས་ཡོངས་སུ་་སྒྲུབ་པའི་དམ་ཆོས་དང་།
སྨད་བྱུང་་སྲས་བཅས་རྒྱལ་བའི་བསྟན་པ་་དང་།
དེ་གཉིས་སྒྲུབ་པར་བྱེད་པའི་དགེ་འདུན་སྡེ་།
འདུས་པ་རྒྱ་མཚོ་མི་འགྱུར་བརྟག་བརྟན་ཤོག་།
བོད་སྐད་སྡེ་ཚན། | གསར་འགྱུར།
ཏཱ་ལའི་བླ་མ་མཆོག་བལ་ཡུལ་ལ་གདན་ཞུ་གནང་དགོས།
2015-02-23 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། བལ་ཡུལ་ནང་བོད་མི་ཚོས་ལོ་གསར་སྲུང་བརྩི། ༢༠༡༥།༢།༢༢
བལ་ཡུལ་ནང་བོད་མི་ཚོས་ལོ་གསར་སྲུང་བརྩི། ༢༠༡༥།༢།༢༢
བཟང་པོ
༧གོང་ས་མཆོག་བལ་ཡུལ་ནང་གདན་འདྲེན་ཞུ་རྒྱུ་དང་བོད་དོན་འཐབ་རྩོད་གཉིས་མཉམ་བསྲེས་གནང་ན་མི་འགྲིག་པ་ཞིག་རེད།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་དང་ས་འབྲེལ་བལ་ཡུལ་གྱི་ཧི་མ་ལ་ཡའི་རྒྱུད་ཀྱི་ནང་བ་སྟོང་ཕྲག་མང་པོས་རྒྱལ་ས་ཀཱཐཱ་མན་ཀྲུ་ལ་རབ་གནས་ཤིང་ལུག་ལོ་གསར་ཚེས་གསུམ་ཉིན་གྱི་དགའ་སྟོན་མཛད་སྒོ་ཚོཊ་ཡོད་པ་དང་། སྐབས་དེར་བལ་ཡུལ་གྲོས་ཚོཊ་ཀྱི་འཐུས་མི་ཟུར་བ་ཨང་ཀ་ཅི་ཤར་པ་ཡིས་གཏམ་བཤད་གནང་དོན། བལ་ཡུལ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་སའི་གནས་ཡིན་ཞིང་། དེང་དུས་ཀྱི་ནང་བའི་དབུ་ཁྲིད་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བལ་ཡུལ་དུ་གདན་འདྲེན་ཞུ་རྒྱུ་ནི་བལ་ཡུལ་གྱི་ནང་པ་ཚོའི་རེ་སྨོན་ཉག་གཅིག་ཡིན་པས་དེར་ཐབས་ཤེས་གཏོང་དགོས་པ་ནི་བལ་ཡུལ་གྱི་ནང་པ་ཚོའི་འོས་འགན་དང་ཐོབ་ཐང་ཡིན། ༧གོང་ས་མཆོག་བལ་ཡུལ་ནང་གདན་འདྲེན་ཞུ་རྒྱུ་དང་བོད་དོན་འཐབ་རྩོད་གཉིས་མཉམ་བསྲེས་བྱས་ནས་འགོག་རྐྱེན་བཟོས་ན་མི་འགྲིག་པ་ཞིག་རེད་ཅེས་སོཊ་གསུང་པ་དང་ཆབས་གཅིག་བལ་ཡུལ་གྱི་མི་འབོར་སྤྱིའི་བརྒྱ་ཆའི་༤༠ནང་པ་ཡིན་སྐོར་ཡང་གསུང་འདུག
ལོ་གསར་ཚེས་གསུམ་ཉིན་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཡུལ་མི་སྟོང་ཕྲག་མང་པོས་འཕྲུལ་རྟ་དང་། རླངས་འཁོར་སྐོར་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ནས་འགོ་བཙུགས་ཏེ་བལ་ཡུལ་གྱི་རྒྱལ་ས་མཐའ་སྐོར་ཡོད་པའི་ལམ་ཆེན་སྟེང་དུ་ཆུ་ཚོད་གསུམ་ཙམ་རིང་ལ་སྐོར་བསྐྱོད་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ་ལོ་གསར་དུས་སྟོན་སྲུང་བརྩི་བྱས་ཡོད་པ་དང་། ཁོང་ཚོའི་རླངས་འཁོར་སྟེང་དུ་སྟོན་པའི་སྐུ་པར་དང་། ནང་བའི་གནས་ཆེན་ཁག་གི་འདྲ་པར་སོཊ་ཡོད་པ་མ་ཟད། དུང་དང་རྒྱ་གླིང་། རྔ་སྦུག་སོཊ་ཀྱི་སྒྲས་ཁེངས་ཡོད་འདུག
བོད་དང་ས་འབྲེལ་དུ་ཆགས་པའི་བལ་ཡུལ་གྱི་ཧི་མ་ལ་ཡའི་ཁུལ་དུ་གནས་བའི་དོལ་བོ་དང་གློ་བ། ཉིན་ཞང་། ཤར་པ རྟ་མང་སོགས་ནང་པའི་མི་རིགས་དེ་དག་ནི་སྐད་དང་ཡི་གེ རིག་གཞུང་གོམ་གཤིས་སོཊ་བོད་མི་རིགས་དང་གཅིག་མཚུངས་ཡིན་ཞིང་། ཁོང་ཚོས་རང་རང་སར་ལོ་གསར་དགའ་སྟོན་བྱེད་པ་མ་ཟད། ལོ་ཤས་སྔོན་རིག་གཞུང་གཅིག་དང་ཆོས་ལུཊ་གཅིག་གི་སྙིང་དོན་རྩ་བར་བཟུང་ནས་ལོ་གསར་དུས་སྟོན་ཆིག་སྒྲིལ་སྒོས་སྲུང་བརྩི་བྱེད་འགོ་བཙུགས་ཡོད་འདུག
གསར་འགོད་པ་རྡོ་རྗེ་འཚོ།
གནས་ཚུལ་ཡག་འདའ་།
ནེ་པལ་གཞུང་གུང་ཁྲན་ལ་ཀྲག་ནས་ཁག་པོ་རེད་།