བོད་ཀྱི་སྨན་རྩིས་ཁང་།
དེ་ཡང་རིན་ཆེན་རིལ་བུ་ནི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཆེས་ངོ་མཚར་ཆེ་བའི་ཁྱད་ཆོས་དང་ལག་རྩལ་ཕུལ་དུ་བྱུང་བ་ནས་ཐོན་པའི་སྨན་རྫས་ཀྱི་དངོས་ཟོག་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ཉིད་ཀྱི་འབྱུང་ཁུངས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ལྷག་པར་དུ་ཁུངས་གཏུགས་བྱེད་སའི་རྩ་བའི་གཞུང་ལུགས་ནི་དཔལ་ལྡན་རྒྱུད་བཞི་ཞེས་པའི་སྨན་གཞུང་དེ་ཉིད་ཡིན། དེས་ན་བོད་གངས་ཅན་གྱི་ལྗོངས་སུ་རིན་ཆེན་རིལ་བུ་ལག་ལེན་བསྟར་ནས་ད་བར་དུ་རགས་བརྩིས་བྱས་ན་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ཕྱིན་ཡོད་པ་དང་། ད་ལྟའི་དུས་ནའང་བོད་གཞིས་བྱེས་གཉིས་སུ་ལག་ལེན་གྱི་རྒྱུན་མ་ཆད་པར་དངོས་སུ་སྤྱི་ཚོགས་ཀྱི་བདེ་རྩའི་སླད་དུ་བསྐྲུན་བཞིན་པ་དང་། ཁྱད་པར་དུ་བྱེས་ཀྱི་བཙན་བྱོལ་དུའང་བོད་གངས་ཅན་གྱི་ལྗོངས་སུ་དུས་འགྱུར་གྱི་རྐྱེན་ངན་ཆག་འཇིག་དེ་འདྲ་ཞིག་བྱུང་བར་གྱུར་ཀྱང་བསྟན་སྲིད་སླར་གསོ་ཆེད་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་ཁྱད་བསད་ཀྱིས་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་ནས་གཞི་མེད་ཀྱི་ཡུལ་དུ་གནས་གཞི་གསར་འཛུགས་གནང་བའི་ཁོངས་ནས་བོད་གཞུང་སྨན་རྩིས་ཁང་ནི་ཁོང་གིས་གལ་གནད་ཆེ་ཤོས་ཀྱི་ལས་དོན་ཞིག་ལ་གཟིགས་ནས་སྤྱི་ལོ་༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་གསར་བཙུགས་གནང་ནས་ད་བར་དུ་མི་ལོ་ལྔ་བཅུ་ཐམ་པ་ཧྲིལ་པོར་འཁོར་ཡོད།
ད་དུང་ཁོང་གིས་རིན་ཆེན་རིལ་བུའི་སྐོར་ནས་ཀྱང་ལག་རྩལ་ཕུལ་དུ་བྱུང་བ་འདི་ཉིད་རྒྱུན་འཛིན་ཡོང་སླད་དུ། སྤྱི་ལོ་༡༩༨༢ལོར་སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་ལ་བཀའ་ལུང་སྤྱི་བོའི་མེ་ཏོག་གི་རྒྱན་དུ་བསྩལ་ཏེ་འགྲོ་གྲོན་དང་བཅས་གནང་ནས་བཙན་བྱོལ་དུ་རིན་ཆེན་རིལ་བུའི་ཕྱག་ལེན་མཐོང་བརྒྱུད་ཀྱི་མན་ངག་ཐོག་དང་པོར་སྤེལ་བ་དང་། དེ་ནས་བཟུང་ད་བར་དུ་རིན་ཆེན་རིལ་བུའི་ལག་ལེན་ཐེངས་ལྔར་ལག་བསྟར་གནང་བ་དང་། ད་ལྟ་བཙན་བྱོལ་སྨན་རྩིས་ཁང་ལའང་རིན་ཆེན་རིལ་བུའི་ལག་ལེན་གྱི་ཐད་ནས་ཀྱང་རང་རྐྱ་འཕེར་བ་ཙམ་དུ་མ་ཟད་རྒྱུ་ཆའི་ཚད་གཞི་དང་སྤུས་ཀ་འང་གཞུང་ལུགས་བཞིན་ཚད་མཐོར་ལོངས་ཡོད་པ་རེད།
