བར་ཕུ་ཕུན་ཚོགས།
དང་པོ། ཕག་ནད་ཆམ་རིམས་འགོ་སྟངས།
༡༽ ཕག་པ་སོགས་དུད་འགྲོའི་རིགས་ལ་འབྲེལ་འདྲིས་ཆེ་བའི་ཕྱུགས་བདག་གམ་བཤལ་པ།
༢༽ ཕག་ནད་ཆམ་རིམས་ཕོག་པའི་ཕག་ཤ་བེད་སྤྱོད་བྱེད་པ།
༣༽ ཕག་ཤ་སོགས་ཤ་རིགས་རྗེན་པའམ་ལེགས་པར་མ་བཙོས་ནས་ཟ་བ།
གཉིས་པ། ཕག་ནད་ཆམ་རིམ་འགོས་སླ་བའི་མིའི་རིགས།
༡༽ ནད་གཅོང་ངམ་ཡུན་རིང་ནད་ཀྱིས་བཏབས་ནས་སྨན་བཅོས་ཡག་པོ་མ་བྱས་པ།
༢༽ ལོ་ན་༦༥ ཡན་གྱི་ལུས་སྟོབས་ཉམས་པའི་རྒས་འཁོགས།
༣༽ ལུས་གཅིག་གིས་སྲོག་གཉིས་འཚོ་དགོས་པའི་སྦྲུམ་ལྡན།
༤༽ ལུས་ཟུངས་མ་སྨིན་པའི་བྱིས་པ་ལོ་ན་ལྔ་ཡན་མ་ལོན་པ།
གསུམ་པ། ཕག་ནད་ཆམ་རིམས་ཀྱི་ནད་རྟགས།
༡༽ ཚ་བ་འཕར་བའམ་ཚ་བ་ཡོད་པ་ལྟར་སྣང་བ།
༢༽ གློ་ལངས་བ།
༣༽ མིད་པར་གཉན་ཁ་རྒྱས་པའམ་རྨ་ཐོན་པ།
༤༽ སྣ་ཆུ་མང་ལ་དབུགས་འཚུབ་པ།
༥༽ མགོ་བོ་ན་བ།
༦༽ ལུས་ཡོངས་མ་བདེ་བ་སྣང་བ།
༧༽ གྲང་ཤུམ་རྒྱག་པ།
༨༽ ངལ་དུབ་ཆེ་ལ་སྒྱིད་ལུག་པ།
༩༽ དྭང་ག་མ་བདེ་བ།
༡༠༽ ཞེ་ལོག་བྱུང་བ།
༡༡༽ དྲོད་ཁོག་བཤལ་བ།
བཞི་པ། རང་གཞན་ཀུན་ལ་ཕག་ནད་ཆམ་རིམས་འགོས་ཁྱབ་མི་ཡོང་བའི་ཐབས་ལམ།
༡༽ ཡ་ཆམ་ནད་རིམས་ཕོག་སྐབས་ཁ་རས་གང་ལེགས་ཀྱི་ཁ་དང་སྣ་ལེགས་པར་བཀབ་དགོས།
༢༽ ལས་ཀ་བྱས་མིན་ལ་མ་ལྟོས་པར་དག་རྫས་སྤྱད་དེ་ལག་པ་ཡང་ཡང་བཀྲུ་དགོས།
༣༽ གལ་ཏེ་ཁྱེད་ལ་ཕག་ནད་ཆམ་རིམས་དང་འདྲ་བའི་ནད་རྟགས་ཐོན་ཚེ་མི་མང་ཡོད་ས་ནས་རྒྱང་ཐག་རིང་ཙམ་བཞུགས་དགོས།
༤༽ མཛའ་གྲོགས་སོགས་འབྲེལ་ཡོད་རྣམ་པར་འཚམས་འདྲི་གནང་སྐབས་ལག་པ་གཏོང་བ་དང་འཐམ་འཁྱུད་བྱེད་པ་འོ་སྐྱེལ་བ་སོགས་མ་བྱས་ན་ལེགས།
༥༽ ལག་ཕྱིས་ཤོག་བུའི་རིགས་བེད་སྤྱོད་བྱས་མ་ཐག་གཟབ་གཟབ་དང་ནན་ཏན་ངང་གད་སྣོད་དུ་གཡུག་དགོས།
༦༽ གལ་ཏེ་ཁྱེད་ལ་ཕག་ནད་ཆམ་རིམས་གྱིས་མནར་བའི་ནད་རྟགས་ཐོན་ཚེ་སྨན་པ་བསྟེན་བསྟུགས་ངེས་པར་དུ་གནང་དགོས།
༧༽ གལ་ཏེ་ཁྱེད་ལ་ཕག་ནད་ཆམ་རིམས་ཕོག་ཡོད་ཚེ་ནང་དུ་ངལ་གསོ་བསྟེན་པ་ལས་ལས་ཀ་དང་སློབ་གྲྭ་སོགས་མི་ཚོགས་ཡོད་སར་བསྐྱོད་མི་རུང་།
༨༽ ཕག་ཤ་སོགས་ཤ་རིགས་ལེགས་པར་བཙོས་ནས་མཆོད་པ་ལས་རྗེན་པ་གཏན་ནས་བཞེས་མི་ཉན།།
ཕག་ནད་ཆམ་རིམས་ (swine flu) སྐོར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
བཀའ་དྲིན་ཆེ་ཤེས་བྱ་འདི་ཡི་རིགས་ང་ཚོར་གོ་བ་ཧ་ཅང་གིས་དཀོན། དབྱིན་འཇི་ཤེས་མཁན་ཡིན་ན་བྷི་བྷི་སིའི་བརྒྱུད་ནས་མང་པོ་གོ་ཐུབ་དེ་མིན་བོད་ཀྱི་གསར་འགྱུར་དེ་ཚོ་ནི་CCNགྱི་གསར་འགྱུར་འདྲ་སེ་རེད། བཀའ་གནང་སུམ་ཅུ་དང་ཡག་ཐོག་ཡག་བརྩེགས་འདྲ་མ་གཏོགས་འཛམ་གླིང་གི་གསར་འགྱུར་དཀོན་པོ་རེད། དེའི་ནང་ནས་དུས་བབ་ཅུང་ལེགས་གྲས་རེད། བང་ཆེན་ནི་དྲ་རྒྱ་ཁ་ཆེ་རྒྱུར་འགོར་གཞི་ཆེ་ཙམ་འདུག་པས་ད་མ་བཀླགས་ནས་ཟླ་བ་ཁ་ཤས་ཕྱིན་སོང་ཉོབ་ཡོང་གི་འདུག དེ་ལས་བྷི་བྷི་སི་དང་CNN The times of India དེ་ཚོ་ཉིན་རེར་ཀློག་ཐུབ་ན་འཛམ་གླིང་གི་གནས་ཚུལ་དང་སྤྱི་ཡི་ཤེས་བྱ་མང་པོ་ཐོབ་རྒྱུ་འདུག
ཕག་ཤ་སོགས་ཤ་རིགས་ལེགས་པར་བཙོས་ནས་མཆོད་པ་ལས་རྗེན་པ་གཏན་ནས་བཞེས་མི་ཉན།། ཟེར་ན། བོད་ཀྱི་དམར་འདུར་རྗེན་པ་དང་། ཟ་སྐམ་བཟས་ན་ཕན་གནོད་ཆེ་ལོས་ཡོད་དམ། ལགས།