གནས་ཚུལ་གཏོང་མཁན། ཚེ་དབང་ཕུན་ཚོགས།
༢༠༡༥ ཕྱི་ཟླ་༣ ཚེས་༦ རེས་གཟའ་པ་སངས་ཉིན་ཕྱི་དྲོའི་ཆུ་ཚོད་ ༦ ཐོག་ནིའུ་ཡོག་དང་ནིའུ་ཇེ་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་། མཁྱེན་ཡོན་ཅན་སྤྱི་དང༌། ལྷག་པར་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་དགེ་ཆེ་ཌོག་ཊོར་ རོ་བྷཊ་ཐར་མན་ (Professor Robe rt Thurman) མཆོག་ནས་བོད་མི་མ་ཡིན་པའི་ནང་ཆོས་མཁས་པ་ཞིག་གི་དགོངས་ཚུལ་གཞིར་བཞག་དོལ་རྒྱལ་གྱི་གནད་དོན་དང༌། བོད་བརྒྱུད་ནང་ཆོས་སྐོར་ལ་སྙན་ཉམས་དོད་པའི་གསུང་བཤད་དང༌། ཧ་ཅང་འཁྲུག་ཆ་ཆེ་བའི་དྲི་བ་དྲིས་ལན་གནང་རྒྱུ་ཡིན་ན། ཐུགས་སྣང་ཅན་རྣམས་ངེས་ཕེབས་ཡོང་བའི་མགྲོན་ཤོག་ཏུ།
ནིའུ་ཡོག་དང་ནིའུ་ཇར་སི་ས་ གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་ནས། ཕུལ༎ ༎
Shugden Affairs & Tibetan Buddhism
A talk by renowned Tibetan Buddhist Scholar Professor Robert Thurman followed by Q&A Session
Venue: Phuntsok Deshi (Tibetan Community Hall), 57th street and 32nd Ave, Woodside, NY
Date: Friday, March 6, 2015
Time: 6.00 PM
Organized by: Regional Tibetan Youth Congress of New York & New Jersey
OFFICE OF TIBET
1228 17th Street NW
Washington DC 20036, USA
www.spanish.tibetoffice.org
མཁས་དབང་ཁོང་སྐད་གྲགས་ཆེན་པོ་རེད། ཕྱི་རྒྱལ་མི་རིགས་ཁོང་གིས་དོལ་རྒྱལ་སྐོར་ལ་གསར་འགོད་པར་འགྲེལ་བཤད་རྒྱག་པ་དྲ་ལམ་ནས་མཐོང་མྱོང་ཡོད། དགོད་བྲོ་བ་ག་རེ་ཟེར་ན། དེ་རིང་ཕྱི་རྒྱལ་པས་དོལ་རྒྱལ་སྐོར་འགྲེལ་བཤད་བརྒྱབ་ནས་བོད་རིགས་ཚོས་དྲི་བ་དྲི་ལན་འདྲ་བཏང་།རྗེས་མ་རྗེས་མ་ཕྱི་རྒྱལ་པས་ནུབ་ཕྱོགས་སུ་ཡོད་བོད་རིགས་ཚོར་ནང་ཆོས་དང་མན་ལུང་འདྲ་གསུང་བའི་དུས་ཤིག་ཤར་ངེས་རེད། ཧཧཧཧ།ཐབས་སྡུག་རེད།
ཨ་རིར་བོད་རིགས་བླ་མ།དགེ་བཤེས།ཡོན་ཏན་ཅན་སྟག་དང་སེངྒེ་འདྲ་བོ་དེ་འདྲ་མང་པོ་ཡོད་པ་རེད།ཁོང་ཚོར་ཕྱག་དངུལ་འབུལ་ནས་འགྲེལ་བཤད་བརྒྱབ་ན།ཕྱི་རྒྱལ་པས་དོལ་རྒྱལ་སྐོར་ལ་འགྲེལ་བཤད་རྒྱག་པ་ལས་ཁ་གསལ་བ་དང་གོ་བདེ་བ་ཡོང་གི་རེད། ཚོགས་འདུ་གོ་སྒྲིག་གནང་མཁན་ལགས།ྒ