སྤྱིར་ན་རིན་ཆེན་རིལ་བུ་ནི་ལས་མི་དང་རྒྱུ་འབྱོར་གང་གི་ཐད་ནས་ཀྱང་མི་སྒེར་ཞིག་གིས་བཟོ་ཐབས་དཀའ་ཞིང་ཁྱད་པར་དུ་རིན་ཆེན་གྲང་སྦྱོར་དང་རཏྣ་བསམ་འཕེལ་ནི་དེ་ལས་ཀྱང་ཁག་པའི་གནས་ཤིག་རེད། ལྷག་པར་དུ་རིན་ཆེན་རིལ་བུའི་རྒྱུ་ཆ་གསར་བཟོའི་སྐབས་མི་ཉི་ཤུ་ནས་སུམ་བཅུས་ཟླ་གསུམ་ནས་བཞི་བར་བཟོ་བསྐྲུན་བྱེད་དགོས་ཀྱི་ཡོད་པ་རེད། ད་ལྟ་སྨན་རྩིས་ཁང་ལ་རིན་ཆེན་རིལ་བུ་རིགས་བརྒྱད་ཡོད་དེ། རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང་། རིན་ཆེན་རཏྣ་བསམ་འཕེལ།(མུ་ཏིག་བདུན་བཅུ།) རིན་ཆེན་ཚ་སྦྱོར་ཆེན་མོ། རིན་ཆེན་མང་སྦྱོར་ཆེན་མོ། རིན་ཆེན་བཙོ་བཀྲུ་ཟླ་ཤེལ། རིན་ཆེན་གཡུ་རྙིང་ཉེར་ལྔ། རིན་ཆེན་ལྕགས་རིལ་ཆེན་མོ། རིན་ཆེན་བྱུར་དམར་ཉེར་ལྔ། བཅས་ཡིན། རིན་ཆེན་འདི་དག་གི་རྒྱུ་སྤུས་དང་ལག་ལེན་ཚད་ལོངས་ཡོད་པ་མ་ཟད། ༧ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་སའི་བྱིན་རྟེན་རྣམས་ཀྱི་ཕབ་རྒྱུན་དང་། ད་རུང་སྔར་སྲོལ་གྱི་སྨན་བླའི་ཆོ་གའི་སྒོ་ནས་སྨན་སྒྲུབ་ཀྱང་བྱས་ཡོད་པ་རེད།
དེར་བརྟེན། བཙན་བྱོལ་བོད་ཀྱི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུའི་ནུས་པ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོང་བཞིན་པའི་གནད་འགག་ཀྱང་འདི་དག་ལ་ཐུག་ཡོད་རེད། དེའི་ཁར་བཙན་བྱོལ་སྨན་རྩིས་ཁང་འདི་ནི་ྋགོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་རྗེས་འབྲེལ་གྱི་དགེ་རྩ་ཚོགས་པ་ཞིག་ཡིན་སྟབས་རིན་གོང་ཧ་ཅང་དམའ་བོའི་ཐོག་ནས་ནད་པ་དང་འགྲོ་བ་རྣམས་ཀྱི་ཐུགས་འདོད་སྐོང་གི་ཡོད་པ་ལས་རྒྱུ་སྤུས་ཀྱི་ཚད་མཐོའི་གནས་བབ་ལ་གཞི་བཅོལ་ན་དེ་འདྲའི་རིན་གོང་ཞིག་གིས་འགྲིག་པ་ཞིག་གཏན་ནས་མིན། ད་དུང་སྔར་སྲོལ་གྱི་འགྲོ་ལུགས་ལ་དེང་དུས་མཐུན་རྐྱེན་གྱིས་ཁ་བསྣོན་བྱས་ནས་རིལ་བུ་ལ་ནང་འཐུམ་དུ་གོས་འཐུམ་གཡོགས་པ་དང་། ཕྱི་འཐུམ་ལ་སྤོས་ཤེལ་གྱི་སྒྲོམ་བུ་བཟོས་ཏེ་ནང་འཇུག་དང་སྦྲགས་གཞན་དང་མ་འདྲ་བའམ་རྫུན་མ་འགོག་སླད་དུ་སྨན་རྩིས་ཁང་གི་ལས་རྟགས་ཅན་གྱི་གསེར་ཤོག་འཁོར་ལོ་མ་ཞིག་ཀྱང་སྦྱར་ཡོད།
འོན་ཀྱང་སྐབས་འཚོལ་བ་འགའ་ཤས་དང་བསམ་མེད་འགའ་རེས་ཆེད་དུ་བསམ་སྦྱོར་མ་རུང་བ་བརྩམས་པའམ་མ་ཤེས་པ་གང་ལྟར་ཀྱང་། ངེད་སྨན་རྩིས་ཁང་གི་རིལ་བུ་རྫུན་བཟོ་བྱས་ཏེ་ཚོང་འགྲེམས་ཀྱིས་ནད་པའི་སྲོག་ལ་རྩེད་མོ་རྩེ་བའི་གནས་ཚུལ་རབས་དང་རིམ་པར་འབྱུང་གི་ཡོད་པ་དང་གཅིག དེང་དུས་ཀྱི་ལུགས་སྲོལ་དང་ཚན་རིག་གི་འགྲོ་ལུགས་དང་གཙང་སྦྲའི་ཐད་ནས་ཀྱང་སྔར་རྒྱུན་བཞིན་གྱི་འཐུམ་རྒྱག་དེ་ལ་ཆ་མི་ཚང་བའི་སྐྱོན་འགའ་འཕྲད་ཡོད་པ་དང་གཉིས། གནམ་གཤིས་ཀྱི་འགྱུར་ལྡོག་གིས་དབྱར་དུས་སོགས་རླན་གཤེར་སྐབས་ནང་དུ་བཞའ་རླན་འཛུལ་བ་དང་དྲི་མ་ཡང་ཡུན་རིང་གསོག་ཉར་བྱེད་མི་ཐུབ་པ་དང་གསུམ། རིལ་བུ་བཟོ་བསྐྲུན་བྱས་པའི་རྗེས་ནས་ཀྱང་ད་དུང་འཐུམ་རྒྱག་ལ་སོགས་པའི་དུས་ཡུན་མང་ཙམ་འགོར་བ་དང་བརྒྱུད་རིམ་ཡང་མང་ཙམ་བརྒྱུད་དགོས་པས་བར་མཚམས་ནས་རིལ་བུ་བརྗེ་བསྒྱུར་ཡང་འབྱུང་སྲིད་པའི་ཁར་མི་ལག་དང་ཐལ་ཀར་རེག་གི་ཡོད་སྟབས་ལག་རིས་དང་དྲེག་པ། ཁ་རླངས་སོགས་མི་གཙང་བ་ཡང་འགོས་སྐྱོན་འབྱུང་བས་དང་བཞི་བཅས་ཀྱི་སྐྱོན་དེ་དག་ལས་ལྡོག་ཆེད། འདི་ག་སྨན་རྩིས་ཁང་ནས་ཆེད་དུ་ད་ལྟའི་འཐུམ་རྒྱག་གི་ལས་རིགས་འདི་གསར་དུ་སྤེལ་པ་ཞིག་ཡིན།
དེའི་དགེ་མཚན་གྱིས་ད་ལྟའི་འཐུམ་རྒྱག་གི་ལས་གཞི་འདི་ལ་གོང་དུ་བཤད་པའི་གནོད་སྐྱོན་དེ་དག་གི་སྐྱོན་འཇུག་མི་ཐུབ་པའི་ཁར་རྫུན་བཟོ་བྱེད་རྒྱུ་ནི་མི་སྒེར་རང་ག་བ་ཞིག་གིས་ཕལ་ཆེར་བྱེད་ནུས་པ་ཞིག་མ་ཟད། འཛམ་གླིང་ཚད་མཐོའི་བཟོ་བསྐྲུན་གྱི་ཚད་གཞི་ཁུངས་ཐུབ་ལྡན་ཡོད། དེས་ན་བོད་གཞུང་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་སྤྱོད་འདོད་ཀྱི་རྒྱ་ཆེ་མི་དམངས་ཡོངས་ནས་ད་ལྟའི་རིལ་བུ་འདི་ནི་སྔར་གྱི་རིལ་བུ་དེ་དག་དང་གཅིག་མཚུངས་ཡིན་མིན་དང་རྒྱུ་སྤུས་ཚང་མིན། བྱིན་རྟེན་ཕབ་རྟ་དང་སྨན་སྒྲུབ་སོགས་ཀྱི་ཆོ་ག་ལྡན་མིན་བཅས་ཀྱི་ཐུགས་དོགས་གནང་མི་དགོས་པའི་ཁར་གསར་དུ་བཟོ་བསྐྲུན་བྱས་པའི་ལས་གཞི་འདི་ཡི་ཁྱད་ཆོས་དང་དགེ་མཚན་གང་ཡོད་པ་དག་མཁྱེན་པའི་ཐོག་ཐུགས་བདེ་ངང་བེད་སྤྱོད་གནང་སྐྱོང་ཡོང་བར་མཁྱེན། བོད་གཞུང་སྨན་རྩིས་ཁང་ནས།༢༠༡༡།༠༣།༡༤།
རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།
རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་འདི་ནི་དུག་འདོན་གཡའ་ཕྱིས་སོགས་ཚད་ལྡན་ལས་གྲུབ་པའི་བདུད་རྩི་བཅུད་རྒྱལ་བཙོ་བཀྲུ་ཆེན་མོ་དང་། གསེར། དངུལ། ཟངས། ལྕགས། ཨིནྡྲ་ནི་ལ། རྡོ་རྗེ་ཕ་ལམ། མརྒད། གཡུ་སོགས་བཞུ་བ་དང་མི་བཞུ་བའི་ཁམས་ཀྱི་ཐལ་བ་དང་། ཁ་ཆེ་གུར་གུམ། ཛ་ཏི། དཔའ་བོ་དཀར་སེར། ཨ་རུ་ར་སོགས་སྔོ་ཁྲོག་གི་སྨན་སྣེ་བརྒྱ་དང་བཞི་བཅུ་ཙམ་ལས་གྲུབ་པའི་སྦྱོར་བ་ཤིན་ཏུ་ཚད་ལོངས་ཤིང་སློབ་དཔོན་གོང་མའི་མཐོང་བ་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་རིན་ཆེན་ཀུན་གྱི་རྒྱལ་པོ་ལྟ་བུ་ཡིན།
ཕན་ཡོན།
འདུ་འཁྲུགས་ལས་བྱུང་གསོ་དཀའི་ནད་མཐའ་དག །འདི་ཡིས་མི་སེལ་འགའ་མེད་ཡོན་ཏན་རྣམས། །བརྗོད་ཀྱི་མི་ལང་རྒྱལ་ཁམས་ཡོངས་ལ་གྲགས། །ཞེས་གསུངས་པ་ལྟར། གྲང་སྦྱོར་རིལ་ནག་ཆེན་མོ་འདིས་ཉེས་གསུམ་ལས་བྱུང་བའི་ནད་རིགས་སྤྱི་དང་། ལྷག་པར་ཕོ་བ་ན་བ་དང་། མཆིན་ཁྲག་རྒྱས་པ། སྨུག་པོ་འཐབ་ནས་གླང་ཐབས་སུ་ན་བ། བྲང་དང་ཕོ་བར་ཚ་ཤར་རྒྱག་པ། དམར་པོ་ཁྲག་མདོག་བཤལ་བའམ་ཁྲག་རུལ་དུད་ཁུའི་མདོག་སྐྱུགས་པ། བཤང་བར་ཁྲག་འདྲེས་པ། སྙིང་ནད་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཞན་པ། ཆུ་བསགས་པ། ཚིགས་གྲུམ་གྱི་ནད་རིགས། པགས་ནད་ཆུ་སེར། རྨ་རྙིང་། གྱུར་དུག་དང་སྦྱར་དུག་སོགས་དུག་གི་ནད། མཛེ་ནད། འབྲས་ནད་ཀྱི་རིགས། གག་ལྷོག གཉན་རིམས་ཀྱི་ནད་སོགས་ལ་ཕན་པར་མ་ཟད། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང་། དབང་པོ་གསལ་བ། རྒས་ཀ་སྲ་བ། རོ་ཙ་འཕེལ་བ། རྩ་དང་རུས་པ་མཁྲེགས་པ། ནད་གཞི་སྔོན་འགོག་ཐུབ་པ་སོགས་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ཡིན།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། ཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
རིན་ཆེན་རཏྣ་བསམ་འཕེལ།
རིན་ཆེན་རཏྣ་བསམ་འཕེལ་ལམ་མུ་ཏིག་བདུན་ཅུའི་སྦྱོར་བ་འདི་ནི་དུག་འདོན་གཡའ་ཕྱིས་སོགས་ལག་ལེན་ཚད་ལྡན་ལས་གྲུབ་པའི་རིན་ཆེན་བཙོ་ཐལ་དང་། མུ་ཏིག གཡུ། བྱུ་རུ། གཟི་སོགས་མི་བཞུ་བའི་ཁམས་དང་། གསེར། དངུལ། ཟངས། ལྕགས་སོགས་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་ཐལ་བ། བཟང་པོ་དྲུག་དང་། འབྲས་བུ་གསུམ། ཀླུ་བདུད་རྡོ་རྗེ། ཁ་ཆེ་གུར་གུམ་ལ་སོགས་པའི་སྔོ་ཁྲོག་སྨན་སྣེ་བདུན་ཅུ་ཙམ་ལས་གྲུབ་པའི་སྦྱོར་བ་ཤིན་ཏུ་ནས་ཚད་ལོངས་ཤིང་སློབ་དཔོན་གོང་མའི་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་ དང་ལྡན་པའི་རིལ་བུ་ངོ་མཚར་ཅན་ཞིག་ཡིན།
ཕན་ཡོན།
ཁྲག་ཤེད་མཐོ་བ་དང་། ཁྲག་རླུང་འཐབ་ནས་ཁྲག་ཤུགས་འཕར་བ། མགོ་ན་བ། ཞེ་མེར་ལངས་པ། སྐྱུགས་ལྡང་བྱེད་པ། གྲིབ་སྐྱོན་གྱིས་གློ་བུར་དུ་འགྱེལ་ནས་དྲན་པ་འཐོར་བ། གཟུགས་པོའི་གཞོགས་ཕྱེད་ཀྱི་ཚོར་བ་ཉམས་པ། རྐང་ལག་བརྐྱང་བསྐུམ་མི་ཐུབ་པ། ཁ་མིག་ཡོ་བ། ངག་ལྐུགས་པ། བཤང་གཅི་དབང་མེད་དུ་ཤོར་བ། དྲན་པ་ཉམས་པ། སྨྱོ་ནད། ཀླད་པ་འཁྱོམས་པ། ཀླད་ཁྲག་གི་འཁོར་རྒྱུག་མི་སྙོམས་པ། གཞན་ཡང་ཁྲག་ཤེད་མཐོ་བའི་སྙིང་ནད་དང་ཁྲག་རིལ་དཀར་པོའི་ནད། ཁྲག་རླུང་སྟོད་འཚངས་ཀྱི་ནད། རྩ་དཀར་ཀྱི་ནད། སྙིང་རླུང་། སྲོག་རླུང་། བརྒྱལ་གཟེར། དུག་ནད། མཛེ་ནད། ཁྲག་གི་རྒྱུ་བ་འགགས་པ་དང་སྙིང་ནད་རྐྱེན་ཀྱིས་ཆུ་བསགས་པ་སོགས་ལ་ཕན། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང་། དབང་པོ་གསལ་བ། རྒས་ཀ་སྲ་བ། རོ་ཙ་འཕེལ་བ། གོང་གསལ་ནད་གཞིའི་རིགས་སྔོན་འགོག་ཐུབ་པ་སོགས་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ཡིན།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། ཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགསསྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱ་གཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
རིན་ཆེན་ཚ་སྦྱོར་ཆེན་མོ།
རིན་ཆེན་ཚ་སྦྱོར་ཆེན་མོ་འདི་ནི་དུག་འདོན་གཡའ་ཕྱིས་སོགས་ལག་ལེན་ཚད་ལྡན་ལས་གྲུབ་པའི་རིན་ཆེན་བཙོ་ཐལ་དང་། བཅའ་སྒ། ན་ལེ་ཤམ། སོ་མ་ར་ཛ། སེང་ལྡེང་སོགས་སྔོ་ཁྲོག་སྨན་སྣེ་བཅུ་བཞི་ཙམ་ལས་གྲུབ་པའི་སྦྱོར་བ་ཤིན་ཏུ་ཚད་ལོངས་ཤིང་། སློབ་དཔོན་གོང་མ་རྣམས་ཀྱི་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་རིལ་བུ་ངོ་མཚར་ཅན་ཞིག་ཡིན།
ཕན་ཡོན།
དྲེག་དང་། གྲུམ་བུ། འབྲས་ནད། སུརྱ། མཛེ་ནད། སྐྲན་ནད། དམུ་ཆུ། འོར་ནད་སོགས་འཇོམས་ཤིང་། རྩ་སྦུག་ནང་ངན་ཁྲག་རྒྱས་ཏེ་འགག་པ་དང་། གྲང་བའི་རྣག་སོགས་ཀྱང་སྐེམ་པར་བྱེད་པ་ཡིན། ནད་མེད་རྣམས་ཀྱིས་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་ཐུབ་པ་ཡིན། འོན་ཏེ་སྨན་པར་བསྟེན་གཏུགས་གནང་ནས་བསྟེན་ན་དགེ་ཕན་ཆེ།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། ཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
རིན་ཆེན་མང་སྦྱོར་ཆེན་མོ།
རིན་ཆེན་མང་སྦྱོར་ཆེན་མོའི་སྦྱོར་བ་འདི་ནི་དུག་འདོན་གཡའ་ཕྱིས་སོགས་ཚད་ལྡན་ལས་གྲུབ་པའི་དངུལ་ཆུ་བཙོ་ཐལ་ཆེན་མོ་དང་། གཡུ། བྱུ་རུ། མུ་ཏིག ལྕགས་རྩི་ཟླ་འོད། ཁ་ཆེ་གུར་གུམ། འབྲས་གསུམ། ཁྱུང་སྡེར་དཀར་སྨུག ལི་ཤི། ཛ་ཏི། སུག་སྨེལ་སོགས་སྨན་སྣེ་ལྔ་བཅུ་ཙམ་གྱི་སྦྱོར་བ་ཤིན་ཏུ་ནས་ཚད་ལོངས་ཤིང་། སློབ་དཔོན་གོང་མའི་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའིི་ རིལ་བུ་ངོ་མཚར་ཅན་ཞིག་ཡིན།
ཕན་ཡོན།
ཁ་ཟས་མི་འཕྲོད་པ་དང་མ་གོམས་པ་ཟོས་པ་ལས་བྱུང་བའི་གྱུར་དུག་རྐྱེན་གྱིས་ཕོ་བ་དང་རྒྱུ་མར་ན་ཟུག་གཏོང་བ་དང་། གླང་ཐབས་ན་བ། སྨུག་པོ་གྱེན་དུ་བརྡོལ་ཏེ་ཁྲག་སྐྱུགས་པ། ཐུར་དུ་བརྡོལ་བས་ཁྲག་བཤལ་བ། རིམས་ཚད། རྙིང་ཚད། གབ་ཚད། ཁ་ཚ་རུལ་སུངས་སོགས་ཁ་ཟས་ཟ་ཐལ་ཆེ་བས་རྩ་སྦུག་འགགས་པ། ངན་ཁྲག་གིས་ལུས་ཀྱི་ཤ་སྐམ་པ་དང་། ཤ་མདོག་ནག་པ། དབང་པོ་མི་གསལ་བ། བྲང་ཚ་ཆུ་སྐྱུར་སྐྱུགས་པ། དང་ག་འགགས་པ། རྒྱུན་དུ་གློ་མང་དུད་ཁུ་ཁྲག་རུལ་ལུ་བ། ཆུ་གཞིའི་ནད་ཡོད་པ། ཁྱད་པར་དུ་བསམ་ངན་གྱི་སྦྱོར་བ་ལས་བྱུང་བའི་སྦྱར་དུག དངོས་དུག་སོགས་དུག་རིགས་ཐམས་ཅད་ལ་མཆོག་ཏུ་ཟབ་པ་མ་ཟད། བསིལ་དྲོད་སྙོམས་པས་ཁོང་ནད་ཀྱི་རིགས་ཕལ་ཆེར་ལ་ཕན་པ་ཤིན་ཏུ་ཆེ་བ་ཡིན། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང་། དབང་པོ་གསལ་བ། རྒས་ཀ་སྲ་བ། རོ་ཙ་འཕེལ་བ། རྩ་དང་རུས་པ་མཁྲེགས་པ། ནད་གཞི་སྔོན་འགོག་ཐུབ་པ་སོགས་མདོར་ན་རིན་ཆེན་གྲང་སྦྱོར་ཆེན་མོ་ཉིད་དང་ཁྱད་མེད་ཀྱི་ཕན་ནུས་ལྡན་ནོ།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། ཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ།
རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོའི་སྦྱོར་བ་འདི་ནི་དུག་འདོན་གཡའ་ཕྱིས་སོགས་ཚད་ལྡན་ལས་གྲུབ་པའི་རིན་ཆེན་བཙོ་ཐལ་དང་། ཅོང་ཞི་མཛོ་འོ། བཟང་དྲུག བྲག་ཞུན། ལྕགས་རྩི་ཟླ་འོད། ཀོ་བྱི་ལ་དུག་འདོན། དུག་མོ་ཉུང་། ལི་ཤི་སོགས་སྔོ་ཁྲོག་སྨན་སྣེ་ལྔ་བཅུ་ཙམ་གྱི་སྦྱོར་བ་ཤིན་ཏུ་ནས་ཚད་ལོངས་ཤིང་། སློབ་དