སོག་མདའ།
གངས་དཀར་བོས་བསྐོར་བའི་བོད་ཀྱི་ཡུལ།།
སྨད་མདོ་སྨད་གླིང་ས་ཤར་ཁོག་ནས།།
དུས་དེ་རིང་ད་གི་དུས་ཚོད་ལ།།
དྲིན་ཕ་ལོ་ཞིག་གིས་བསང་ཞིག་ཕུད།།
དྲིན་མ་ལོ་ཞིག་གིས་མཆོད་ཅིག་འཕངས།།
བུ་སྐྱེས་པའི་རྟེན་འབྲེལ་དེ་ནས་འགྲིག །
བུ་སྐྱེས་པའི་སྐྱེས་གོ་དེ་ནས་ཆོད།།
ལྷོ་འཛམ་གླིང་ཉི་མའི་འོག་ཞབས་ནས།།
མཚན་སྙན་གྲགས་འཛིན་མའི་ཁྱོན་ལ་རྒྱས།།
སེང་དཀར་མོ་འདྲ་བའི་གཡུ་རལ་ཞིག །
སྟག་འཛུམ་དྲུག་འདྲ་བའི་མཆེ་བ་ཞིག །
སྟོན་ཝ་མོ་འདྲ་བའི་གྲ་ཁ་ཞིག །
བུ་འདི་ལ་འཛོམས་གསུམ་འཛོམས་ནས་བཞུགས།།
སྟོད་གངས་དཀར་ལྷུན་པོའི་བརྗིད་ཉམས་བཞིན།།
སྐུ་མི་འགྱུར་བརྟན་པའི་ཁ་གཡང་འབོད།།
སྨད་མཚོ་མོ་འཁྱིལ་བའི་དྭངས་ཤ་བཞིན།།
གསུང་ཚངས་དབྱངས་མི་འགྱུར་ཁ་གཡང་འབོད།།
བར་སྤང་ཐང་ཡངས་པའི་ཁོད་སྙོམས་བཞིན།
སེམས་བརྟན་ཞིང་མི་འགྱུར་ཁ་གཡང་འབོད།།
རྒན་ཁྱེད་ཀྱི་སྐུ་ཚེ་རིང་བར་སྨོན།།
རྒན་ཁྱེད་ཀྱི་དོན་ཀུན་འགྲུར་པར་སྨོན།།།
སྐུ་ལོ་བརྒྱར་བཞུགས་པའི་སྐྱེས་སྐར་བསུ།།
༢༠༡༥་༢་༢༢ ཉིན་ཤར་མར་བྲིས།
མཁར་རྨེའུ་བསམ་གཏན་གྱི་མདའ་དང་ཕོངས་ཞེས་པའི་དེབ་དེ་གང་ནས་རག་གམ། གསུངས་རོགས།
མཁས་དབང་ཆེན་མོ་མཁར་རྨེའུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
བཙན་བྱོལ་བ། མདའ་དང་ཕོངས་ཟེར་ལུགས་ལ་གཞིག་ན་རྗེས་འཇུག་”ང་ ” ཡོད་ཚད་དབྱངས་”ཨོ”ལ་བསྲེ་མཁན་གྱི་ཡུལ་དེ་ནས་ཡིན་པ་འདྲ། ཧ་ཧ་ཧ སྐུ་རྩེད་ཡིན། དེབ་དེ་བོད་ཀྱི་འཕྲུལ་དེབ་དྲྭ་བ་ལ་བཀོད་འདུག
མཁས་དབང་ཆེན་མོ་མཁར་རྨེའུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།