དྲི་མེད་ལྷག་བསམ།
ན་མོ་གུ་རུ་ཝེ། མཆོག་གི་སྤྲུལ་སྐུ་སྟོན་པ་བཅོམ་ལྡན་འདས། །དག་པའི་སྤྲུལ་སྐུ་སར་གནས་འཕགས་པའི་ཚོགས། །བཟོ་དང་སྐྱེ་བ་སྤྲུལ་སྐུའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སྤྲུལ་སྐུ་རྒྱལ་བའི་ཐུགས་བསྐྱེད་སྟོབས་ལས་འཁྲུངས། །ངོས་འཛིན་གནང་སྲོལ་བོད་ཀྱི་མཁས་པས་བརྩམས། །ཇི་སྲིད་སྐྱེ་བ་སྔ་ཕྱི་མ་སྟོང་བར། །དེ་སྲིད་སྐྱེ་སྲིད་ཡོད་པ་སྨོས་ཅི་དགོས། །འོན་ཀྱང་རང་རེའི་སྐྱེ་སྲིད་ངོས་འཛིན་སྲོལ། །མེད་ཀྱང་ཆོག་པ་ནང་པ་སྤྱི་ཡི་ལུགས། །དུས་སུ་སྨིན་ན་དེ་ལྟར་བྱ་ཆོག་སྟེ། །སྐབས་སུ་མ་བབ་ཕུང་ཁྲོལ་ནང་འཁྲུགས་གཞི། །བསྟན་སེལ་སྡེ་འཁྲུགས་སློང་ལ་བྲེལ་བ་ཡི། །མུན་སྦྲུལ་འགའ་རེས་འཁྱོགས་པོའི་ལྕེ་གཉིས་ཀྱིས། །སྐབས་འཚོལ་གླགས་ལྟའི་མཚོན་རྩེ་ནང་བསྟན་གྱིས། །བསྟན་སྲིད་དུམ་བུ་དེ་ཡང་སིལ་བུར་གཏོར། །མ་དག་བློ་ལ་མི་གཙང་གང་ཤར་བ། །ལས་མཐུན་ཚོགས་ཀྱིས་བདེན་འཛིན་དེ་ལྟར་ཡང་། །བཟི་སྨན་ཟོས་པས་ལབ་རྡོལ་སྨྲ་བ་བཞིན། །གཟུ་བོས་བློ་ཡིས་གཞལ་ན་ཉེས་པ་མང་། །
སྟོན་པ་མཆོག་གིས་ལྔ་བརྒྱ་ཐ་མའི་དུས། །བསྟན་པ་འཇིག་པའི་སྔ་ལྟས་གང་གསུངས་པ། །ནང་བསྟན་བརྒྱུད་པ་ཀུན་ལ་ཡོད་པ་སྟེ། །སྤྲུལ་སྐུ་ཁོ་ནར་བརྗོད་པ་ཕྱོགས་རེའི་མིག །སྤྲུལ་མིང་རང་གིས་བཟོས་པ་ཆེས་དཀོན་སྟེ། །ཚད་མར་འཛིན་པའི་བླ་མའི་ལུང་བསྟན་དང་། །ཡིད་ཆེས་ལྡན་པའི་རྟགས་དང་མཚན་མ་ཡིས། །རིགས་མཐུན་ཚོགས་ཀྱིས་ངེས་ཤེས་རྙེད་པ་ཡིན། །རྩ་བ་བཅད་ན་དགེ་བཤེས་མཁན་སྤྲུལ་དང་། །ཡུལ་གྱི་གཙོ་བོ་དགོན་སྡེ་བླ་བྲང་གིས། །འབད་པ་དུ་མས་ཆེད་དུ་བཅོས་པ་སྟེ། །རང་གི་དབུ་འཛིན་རང་གིས་བསྐྱངས་པ་ཙམ། །རྒྱ་བོད་གཉིས་ལ་ལན་གྲངས་མང་དུ་ཕྱིན། །འབྱོར་བར་དཔག་པའི་གསེར་གྱིས་མཎྜལ་ཕུལ། །མཚན་ཐོ་བསྡུས་ནས་ཁྲི་ལ་མངའ་གསོལ་པ། །འདི་ཕྱིའི་སྐྱབས་སྟེ་བློ་སེམས་གཏད་པའི་ཡུལ། །སློབ་མ་མེད་ན་སྤྲུལ་རྐྱང་སུ་ལ་མཁོ། །རྒྱབ་རྩ་མེད་ན་སྤྲུལ་མིང་དབུ་ནས་འཆོར། །འབྱོར་བ་མེད་པའི་སྤྲུལ་སྤྲང་ཀུན་ཀྱིས་བརྙས། །འཇོན་ཐང་མེད་པའི་སྤྲུལ་འཁྱམ་རྒན་མོའི་གཡོགས། །ཆོས་བཞིན་བྱེད་པའི་མཁན་སྤྲུལ་དགེ་བཤེས་དང་། །བླ་མ་སློབ་དཔོན་སྤྱི་ཚོགས་གྲལ་དུ་མེད། །དགོན་སྡེ་འབྱོར་མེད་ཁྱིམ་མཚེས་ཀུན་གྱིས་བརྙས། །དཔལ་འབྱོར་འདུ་འགོད་གཉེར་དོན་དེ་ལེགས་སོ། །
རང་ཕྱོགས་སྤྲུལ་མིང་ཐོབ་ཚད་ལེགས་པར་འཛིན། །གཞན་ཕྱོགས་མཁན་སྤྲུལ་སྐྱོན་ཆ་ནན་གྱིས་བརྗོད། །བདག་འཛིན་ཆེ་བའི་ཁམས་པ་ཨ་མདོ་ཚོར། །སྤྲུལ་སྐུའི་རྩོད་པ་བྱུང་དོན་དེ་ལགས་སོ། །གང་ཞིག་མི་ཡིས་བཟོས་པའི་ཁྲིམས་ལུགས་ལ། །སྐྱོན་ཆ་མེད་པ་གཏན་ནས་མི་འབྱུང་བས། །ལྐོག་དངུལ་གཡོ་སྒྱུ་རང་ཕྱོགས་ཆེ་འཛིན་གྱི། །ཐབས་ཇུས་ཆོས་སྲིད་གཉིས་ཀྱི་ཐུན་མོང་ཡིན། །སྤྲུལ་སྐུར་རྩོད་པའི་མཁན་པོ་དགེ་བཤེས་འགས། །ཡོན་ཏན་མེད་པའི་སྤུན་དང་ཚ་བོ་རྣམས། །ཐབས་བརྒྱ་འཇུས་སྟོང་གཉེར་ནས་ཆེན་པོའི་སར། །བཙན་གྱིས་བཏེགས་པའི་ངང་ཚུལ་འདིར་གཟིགས་ཤིག །སྐུ་དྲེགས་རྙིང་པ་གཏོར་ནས་གསར་བ་བརྐོས། །གསར་བུ་རྣམས་ཀྱིས་སྒེར་དབང་དེ་ལས་ཆེ། །སྤྲུལ་ལུགས་རྙིང་པ་གཏོར་ནས་མཁན་པོ་བཏེགས། །མཁན་པོའི་སྒེར་དབང་བེད་སྤྱོད་དེ་ལས་སྡུག །བོད་ཀྱི་སྟོན་ཆེན་མཁན་པོ་དགེ་བཤེས་ཚོའི། །ཤུལ་འཛིན་དགོན་བདག་ཕལ་ཆེར་རང་གི་ཕྱོགས། །དབང་འཛིན་ལས་སྣེ་་མཁན་པོ་ཤ་ཁྲག་སྤུན། །འཁོར་གཡོགས་ཕལ་ཆེར་སྤུན་དང་དགའ་གྲོགས་སོ། །
འཇིག་རྟེན་ཁམས་ཀྱི་སྐྱེ་བོ་སུ་ལ་ཡང་། ལེགས་ཚོགས་བྱུང་བར་ཕྲག་དོག་མི་བྱ་སྟེ། །དབང་དང་འབྱོར་བ་འཁོར་གཡོག་གང་ཡོད་པ། །ལས་འབྲས་བསླུ་མེད་སྔོན་བསག་བསོད་ནམས་སྟོབས། །དམངས་ཀྱིས་བརྐོས་པའི་སྤྲུལ་སྐུའི་ལམ་ལུགས་ཏེ། །དམངས་ཀྱིས་དོར་ཚེ་ལམ་སྲོལ་རྩ་བ་སྟོང་། །དམངས་ལ་མཁོ་ན་ཡོད་ཀྱང་ཆོག་པ་སྟེ། །དམངས་ཀྱི་དད་མོས་འགོག་པ་སྒེར་གཅོད་ལུགས། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་ཡུལ། །འགོག་པར་འདོད་པ་ལོག་པའི་ལྟ་བ་སྟེ། །དད་ལྡན་དགེ་བློ་དཀྲུགས་པ་བདུད་ཀྱི་ལས། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །
ཅེས་པའང་ཡུལ་ངེས་མེད་འཁྱམས་པའི་སྤྲང་པོ་དྲི་མེད་ལྷག་བསམ་ཀྱིས་ཤར་མར་བྲིས། །
དྲི་མེད་ལྷག་བསམ་གྱི་གསུང་ལ་མངོན་པར་བསྟོད། དངོས་ནས་དྲང་བདེན་གཟུར་གནས་ཀྱི་གཏམ་དུ་སྣང་ངོ་། དཔེར་ན་སྤྲུལ་སྐུ་བདེན་པ་མཁན་པོ་འཇིགས་མེད་ཕུན་ཚོགས་དང་པན་ཆེན་བཅུ་བ་དང་ཏྰ་ལའི་བླ་མ་བཅུ་བཞི་པ་ལྟ་བུ་དངོས་ནས་ང་ཚོ་བོད་མི་རིགས་ཀྱི་མཛེས་རྒྱན་རེད།
སྤྲུལ་རྫུན་ནི་རྫོགས་ཆེན་སྐལ་བཟང་དང་སི་ཏུ་དང་བཟོས་པའི་སོ་སོའི་ཚ་ཕྲུག་ཁྲི་འདོན་བྱས་ནས་རྒྱ་བོད་གཞུང་གི་དཔུང་ཤུགས་འདེགས་པ་དང། བདུད་མོ་ཆོས་རྗེ་སོགས་ཀྱིས་སོ་སོའི་དགོན་པ་བཞེང་ཆེད་དུ་རྡོ་རྗེ་འཆང་ཆེན་སྐུ་ཕྲེང་གསུམ་པ་ལྟ་བུ་སྒེར་སྤྱོད་པས་སྤྲུལ་རྫུན་བཟོས་ནས་སྡེ་འབངས་མགོ་བོ་བསྐོར་བ་གཏན་ནས་མེད་པར་བཟོས་ན་བཟང་ངོ་། མཐར་དོན་དྲི་མེད་ལྷག་བསམ་ཁྱེད་ཤེས་འདོད་ཆེན་པོ་བྱུང་བས་ཡོད་ས་ངེད་གཉིས་གཅིག་པ་རེད་འདུག དེས་ན་དྲི་མེད་ལྷག་བསམ་གྱི་ཡིག་ཟམ་འདིར་འགོད་པར་མཁྱེན།
སྤྲུལ་སི་ཏུ་རིན་པོ་ཆེ་དང་། ཀརྤ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སོགས། སྤྲུལ་སྐུ་ཚད་ལྡན་རྣམས་རྟག་ཏུ་་རྒྱལ་འགྱུར་ཅིགུ
འཕགས་པ་སྤྱན་རས་གཟིགས་གིས་སྤྲུལ་པ་གོང་ས་སྐྱབས་མགོན་ཐམས་བཅད་མཁྱེན་པ་མཆོག་དང་
འོད་དཔག་མེེད་གིས་སྤྲུལ་པ་པཎ་ཆེན་ཐམས་བཅད་མཁྱེན་པ་གཉིས་ལས་གཞན་སྤྲུལ་སྐུའི་ལམ་ལུགས་
ཚང་མ་མེད་པ་བཟོ་དགོས་པ་ང་ཚོ་བོད་པ་ཚང་གི་ལས་འགན་ཡིན་དེ་ཚང་མས་མཁྱེན་པ་དགོས་སོ་།།
མགྱོགས་བྲིས་ཡིན་པས། ཡིག་ནོར་མང་པོ་ཤོར་བར་དགོངས་འགལ་མེད་པར་ཞུ། །
པདྨ་ལེགས། ཐུགས་རྗེ་ཆེ། ད་ལྟ་ཕྲན་བར་དོའི་འགྲོ་བ་བཞིན་བྲེལ་ནསའགྲོ་བའི་སྐབས་སྟེ། སྟབས་བདེ་དུས་ཤིག་ལ་འབྲེལ་བ་བྱེད་ངེས་ལེགས།
དྲི་མེད་ལགས།
དམངས་ཀྱིས་བརྐོས་《བསྐོས》པའི་སྤྲུལ་སྐུའི་ལམ་ལུགས་ཟེར་ན་ག་འདྲ་རེད་དམ། དམངས་ཀྱིས་སྤྲུལ་སྐུའི་ལམ་ལུགས་བསྐོས་སྟངས་ཅི་འདྲ་རེད་དམ། ཟུར་གནས་ཀྱི་གཏམ་ཞིག་ཅང་མཐོང་མ་བྱུང་།
ཨ་མདོ་དང་ཁམས་པ་བདག་འཛིན་ཆེ་སྟངས་དང་སོག་པོའི་ཇར་གེར་རྒྱལ་པོའི་རིགས་རྒྱུད་འཁོར་དང་བཅས་པ་བདག་འཛིན་ཆུང་སྟངས་འདྲ་ཅང་བཤད་ཀྱི་ཡོད་པེ།་་་་ཧཧཧ བདག་འཛིན་དགོས་ན་སོག་པོའི་བཙན་འཛུལ་བ་ལས་བདག་འཛིན་ཆེ་བའི་གང་ཟག་ཞིག་ས་སྟེང་འདི་རུ་ཅང་བྱུང་མྱངས་མེད་ཚད་རེད་པ།་་་ཧཧ
སྤྱིའི་ཆ་ནས་སངས་རྒྱས་ཁོག་ཞུགས་ཀྱི་སྤྲུལ་སྐུ་དང་། ལྷ་སྲུང་ཁོག་ཞུགས་ཀྱི་སྐུ་རྟེན་གཉིས་བོད་མི་རྨོངས་དད་ཅན་ཚོའི་བསམ་བློ་ནང་དུ་མི་ཡི་གཟུགས་ལ་ལྷ་ཡི་མཁྱེན་རྟོགས་ཅན་རེད།
བོད་ཆེན་པོ་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་ལས་ལྷག་པའི་སངས་རྒྱས་ཁོག་ཞུགས་ཀྱི་སྤྲུལ་སྐུ་ཡིས་བྱས། བོད་རྒྱལ་ཁབ་ཀྱི་མ་འོངས་ལམ་སྟོན་ལྷ་སྲུང་ཁོག་ཞུགས་ཅན་གྱི་སྐུ་རྟེན་གྱིས་ལུང་བསྟན་བརྒྱབ། བོད་མི་རིགས་ཀྱིས་དེ་ལ་ཡིད་ཆེས་བྱས། དེ་ལ་ཚད་མ་རྩིས། ལམ་སྟོན་དེའི་ཐོག་ཏུ་ཕྱིན། བོད་མི་རིགས་ལས་མཐའ་འདི་ལ་ཐུག་བཅུག་མཁན་སངས་རྒྱས་ཁོག་ཞུགས་དང་སྲུང་མ་ཁོག་ཞུགས་གཉིས་ཡིན།
བོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུངས་བཅུག་མཁན་སངས་རྒྱས་ཁོག་ཞུགས་ཀྱི་སྤྲུལ་སྐུ་དང་སྲུང་མ་ཁོག་ཞུགས་ཀྱི་སྐུ་རྟེན་གཉིས་ཡིན། འདི་གཉིས་ཀྱིས་མ་མཁྱེན་ནའང་མཁྱེན་མདོག་བྱས། མ་ཤེས་ནའང་ཤེས་མདོག་བྱས། བོད་མི་རིགས་མགོ་སྐོར་བྱས། སླུ་ཁྲིད་བྱས། ནང་དཀྲུགས་བྱས། ཕྱིའི་དགྲ་ནང་འདྲེན་བྱས། ལས་ངན་གྲངས་ལས་འདས་པ་བྱས།
དེ་རིང་འདི་ནས་སངས་རྒྱས་ཁོག་ཞུགས་ཀྱི་སྤྲུལ་སྐུ་དང་ལྷ་སྲུང་ཁོག་ཞུགས་ཀྱི་སྐུ་རྟེན་ཚོ་ལ་སྐད་ཆ་ཚིག་གསུམ་འདྲི་རྒྱུ་ཡིན། ཁྱོད་ཚོ་ཡེ་ཤེས་ཀྱི་སྤྱན་ཡོད་མཁན་ཚོས་ཡེ་ཤེས་སྤྱན་གྱིས་ལྟོས། སྲུང་མ་ཁོག་ཏུ་ཞུགས་ཀྱི་ཡོད་མཁན་ཚོས་ཁོག་ཏུ་ཞུགས་ནས་ལན་རྒྱབ་རོགས་བྱོས།
༢༠༡༨ལོར་འཛམ་གླིང་གི་རྐང་རྩེད་སྤོ་ལོ་ཡི་རྒྱལ་ཁ་འཐོབ་མཁན་གྱི་རྒྱལ་ཁབ་ཨང་དང་པོ། གཉིས་པ། གསུམ་པ། འདིར་གསུམ་རྒྱལ་ཁབ་སུ་དང་སུ་ལ་འཐོབ་མིན་གསལ་པོ་ཞིག་གསུང་རོགས་བྱོས། འཁྲུལ་བ་མེད་པ། ནོར་བ་མེད་པ་ཞིག་ལུང་བསྟན་ཐུབ་ན་ལྷ་ཁོག་ཞུགས་ཁྱོད་གཉིས་ལ་ཡིད་ཆེས་བྱེད་ཆོག
གསལ་པོ་ཤེས་ཀྱི་མེད་ན་་་བོད་མི་རིགས་མགོ་སྐོར་གཏོང་གྱི་མཚམས་ཞོག མི་ཆོས་བླ་མའི་རྫུན་བཤད་ཀྱི་མཚམས་ཞོག་ཟེར་གྱི་ཡིན། སྤྲུལ་སྐུའི་ལམ་ལུགས་དང་ལྷ་བབ་ཡི་ལམ་ལུགས་མཚམས་ཞོག་དགོས་ཡོད།
སངས་རྒྱས་ཁོག་ཞུགས་སྤྲུལ་སྐུ་རིན་པོ་ཆེན།
སྲུང་མ་ཁོག་ཞུགས་སྐུ་རྟེན་རིན་པོ་ཆེན།
མི་ལས་ལྷག་པའི་མཁྱེན་དཔྱོད་ཡོད་མདོག་གིས།
རྨོངས་དད་ཅན་རྣམས་མགོ་སྐོར་མ་གཏོང་རོགས།།
སངས་རྒྱས་ཁོག་ཞུགས་སྤྲུལ་སྐུས་དབུ་ཁྲིད་དང་།
སྲུང་མ་ཁོག་ཞུགས་ལྷ་ཡི་ལུང་བསྟན་ལ།
རྨོངས་དད་གཉིད་ལས་སད་པའི་བོད་མི་ཚོས།
ནམ་ཡང་ཡིད་ཆེས་བྱེད་པའི་རེ་བ་མེད།།
སྤྲུལ་སྐུ་དབང་མེད། སྤྲུལ་སྐུ་རྒྱུ་མེད། སྤྲུལ་སྐུ་འཇོན་མེད། སྤྲུལ་སྐུ་ཉམ་ཆུང་དེ་དག་ལ་དགག་པ་རྒྱག་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། བོད་མི་རིགས་དང་རྒྱལ་ཁབ་ལ་གནོན་པའི་ལས་ཀ་ཅང་བྱེད་ཀྱི་མི་འདུག ང་ཚོས་སྤྲུལ་སྐུའི་ལམ་ལུགས་དགག་དགོས་པའི་རྒྱུ་མཚན་གཙོ་བོ་སྤྲུལ་སྐུ་ཆེན་པོ་དག་ལ་ཐུག་ཡོད།
བླ་སྤྲུལ་ཆེན་པོ་དེ་དག་གིས་བོད་མི་རིགས་དང་རྒྱལ་ཁབ་ལ་གནོན་པའི་ལས་ཀ་སྔ་ཡང་བྱས་ཡོད་ལ་དེང་སང་བྱེད་བཞིན་ཡོད། ཆོས་མིན་སྲིད་མིན་གྱི་ལམ་ལུགས་ཀྱི་ཐོག་ནས་བོད་མི་རིགས་སྡུག་ལ་སྦྱར་གྱི་ཡོད་ལ་རང་དབང་དམངས་གཙོ་ལ་ལོངས་སྤྱོད་བཅུག་གི་མེད། སྤྲུལ་སྐུའི་ལམ་ལུགས་འདི་མེད་པ་མ་བཟོས་བར་དུ་ཡང་དག་པའི་དམངས་གཙོའི་རང་དབང་ལ་ལོངས་སྤྱོད་ཐུབ་པའི་རེ་བ་མེད་དོ།
ཉམ་ཆུང་སྤྲུལ་ཆུང་ཚོ་ལ་དགག་པ་རྒྱག་དགོས་པའི་རྒྱུ་མཚན་མེད་ཅེས་གསལ་བཤད་བྱེད་ཀྱི་ཡིན།
སྤྲུལ་སྐུ་མཉམ་ཆུང་དེ་ཚོ་སུ་རེད་སྤྲུལ་སྐུ་མཉམ་ཆུང་དེ་ཚོ་སུ་ཡི་སྤྲུལ་པ་རེད་གསལ་ལོ་ཞིག་ཤོད་དང་སྤྲུལ་སྐུ་དེ་ཚོས་བསྟན་པའི་ཞབས་འདེགས་མི་ཞུ་བར་བསྟན་པའི་ཞབས་འདྲེན་ཞུ་གིཡོད་
ཅོ་རི་ལེགས། དྲ་ཐོག་འདི་ནས་རང་རེ་གཉིས་སྐྱར་འཔྲད་བྱུང་བར་དགའ་བསུ་ཞུ། སྤྲུལ་སྐུའི་སྐོར་ལ་གླེང་སློང་ཆེས་མང་པོ་བྱེད་མཁན་འུ་ཅག་གཉིས་རེད། འོན་ཀྱང་བྲེལ་བ་ཆེ་སྒང་དུ་ཁེལ་བས་སྐད་ཆ་འཐུས་ཚང་དང་ཡི་གེ་དག་མོ་ཞུ་ཐབས་བྲལ་བས་དགོངས་འགལ་མེད་པར་ཞུ། །མདོར་བསྡུས་ཞུ་ན།
༡༽སྤྲུལ་སྐུ་མང་ཆེ་བ་ཡུལ་སོ་སོའི་དགོན་གྲོང་གཉིས་གྱིས་གྲོས་བྱས། དཀའ་ལས་མང་པོ་བྱས་ཏེ་བསྐོས་པ་ལས། སྤྲུལ་སྐུ་གློ་བུར་བ་ཞིག་ལ་བདག་པོ་མི་རྙེད་པར་མ་ཟད་ཀུན་ཀྱིས་རྫུན་མ་ཞེས་བརྙས་ཏེ་མི་གྲལ་དུ་སླེབས་མི་ཐུབ་པ་དངོས་ཡོད་རེད།
༢༽སྤྲུལ་སྐུ་བཟོ་མཁན་མང་ཆེ་བ་ཡུལ་སོ་སོའི་བློ་གཏད་བྱེད་སའི་བླ་མའམ་བོད་ཀྱི་སྤྱི་ནོར་མཆོག་གིས་ཐག་བཅད་པ་ཞིག་རེད།
༣༽སྤྲུལ་སྐུ་བཟོས་པའི་རྗེས་ཡུལ་སོ་སོའི་འདི་ཕྱིའི་བློ་གཏད་བྱ་ཡུལ་འམ་དབུ་འདྲེན་དུ་གསོ་སྐྱོང་གནང་བ་རེད།
༤༽སྤྲུལ་སྐུ་དགོས་མིན་དད་མོས་ཡོད་མཁན་དག་གིས་ཐག་གཅོད་པ་ལས་དེ་ལ་འབྲེལ་མེད་ཡིད་ཆེས་མི་བྱེད་མཁན་ཞིག་གིས་ཐག་གཅོད་མི་ཐུབ། འདི་ཆོས་དད་རང་མོས་ཀྱི་བྱ་བ་ཞིག་རེད།
༥༽གསེར་དངུལ། ཟངས་ལྕགས། ཤིང་དང་རྡོའི་སྣང་བརྙན་སོགས་འགྲོ་སོང་ཆེན་པོ་བཏང་སྟེ་མཆོད་ཡུལ་བྱས་པ་བཞིན་མི་བུ་ཞིག་མཆོད་གནས་སུ་བཞག་པ་དེས་མི་ཡི་སྤྱོད་ལ་ལོས་བྱེད།
༦༽གདོས་བཅས་བེམ་པོ་ལས་བྱིན་རླབས་འབྱུང་ན་ཁམས་དྲུག་ལྡན་པའི་མི་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་བཞིའི་ས་བོན་ཐེབ་པ་ཞིག་མཆོད་ཡུལ་དུ་འོས་ཤིང་འཚམས།
༧༽སྤྱི་ཚོགས་ལ་སྤྲུལ་སྐུ་མི་མཁོ་དུས་རང་བཞིན་གྱིས་འདོར་ངེས་ཀྱང་ད་དུང་སྤྲུལ་སྐུའི་བདེན་རྫུན་གྱི་མེ་ཤུགས་མ་ཉམས་པས་དགོས་པ་གཞིར་བཞག་གོ
༨༽བོད་ཀྱི་དགོན་སྡེ་བརྒྱ་ཆའི་དགུ་བཅུ་གོ་དགུའི་བདག་པོ་སྤྲུལ་སྐུ་རེད།
༩༽སྤྲུལ་སྐུ་བཟོ་མཁན་མང་ཆེ་བ་མཁན་སྤྲུལ་དགེ་བཤེས་ཡུལ་གྱི་གཙོ་བོ་རྣམས་རེད། དགེ་བཤེས་སྤྲུལ་སྐུ་དང་མཁན་སྤྲུལ་ཉིན་རེ་བཞིན་མང་དུ་འགྲོ་ཚུལ་ལ་ལྟོས་ཤིག
༡༠༽སྤྲུལ་སྐུ་བཟོ་བའི་ཆེད་མི་ངོ་བཙོང་༧གོང་ས་མཆོག་གི་མདུན་ཚུན་ཆོད་དུ་འབྲེལ་ལམ་བཙུགས། རྒྱུ་ནོར་དུས་ཚོད་བཏང་ཡུལ་དགོན་གཙོ་བོ་ཕལ་མོ་ཆེའི་ཡིད་ཆེས་དང་བདེན་པ། དཀོན་མཆོག་གཏའ་མར་བཞག་ནས་བྱས་པ་ཡིན་པས་དེ་ལ་འགྱུར་བ་ཐེབ་ན་དེ་དག་ཀྱང་བྱེ་མའི་ཆང་བུ་བཞིན་དུ་འགྱེལ་འགྲོ།
༡༡༽སྤྲུལ་སྐུ་ཕལ་ཆེ་བ་དགོན་པའི་གྲ་བ་མང་ཆེ་བ་དང་། གྲོང་པ་མང་ཆེ་བ་མོས་མཐུན་གྱི་སྒོ་ནས་གནད་ཡོད་མི་སྣ་བརྒྱུད་ཐག་བཅད་པས་ཡིན་པས་དམངས་གཙོ་རང་རེད། འདིའི་ནང་དུ་མ་འདུས་པ་དག་བཀུར་མཁན་ཆེར་མེད་པའི་ང་སྤྲུལ་སྐུ་དང་། ཚོགས་པ་ག་གེ་མོས་དབང་ཡོད་བྱས་ནས་བཞག་པའི་བཙན་བཟོས་སྤྲུལ་སྐུར་གྲགས་པ་ཚོ་རེད།
༡༢༽སྤྲུལ་སྐུའི་ལམ་ལུགས་འདིར་སྤྱིར་འགྱུར་བ་ཐེབས་ན་བཟང་ཡང་རེ་ཞིག་འགྱུར་བ་གཏོང་དཀའ་བ་ཞིག་ཡིན་པ་སྔོན་ཆད་ཡང་ཞུས་པ་ལྟར་ལེགས་སོ། །
༡༣༽ལྷ་ཁོག་ཞུགས་ཀྱི་སྐུ་རྟེན་དང་སྤྲུལ་སྐུ་རྫུན་མ། ད་ལྟའི་སྤྲུལ་སྐུའི་ལམ་ལུགས་བཅས་ལ་འགྱུར་བ་གཏོང་དགོས་པར་རང་རེ་མཐུན། གླེང་ཆེ་ན་འཁྲུགས་རྩོད་ཀྱི་སྒོ་ཕྱེ་བས་རེ་ཞིག་དུས་སུ་མ་བབ་པ་ཁོ་བོས་སྨྲ། དཔེར་ན་བོད་ཀྱི་དགོན་པ་ཞིག་གིས་ང་ཚོ་ཆོས་རྒྱུན་དང་བོད་ཀྱི་སྤྱི་ཚོགས་ནས་ཕུད་ཀྱང་སྤྲུལ་རིན་པོ་ཆེ་མི་འདོར་བྱས་ན་ཐབས་ཅི་ཞིག་བྱེད་དགོས། དོལ་ཚོགས་ཙམ་ལ་གླགས་མི་རྙེད་ན་སྤྲུལ་སྐུ་ཡོངས་རྫོགས་སྨྲོས་མེད་དོ། །
༡༤༽སྤྲུལ་སྐུ་མང་ཆེ་བར་བོད་ཀྱི་སྤྱི་ཚོགས་དང་སྐུ་རབས་གདུང་རྒྱུད། ཆོས་དང་དམ་ཚིག དགེ་རྒན་དང་སློབ་མ། དྲིན་དང་བྱས་པ། ཟང་ཟིང་གི་འབྲེལ་བ་གཅོད་མི་ཐུབ་པ་ཞིག་ཡོད་པས་ཐམས་ཅད་དམ་ཉམས་ཁྱུ་གཅིག་བཟོས་ཤོག་ཟེར་ན་སུ་ཡིས་ཉན། འགའ་ཞིག་གིས་དོལ་ཚོགས་བློས་མི་གཏོང་བ་བཞིན་ནོ། །
༡༥༽སོག་པོར་སྤྲུལ་སྐུ་དར་ནས་ལོ་སུམ་བརྒྱ་ལྷག་རེད། ད་བར་བོད་ཀྱི་ཀརྨ་པ་གཉིས་ཀྱི་རྩོད་པ་ལྟ་བུ་བྱུང་མྱོང་མེད་ཐག་ཆོད།
༡༦༽བོད་སིལ་བུ་འཐོར་ནས་ཁ་ཆག་སྣ་རལ་དུ་སོང་། སྡེ་རིས་ཁོལ་བུར་འཁྲུགས་དུས་སོག་པོས་བོད་གཅིག་ཏུ་བསྒྲིལ་ཏེ་ས་སྐྱར་ཕུལ་བས་དྲིན་ཆེ། ས་ཕག་འཁྲུགས་ནས་བསྟན་པའི་སུམ་ཆ་ཉམས། ཀར་དགེ་འཁྲུགས་ནས་གཙང་པོ་ཁྲག་ཏུ་བསྒྱུར་བའི་སྐབས། སོག་པོས་བོད་ཁམས་གཅིག་གཅིག་ཏུ་བསྒྲིལ་ཏེ་རྒྱལ་དབང་ལྔ་བར་ཕུལ་བས་དྲིན་རེ་ཆེ། སོག་པོ་ལ་ཆོས་དད་ཆེ། རང་འདོད་ཆུང་། གྲོགས་ཀྱི་ལ་རྒྱ་ཆེ་ནས་དབང་ཆ་ཡོངས་རྫོགས་གཞན་ལ་ཕུལ་བ་རེད་མ་གཏོགས་བོད་པ་ཚོའི་མགོ་བོ་གནམ་ལ་བཏེགས་ས་ཞིག་ལྷག་མེད་ཚོད་རེད། རྩེད་མོ་ཞུ། ། ད་དུས་ཚོད་མི་འདུག དགོངས་འགལ་མེད་པར་ཞུ། །
བདེན་པའི་ཕོ་ཉ་ལེགས། སྤྲུལ་སྐུ་གཅིག་ཡོད་པའི་ཁས་ལེན་གནང་ན་གཞན་འབྱུང་བ་རིགས་པའོ། །སྤྲུལ་སྐུ་ཅི་ཙམ་ཆེ་བ་དེ་ཙམ་ཕན་གནོད་ཆེ་བ་མངོན་སུམ་མོ། ། སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་དང་སྟངས་འཛིན་དགོས་པའང་བདེན་པའོ། །རྒྱལ་པཎ་གཉིས་ལས་གཞན་མི་དགོས་ཟེར་བ་སྒེར་གཅོད་དོ། །སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་གཏོང་ཐུབ་པའི་ཁྲིམས་ཞིག་མེད་པ་མངོན་གསལ་ལོ། །ལོ་བརྒྱ་བར་སྤྲུལ་སྐུའི་ལམ་ལུགས་གནས་པ་ལུང་བསྟན་ནོ། །
དྲི་མེད་ལྷག་བསམ་ཚང་ལ་བཀའ་དྲིན་ཆེ་ཞུ་ཁྱེད་ལ་མཇལ་འཕྲད་གནང་བར་དམ་པས་ཁས་བླངས་པར་ཤིན་ཏུ་དགའ་སྤྲོ་བརྟས། དྲི་མེད་ལྷག་བསམ་ལེགས། གསལ་བཤད་ལེགས་པོ་གནང་སོང་། xxxxxxxxxxxx
བསྟན་པ་སྤྱི་མགྲིན་དུ་སྨྲ་བ་དང་ཆོས་ལུགས་ག་གེ་མོས་དབུ་འཛིན་པ་ཚོས་རབ་ན་ཉམས་རྟོགས། འབྲིང་ན་མོ་རྩིས་རྨི་ལམ། ཐ་ན་ཡང་གྲོས་མཐུན་གྱི་གསེར་བུམ་དཀྲུག་པ་ལས་སྒེར་སྤྱོད་པ་མི་སྒེར་གྱིས་ངོ་འཛིན་ལ་བརྟག་དང་དཔྱད་པ་སྤྱད་ཆོག་པ་སྟོན་པ་ཉིད་ཀྱིས་ང་ཡི་བསྟན་པ་ལ་བསྲེག་བཅད་བརྡར་དགོས་གསུངས་བཞིན་ངེས་པར་བྱས་ན་རྫུན་དབང་དུ་མི་འགྲོ་ཞིང་། སྤྲུལ་སྐུ་བདེན་པས་འགྲོ་དོན་རྒྱས་པ་དང་འཛམ་གླིང་ཞི་བདེ་ཡང་འབྱུང་བ་ཆོས་ཉིད་རེད།
མང་གཙོ་དང་དམངས་གཙོ་མ་ནོར་བ་གནང་རོགས།
སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་གཏོོང་དགོས་པ་མཐོང་།
སྤྲུལ་སྐུ་མི་དགོས་ཟེར་ན་ནོར་བ་རེད་།
བོད་མི་རིགས་ཀྱི་ངོ་བོ་རླག་པའི་ཉིན་མོ་ནས་སྤྲུལ་སྐུའི་ལམ་ ལུགས་འཇུག་
བསྡུ་གི་རེད་།
དེ་བར་དུ་སུ་གཅིག་གི་སྤྲུལ་སྐུའི་ལམ་ལུགས་བཀག་ཐུབ་ཀྱི་མ་རེད་དོ་།
དྲི་མེད་ལགས་་་་ལན་གནངས་བར་ཡག་བྱུང་ཟེར་གྱི་ཡིན།
༡་་་ང་ཚོས་ངོས་ནས་སྤྲུལ་སྐུའི་ལམ་ལུགས་འདི་མཚམས་འཇོག་དགོས་ཟེར་བ་ལས་དེང་སང་ཡོད་བཞིན་པའི་སྤྲུལ་སྐུ་དེ་དག་ལྷ་གྲལ་ནས་འདྲེ་གྲལ་དང་། མྱི་གྲལ་ནས་ཁྱི་གྲལ། སྡེ་གྲལ་ནས་མཐའ་ལ་ཕུད་དགོས་ཟེར་བཞིན་མེད། གོ་བ་མ་ནོར་བྱོས། དེང་སང་ཡོད་བཞིན་པའི་སྤྲུལ་སྐུ་དེ་དག་སངས་རྒྱས་ཁོག་ཞུགས་ཀྱི་མི་ལུས་ཅན་ཡིན་ཟེར་ནའང་འདྲ། ཐམས་ཅད་མཁྱེན་པ་ཡིན་ཟེར་ནའང་རེད། སྤྲུལ་སྐུ་དེ་དག་ལ་འགྱུར་བ་མེད་པ་བཞུགས་ཆོག ཤི་ཚར་བའི་རྗེས་སུ་ཡང་བསྐྱར་སྐུ་བདག་མ་རྒྱབ་ཟེར་བཞིན་ཡོད། ཡང་སྲིད་ངོས་འཛིན་གནང་སྟངས་དེ་དག་ལ་དཔྱད་ན་སྐྱེ་བ་སྔོན་མའི་ཡང་སྲིད་ཤིག་ཏག་ཏག་ངོས་འཛིན་ཐུབ་པའི་རྒྱུ་མཚན་སྤུ་ཙམ་མེད། དགེ་སློང་ཞིག་གིས་ངོས་ནས་མི་ཆོས་བླ་མའི་རྫུན་བཤད་མི་ཆོག་པར་འདུལ་བའི་བཅའ་ཁྲིམས་རེད། སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་དེར་རྫུན་ཆེན་ནང་གི་རྫུན་ཆེན་རེད། སྤྲུལ་སྐུ་ངོས་འཛིན་མཁན་ཚོའི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཡོད་མི་སྲིད།
༢་་་དྲི་མེད་ལགས། ཧམ་བཤད་བྱེད་མ་འོངས་ཨ། སྤྲུལ་སྐུ་ངོས་འཛིན་བྱེད་དུས་དགོན་གྲོང་གཉིས་ཀྱིས་གྲོས་བྱེད་ཀྱི་་ཡོད་པས་དམངས་གཙོའི་ལམ་ནས་བྱུང་ཟེར་བའི་སྐད་ཆ་འདི་ནི་དངོས་གནས་ཡག་པོ་མ་རེད། སྐྱེ་བ་སྔ་ཕྱི་དམངས་གཙོའི་ལམ་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་དམ། སྐུ་གོང་མས་ཡང་སྲིད་དམངས་གཙོའི་ལམ་ནས་ཧ་གོ་ཐུབ་ཐབས་མེད་པ།་་་ཧཧཧ
གྲོས་སྡུར་བྱས་ནས་ཐག་བཅད་པའི་དབང་དུ་བཏང་ཡང་དམངས་གཙོ་ལམ་ནས་བྱུང་བ་མིན། དམངས་གཙོའི་གོ་དོན་དེ་ཙམ་གྱིས་ཚང་མི་ཐུབ། སྒེར་གཅོད་པ་ཚོས་ཀྱང་གྲོས་སྡུར་བྱས་ནས་ཐོག་གཅོད་ཀྱི་རེད་བ། དཔོན་ངན་སྒེར་གཅོད་པ་ཚོས་བློན་ངན་རྣམས་ལ་གྲོས་སྡུར་བྱས་ནས་བྱ་བ་སྒྲུབ་ཀྱི་རེད། ད་་མང་པོ་མི་བཤད། ཁྱོད་ཀྱིས་སྤྲུལ་སྐུ་དམངས་གཙོའི་ལམ་ནས་བྱུང་བ་ཡིན་མདོག་མདོག་བཤད་ཀྱི་དེར་མཚམས་ཞོག
༣་་་་སོག་པོས་ས་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་པར་བཀའ་དྲིན་ཆེ་ཞུ་ཆོག གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོའི་སྲིད་དབང་བཙན་འཕྲོག་བཟོས། བོད་མི་ཁྲི་ཕྲག་མང་པོ་དམར་བྱས་པ་ནི་ནག་ཉེས་ཡིན་པ་ལས་བཀའ་དྲིན་བརྩི་ཐབས་མེད། དགེ་ལུགས་རྒྱ་སྐྱེད་བཏང་ནས་ཆོས་རྒྱུད་གཞན་དག་ཚོའི་གྲྭ་དམངས་དམར་གསོད་དང་ཡིག་ཆ་མེ་སྲེག་བྱས་པ་སོགས་ནི་ནག་ཉེས་ཡིན། དེང་སང་ཆོས་རྒྱུད་ཁག་གི་བར་དུ་རྨ་ཁ་སོས་ཐབས་མེད་པའི་ལོ་རྒྱུས་ཀྱི་སྙིང་ནད་བཞག་ཡོད་པ་ལ་སོག་པོ་དང་འབྲེལ་བ་ཆེན་པོ་ཡོད།
དྲི་མེད་ལྷག་བསམ་མཆོག་གིས་མཆན་༡༠་པ་དང་༡༡་པ་ན་བྲིས་པ་རྣམས་བཀླགས་པས་བདེན་པར་གསུངས་པར་མངོན་པར་བསྟོད་དོ།
་
གྲྭ་པ་དངོས་རྫུན་གཉིས་ཡོད་ལྟར། །
བླ་མ་དངོས་རྫུན་གཉིས་ཡོད་སྲིད། །
སྤྲུལ་སྐུ་དངོས་རྫུན་གཉིས་ཡོད་སྲིད། །
ལ་རྒྱ་དངོས་རྫུན་གཉིས་ཡོད་སྲིད། །
དངོས་ལ་གུས་ཤིང་རྫུན་ལ་དམོད། །
ཆུ་དང་འོ་མ་ཕྱེ་ཤེས་ནས། །
བདེན་རྫུན་རྒྱལ་ཕམ་བྱེད་དགོས་ལས། །
སྤྲུལ་སྐུར་དམོད་ཙམ་མ་འོའི་གཤིས། །
བླ་མ་སྤྲུལ་སྐུ་གཉིས་པོ་ལ། །
མུ་བཞི་སྒྲིག་མཁན་༸གོང་ས་མཆོག །
བླ་སྤྲུལ་མུ་བཞི་བསྒྲིགས་འདི་ལ། །
སྤྲུལ་སྐུའི་དགེ་སྐྱོན་ཚངས་ཐིག་དངོས། །
སྤྲུལ་སྐུའི་ལམ་ལུགས་དགོས་དང་མི་དགོས་ནི།
སྤྲུལ་སྐུའི་ཕྱི་ནང་གསང་བའི་བྱ་སྤྱོད་དག
སྤྲུལ་སྐུའི་ཚུལ་དུ་བཞུགས་དང་མ་བཞུགས་ལ།
སྤྲུལ་སྐུའི་ཚོགས་ལ་ལེགས་པར་བརྟག་ན་ཤེས།
སྤྲུལ་སྐུའི་ཚོགས་ནི་བསྡོད་ས་གཞལ་ཡས་ཁང།
སྤྲུལ་སྐུའི་ཚོགས་ཀྱི་བསྐྱོད་ས་འབུམ་ཕྲག་རིན།
སྤྲུལ་སྐུའི་ཚོགས་ཀྱི་འཆང་རྒྱུ་ཨེ་པོལ་རིགས།
སྤྲུལ་སྐུའི་ཚོགས་ནི་འགྲོ་ས་རྒྱ་གྲོང་རེད།
སྤྲུལ་སྐུའི་ཚོགས་ལ་བྱམས་སེམས་ཡོད་དང་མེད།
སྤྲུལ་སྐུའི་ཚོགས་ཀྱི་ཉེ་འབྲེལ་དག་ལ་གཟིགས།
སྤྲུལ་སྐུའི་ཚོགས་ལ་སྙིང་རྗེ་ཡོད་དང་མེད།
སྤྲུལ་སྐུའི་ཚོགས་ཀྱི་སྡེར་གྱི་ནང་ནས་ཤེས།
སྤྲུལ་སྐུར་གོང་མའི་སྐུ་ཡོན་ཡོད་དང་མེད།
སྤྲུལ་སྐུའི་ཀ་ཁ་སྦྱོང་ཚུལ་དག་ལས་ཤེས།
སྤྲུལ་སྐུའི་ཚོགས་རྣམས་ཆགས་ཞེན་ཡོད་དང་མེད།
སྤྲུལ་སྐུའི་ཀ་ངོ་མ་ཤེས་འཕྲེང་གོག་ཤེས།
སྤྲུལ་སྐུས་བོད་ལ་ཕན་དང་མ་ཕན་པ།
སྤྲུལ་སྐུས་བལ་དམག་སོག་དམག་རྒྱ་ཡི་དམག
སྤྲུལ་སྐུས་ནང་འདྲེན་བྱས་ཏེ་གདོང་དམར་བོད།
སྤྲུལ་སྐུས་ཁྲག་གི་འཁོར་ལོ་མ་བསྐོར་མེད།
གྲོགས་དྲི་མེད་ལགས་ངེད་གཉིས་ཀྱི་བསམ་ཚུལ་ཅུང་མ་མཐུན་ནས་བསམ་འཆར་འགའ་ཞུ་ཤོར་སོང་འོན་ཀྱང་ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་བཟང་ངན་གང་ཡིན་ཀྱང་བཤད་ན་བོད་ཀྱི་ལོ་རྒྱུས་ཀྱི་རྒྱན་དུ་འགྲོ་བ་ལས་འགོག་གཞིར་མི་འགྱུར་ཕྱིར་ཞུས་པའོ།།
དྲ་གྲོགས་ཚོ། ད་ཇུས་གཏོགས་མ་བྱས་ན་ཡག་ནི་རེད། དེ་རིང་བར་སྤྲུལ་སྐུའི་ལམ་ལུགས་ལ་དགག་པའི་ངུ་སྐད་མང་པོ་ཤོར་བ་རེད། ཡིན་ན་ཡང་། སྤྲུལ་སྐུའི་མིང་འཛིན་ཇེ་མང་ནས་ཇེ་མང་རེད། མདོར་དྲིལ་ན། སྤྲུལ་སྐུ་ངོས་འཛིན་བྱེད་མཁན་སུ་རེད། དང་པོ་དེ་རྩད་གཅོད་བྱོས། དབུ་རྒྱལ་བ་རིན་པོ་ཆེ་ནས། ས་སྐྱ་གོང་མ་དང་། ཀརྨ་པ་གཉིས། པད་ནོར་དང་བྱ་བྲལ་སོགས་ཆོས་རྒྱུད་ཀྱི་བླ་མའི་མཚན་མཐོན་པོ་ཅན་དག་གིས་བཟོས་པ་རེད། སྤོབས་པ་ཡོད་ན་ཁོང་ཚོར་ཤོད། ཁ་བརྡའི་དྲ་ཐོག་ཏུ་ཡོང་སྟེ་དུས་ཚོད་འཕྲོ་བརླགས་མི་གཏོང་རོགས།
སྤྲུལ་སྐུའི་སྐོར་ལ་གསུང་བཤད་མང་པོ་གནང་འདུག ཁ་རྡུང་གཏོང་བ་ལས་སྐྱོན་ཆ་ཐེར་འདོན་བྱེད་མཁན་མེད་པ་འདྲ། སྤྲུལ་སྐུ་ཚོས་ག་རེ་བྱས་སོང་། སྤྲུལ་སྐུ་དེའི་མཚན་ལ་ཅི་ཟེར། སྤྱི་ཚོགས་ལ་གནོད་པའི་ལས་ཀ་ག་རེ་བྱས་སོང་། གསལ་བོར་གསུང་ཐུབ་ན་ཡག་པོ་འདུག
འགའ་ཤས་ཀྱིས་དེ་ལས་འཕྲོས་ཏེ་རང་གི་སེམས་ནད་ཕྱིར་མངོན་པ་དང་། དཀྲིགས་ཤིང་བརྒྱག་མཁན་ཡང་འདུག་པས་ཡག་པོ་མཐོང་མ་སོང་། རྗེས་མ་ནས་སྐྱོན་ལ་སྐྱོན་དུ་ངོས་བཟུང་སྟེ་གདོང་ལ་མཛུབ་མོ་འཛུགས་ཐུབ་ན་ཡག་པོ་འདུག དེ་མིན་གླེང་ཕྱོགས་བཟོས་ནས་གཞན་ནག་པོ་བཟོས་ན་ཡག་པོ་མི་འདུག་སྙམ།
འདས་པའི་ལོ་རྒྱུས་ལས་ཉམས་མྱོང་དང་བསླབ་བྱ་ལེན་ཤེས་ན་མཁས་པ་དང་།
བསྐྱར་ལོག་བརྒྱབ་ན་སྨྱོན་པ་ཡིན།
དགེ་འདུན་རྒྱ་མཚོ་ལགས་ཀྱིས་ངོ་མ་ཡག་པོ་གསུང་འདུག བཀའ་དྲིན་ཆེ།
ཅོ་རི་བདེན་་འོན་ཀྱང་རྨོངས་་རྙེད་ལས་ག་དུས་སངས་ཐུབ་་་ང་ཚོར་རང་བཙན་ཐོབ་ཀྱང་སྷར་ཡང་རང་བཙན་ཤོར་བ་ལ་ཐེ་ཚོམ་མི་འདུག་གོ་
དྲི་མེད་ལྷག་བསམ་དང་དགེ་འདུན་རྒྱ་མཚོ་གཉིས་གནས་ལུགས་མཁྱེན་མཁན་རེད་ཐུགས་རྗེ་ཆེ་། ང་ཡང་སྤྲུལ་སྐུ་མིང་འཛིན་པ་ཞིག་ཡིན་འོན་ཀྱང་ངེས་སྐྱེ་བ་རྗེས་མ་ཡོང་སྲིད་བཙལ་མི་གོ་ཟེར་གི་ཡོད་ཧ་ཧ་ཧ་།
འོ་ཁྱེད་རང་གི་སྐྱེ་བ་རྗེས་མར་ཡང་སྲིད་འཚོལ་མི་དགོས་གསུང་ཀྱང་ཁྱེད་ཀྱི་རྒྱུ་ལ་བརྔམ་མཁན་དེ་ཚོས་བཞག་གི་མ་རེད། དཔེར་ན། མཁན་ཆེན་འཇིག་མེད་ཕུན་ཚོགས་ཀྱིས་ཁོང་གི་ཡང་སྲིད་མི་དགོས་པའི་ཞལ་ཆེམས་གནང་བར་མ་ཟད་ཁོང་གིས་སྤྲུལ་སྐུ་ཚོར་ཚིག་མདའ་མང་པོ་འཕེན་རབས་ཡོད་འོན་ཀྱང་སློབ་བུ་རྒྱུ་འདོད་དང་བླ་མའི་བཀའ་ལ་བརྩི་འཇོག་མི་བྱེད་མཁན་ཚོས་ཁོང་གི་ཡང་སྲིད་ཁྲི་ལ་བཏོན་ཚར་སོང་ང་་་་་་ད་དེ་འདྲ་རེད་ད།
ངའི་སྐྱེ་བ་རྗེས་མ་དེར། ངའི་ཡང་སྲིད་འཚོལ་རོགས་ཟེར་བགྱི་ཡིན། ད་འདྲ་འབུ་ཚོ། མིག་ཚ་བགྱིན་འདུག་གེ ལགས། ཧ་ཧ།། །།
མིག་ཚ་གི་མི་འདུག་སྙིང་ན་གི་འདུག བཟློག་གཏོར་ཞིག་བརྒྱབ་འདོད།
སྤྲུལ་སྐུ་ལ་མིག་ཚ་གི་མི་འདུག་དེང་སངས་གི་སྤྲུལ་སྐུར་གཞན་པ་གཏིང་ནས་ལོག་སོང་
ད་དུང་སྤྲུལ་སྐུའི་ལམ་སྲོལ་མེད་པ་བཟོ་དགོས་ཟེར་ན་ཧ་ཅང་གི་སྙོག་དྲ་རེད། གལ་ཏེ་མེད་པ་བཟོ་ན་སྤྲུལ་སྐུ་མཐོ་ཤོས་ཚོར་ལ་ཐུག་ཡོད། དེ་ཚོར་སུ་ཞིག་གིས་ལག་པ་འཆང་ནུས། ད་དུང་བོད་པ་སྤྱིའི་ཆ་ནས་ཤེས་བྱ་ཧ་ཅང་གི་སྐྱོ་བོ་རེད། དེར་མ་ཟད་ཁ་བརྡ་དྲྭ་རྒྱ་བཏང་འཛིན་བྱེད་མཁན་ཚོར་ལ་ཆ་བཞག་ན་ཡོན་ཏན་པ་ཤ་སྟག་ཡིན་པའི་ཁུལ་རེད། འོན་ཀྱང་ངས་དེ་སྔོན་དངོས་ཡོད་གནས་ཚུལ་གྱི་མཆན་ཞིག་བཏབ་པ་ནག་བསུབས་བཏང་བ་མ་ཟད་རེ་ཞིག་ངའི་མཆན་བཀག་རྒྱ་བྱས་འདུག ངའི་མཆན་དེ་ཡོན་ཏན་པ་ཚོས་བློ་ཡུལ་ཏུ་མ་ཤོང་ན་གཞན་ཞིག་གིས་ལྟ་ཅི་སྨོས། །
ངའི་སྐྱེ་བ་རྗེས་མའི་ཡང་སྲིད་སྤྲུལ་པའི་སྐུ་ཡི་གསོལ་དཔོན་དང་། ཕྱག་མཛོད་ལ་ཁྱུང་སེ་དང་། ཅོ་རི་གཉིས་མ་སྐྱེས་པ་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད། ཧ་ཧ། ཀུ་རེ་ཡིན་ནོ།། །།
ཀརྡོ་ལགས་བདེན་པ་རེད་དངོས་གནས་ང་ཡི་སྐྱེ་བ་རྗེས་མ་དེ་སྐུ་དྲག་དང་སྤྲུལ་སྐུ་རྫུས་མ་དེ་ཚོའི་བྲན་གཡོག་ཏུ་མི་སྐྱེ་བར་ཤོག
ཅེས་ནས་སྨོན་ལམ་ཉིན་མཚན་ཀུན་ཏུ་འདེབས་ཀྱི་ཡོད་ད། གལ་ཏེ་དེ་ལྟར་སྐྱེས་ཚེ་སྤྲུལ་སྐུའི་སྤུས་ཚད་རྣམས་ཕྲ་ཞིང་ཕྲ་བ་ནས་ཡིག་ཐོག་ཏུ་བཀོད་ནས་རྨོངས་དད་པ་ཚོར་སྤྲུལ་སྐུའི་ངོ་གདོང་ཇི་ཡིན་གསལ་པོར་བཀོད་པའི་དེབ་ཅིག་འབྲི་ཐུབ་པའི་སྨོན་ལམ་ཡོད་ཧ་ཧ་ཀུ་རེ་ཞུས་ཡིན།
གྲོགས་པོ་མཚོ་འདི་ནང་ལ་འདྲ་པར་གང་འདྲ་བྱེད་ནས་བཞག་གོ་རེད་??
ཁ་བརྡར་ཆེད་རྩོམ་མཉམ་དུ་པར་བསྐུར་ན་མ་གཏོགས། ཐད་ཀར་མཆན་བུ་མཉམ་དུ་པར་གཏོང་མི་ཐུབ།
ལགས་སོ་ཀརྡོ་གཉེར་ཕྱག་པ་ལགས་ཐུགས་རྗེ་ཆེ་ཞུ་།