ཕྱི་རྒྱལ་བའི་རྩ་ནས་ཆོས་ཞུས་ཚེ་ཞབས་འདྲེན་ན་སྟོན་པ་དང་རྒྱན་དྲུག་མཆོག་གྲུབ་ཐོབ་བརྒྱད་ཅུ་ཚང་མ་ཕྱི་རྒྱལ་བ་རེད། ཁོ་ཚོའི་རྩ་ནས་ཆོས་རྒྱུ་ཡང་ཞབས་འདྲེན་མ་རེད་དམ།
གང་ལྟར་ཡག་པོ་རེད། ཕྱི་རྒྱལ་བ་ཚོས་དོལ་ཚོགས་གང་འདྲ་ཡིན་པ་ཕྱི་རྒྱལ་བར་ངོ་སྤྲོད་ཡག་པོ་ཐུབ་ན་ཡག་ཐག་ཆོད་རེད།
རེད་རེད་བོད་ཀྱི་ནང་ཆོས་དེ་ཕྱི་རྒྱལ་གྱི་ཆོས་ལུགས་རེད་ཕྱི་རྒྱལ་བས་བོད་པ་ཚོར་གསུང་ན་ཡག་པོ་རེད། བོད་པ་ནི་ཀླ་ཀློ་ཆེས་མུན་ནག་ཡིན་པ་སྔར་ནས་བོད་པ་རང་གིས་སྒྲུབ་ཡོད་དེ་རྗེས་རྒྱ་ནག་གིས་ཀྱང་བོད་འདི་ཆེས་མི་མ་ཡིན་བཟོ་འདྲ་བ་ཞིག་བསྒྲུབ་བཞིན་ཡོད་འདུག དོལ་རྒྱལ་སྐོར་ལ་དྲི་བ་དྲིས་ལན་བྱེད་དུས་ཕྱོགས་གཉིས་ཀ་ནས་ཡོད་ན་ཡག་པོ་རེད། དེ་མིན་འོག་ནས་མི་བཟང་བའི་དྲི་བ་བཏོན་གོང་ནས་ཀྱང་མི་བཟང་མི་ལེགས་པའི་ལན་བཏབ་པ་ཡིན་ན། བཟློས་གར་འཁྲབ་པ་རང་རེད། གལ་ཏེ་དེར་དོལ་རྒྱལ་ཕྱོགས་བཟུང་ནས་དོལ་རྒྱལ་ལེགས་ཚུལ་ལེགས་ཚུལ་གྱི་བསམ་ཚུལ་བཏོན་པ་ཡིན་ན་་་་བོད་པ་ཞིག་ཡིན་ན་དེ་ནས་བཟུང་ཕོ་རོག་དཀར་པོ་ཆགས་ཡ་རང་རེད་་་་དེས་ན་དྲི་བ་འདོན་མཁན་ཁག་པོ་རེད།
རོ་བྷཊ་ཐར་མན་ (Professor Robe rt Thurman)ཁོ་རང་ནི་ཆོས་དང་ཚན་རིག་ལ་ཤིན་ཏུ་མཁས་པ་ཕུལ་བྱུང་ཞིག་འདུག ཆོས་བཤད་འགའ་རེ་ཉན་མྱོང་། ཁྱད་པར་བདེན་བཞིའི་སྐོར་གནད་ལ་ཁེལ་བ་བཤད་འདུག་དྲན། དབྱིན་ཇི་པ་ཚོས་རྫུན་བསྒྲིགས་དག་ཐད་ཀེར་དམར་འདོན་ཐུབ་ན་ཤིན་ཏུ་ལེགས། དཔེར་ན་དོལ་འདྲེ་ལ་སངས་རྒྱས་བསྟན་སྲུང་ཟེར་བ་དང་། བཀའ་བརྒྱུད་དང་ས་སྐྱ་པ་འདྲེ་ལ་སྐྲག་པ་རེད་ཟེར་བ་དང་། དིལ་མཁྱེན་དང་བྱ་བྲལ་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེ་ལ་བཀའ་བཙན་གཏོང་བ་རེད་ཟེར་བ་དང། ཏྰ་ལའི་སྤྲུལ་སྐུ་བརྩུན་མ་རེད་སོགས་གཞི་མེད་ཡིན་པ་དང་། ༧གོང་ས་ཉིད་ཀྱིས་རང་ཐག་རང་གིས་བཅད་ནས་དགེ་ལུགས་པའི་སྒེར་སྐྱོན་ཐེར་འདོན་བྱས་ན་བློ་ལྡན་པ་ཚོས་ངོས་ལེན་དགོས་ཡ། ད་ཐེངས་ཤིན་ཏུ་ལེགས་པའི་གསར་བསྒྲགས་རེད། དེ་ཡང་རྒྱལ་ཡོངས་ལ་ཐད་གཏོང་བྱེད་ཀི་ཡོད་དམ། ཡོད་ན་གསུང་རོགས།
འདི་ལ་བསལ་བྱ་ཅི་ཡང་མེད།
གཞག་པར་བྱ་བ་ཅུང་ཟད་མེད།
ཡུང་དག་ཉིད་ལ་ཡང་དག་ལྟ།
ཡང་དག་མཐོང་ན་རྣམ་པར་གྲོལ།། ༢༡ །།
་
ཅེས་པ་་མངོན་རྟོགས་རྒྱན་སྐབས་ལྔ་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་རྟེན་འབྱུང་སྙིང་པོའི་མཇུག་ཏུ་ཡང་བཀོད་ཡོད་པ་རྣམ་རྟོག་སེལ་བ་ལ་མཆོག་ཏུ་གྱུར་པ་ཞིག་གོ
སློབ་དཔོན་ཐར་སྨན་དང་ང་གཉིས་བར་བོད་ཀྱི་ཡི་གེ་ཀློག་སྟངས་ཀྱི་སྐོར་ལ་རྩོད་པ་ཡོད། ངའི་བོད་ཡིག་ཀློག་སྟངས་སྐོར་ལ་ཡ་དྭགས་ཡི་གེ་ཀློག་སྟངས་ཞེས་བརྗོད་པ་ལ་ངས་བོད་ཀྱི་གནའ་བོའི་ཡི་གེ་ཀློག་སྟངས་ཡིན་ཞེས་ཏེ། སློབ་དཔོན་ཐར་སྨན་སོགས་ཕ་རོལ་པོ་ནོར་འཁྲུལ་གླེང་བ་དག་ལམ་དྲང་པོར་འཇུག་པར་བྱེད་དགོས་པ་ཡོད། འདི་ཉིད་ཁོ་བའི་བདེན་པའི་ཨུ་ཚུགས་ཡིན་པ་རྒྱ་གར་མེས་པོ་གནྡྷི་ལྟ་བུ་ཡིན། ཞེས་སོ།
་
བདག་དང་གཞན་མཁས་པ་དག་གིས་བྲིས་པའི་ཡིག་ནོར་ཞུས་དག་མཛད་དགོས་པ་བོད་ཀྱི་ཞབས་ཏོག་གོ
བོད་པ་ཚོའི་མགོ་མཁྲེགས་པོ་ཡོད་པ་ཡིན་ཙང་
བོད་པས་བོད་པ་ལ་བཤད་ན་ཡིད་ཆེ་བྱེད་དཀའ་མོ་རེད།
དེ་བས་ཕྱི་རྒྱལ་པའི་མིས་བཤད་ན་
བོད་པ་ཚོ་གཡམ་བརྒྱུགས་ལ་དགའ་བས་གཞན་གྱི་ཁ་ལ་ཉན་སྲིད།
དེ་འདྲ་སོང་ཙང་ལས་དོན་འདི་ཡག་པོ་རེད་བསམ་སོང་།
ནང་ཆོས་ལ་དད་པའི་བོད་པ་ཡིན་ནོ་ཅོག་ཕྱི་རྒྱལ་གྱི་ཆོས་ཀྱི་དབང་དུ་འགྲོ་གི་ཡོད་པ་མ་ཤེས་མཁན་དེ་འདྲ་ཁ་བརྡ་དྲ་བར་ཚང་ན་གང་ཡོང་།
ད་བོད་ཀྱི་ནང་ཆོས་མི་རིགས་གཞན་ལ་ཤོར་བའི་དུས་ཚོད་སླེབས་ཟིནད་པ་འདྲ། ལགས་མ་རེད་དཔེ། ལགས།། །།
ཉེ་ཆར་དོལ་ཚོགས་མི་སྣས་རག་པ་ཊི་ཐོག་མེད་ལྷན་དུ་པར་རྫུན་སྒྲིག་བྱས་ནས་ཕྱོགས་གང་སར་སྤེལ་བ་རེད། དེར་མཁས་དབང་ཁོང་གིས་དག་འབུད་དང་། ཐེར་འདོན་གམང་ཡོད། དེ་རིང་ཡང་དེའི་སྐོར་གསལ་པོ་གསུང་ངེས་རེད།
བོད་ཀྱི་ནང་ཆོས་ཟེར་ན་ག་རེ་རེད། བོད་ནི་ཀླ་ཀློ་དང་མུན་ནག་གི་ཡུལ་ཡིན་པ་སྔ་ནས་སྒྲུབ་ཟིན། དེ་ཡིན་དུས་
བོད་ལ་རྩ་ཆེན་རིག་གཞུང་ཞིག་ག་ལ་ཡོད། ཁྱེད་ཚོའི་འདི་བོད་པ་རང་ཉིད་ཀྱི་རང་ས་རང་ཡུལ་ནས་དར་བའི་
རིག་གཞུང་ཞིག་ཡིན་ཟེར་ནས་གཞན་ལ་ངོམ་ཆོག་པའི་རིན་ཐང་ཅན་སྣེ་གཅིག་སྟོན་ཡ་ཨེ་ཡོད། དེ་མེད་ན་ཕྱི་
རྒྱལ་གྱི་རིག་གཞུང་ཕྱི་རྒྱལ་གྱི་སློབ་སྦྱོང་བྱས་ན་བོད་པ་ཚོས་ཕྲག་དོག་བྱ་དགོས་དོན་མེད་ལ། ཧཧཧཧཧཧཧ