ཨེ་མ་ཧོ།
ན་མོ་གུ་རུ་བྷྱེ་ཥ་ཛ་ཡེ།
༂༸ཀུན་བཟང་རིག་འཛིན་བརྒྱུད་པའི་གདུང་སྲས་མཆོག།
ཉེར་གཅིག་སྐུ་སྲས་བསྐྱེད་པའི་ཡབ་རྗེ་མཆོག།
བཀའ་གཏེར་མན་ངག་ཕྱུག་པའི་མཁས་གྲུབ་མཆོག།
མཆོག་གསུམ་ཀུན་འདུས་བླ་མའི་འཁྲུངས་མཆོད་བསུ།།
སྨན་བླ་སངས་རྒྱས་སྤྲུལ་པས་བྲག་དཀར་ནས།།
གསང་གསུམ་སྒྲུབ་པའི་རྒྱལ་མཚན་བསྒྲེང་བའི་མགོན།།
བསམ་བཞིན་སྲིད་པར་བཟུང་བའི་དགེ་བའི་བཤེས།།
སྨན་སྤྲུལ་ཀུན་བཟང་རིག་རྩལ་འཁྲུངས་མཆོད་བསུ།།
བྱམས་བརྩེ་ལྡན་པས་འཛམ་གླིང་མཛེས་པའི་རྒྱན།།
བདེན་དྲང་མཛད་པས་སྐྱེན་པོ་དགོན་སྡེའི་བདག།
སྨྲ་བའི་ངག་ལ་དབང་བའི་མེས་པོའི་གཏམ།།
ཆུ་ཀླུང་དཔལ་དུ་འགྲན་པར་འཁྲུངས་མཆོད་བསུ།།
གཡོ་རྫུན་ཁྲམ་པས་གཞན་མགོ་བསྐོར་མྱོང་མེད།།
རང་འཚོས་ཆེད་དུ་རྒྱ་བོད་བསླུ་མྱོང་མེད།།
ལོ་རྒྱུས་བདེན་པར་ནག་བསུབ་གཏོང་མྱོང་།།
འཇིག་རྟེན་མུན་སེལ་སྒྲོན་མེའི་འཁྲུངས་མཆོད་འབུལ།།
སྐུ་ཚེ་རི་རྒྱལ་བཞིན་དུ་བརྟན་པར་ཤོག།
གསུང་ཆོས་ཆུ་ཀླུང་བཞིན་རྟག་འབབ་ཤོག།
ཐུགས་རྗེ་གཡུང་དྲུང་བཞིན་དུ་གཡོ་མེད་ཤོག།
གསང་གསུམ་ནམ་ཡང་ཉམས་མེད་བཀྲ་ཤིས་ཤོག།
ཅེས་པ་རབ་རྒྱན་ཤིང་ལུག་ཆོས་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་དགེ་རྩེ་སྐྱེན་པོའི་སྨན་སྤྲུལ་ཀུན་བཟང་རིག་རྩལ་དགུང་གྲངས་གོ་ལྔ་ལ་སོན་པའི་འཁྲུངས་མཆོད་ལ་རིག་འཛིན་ཨེ་མ་ཧོས་སྨོན་བསུ་བགྱིས་པར་དགེའོ།། །། མཆན། ཕྲན་ལ་བཀའ་འགྱུར་གྱི་ལྗགས་ལུང་ཐོབ་པའི་བཀའ་དྲིན་ཆེན་པོ་ཡིན་ནོ།།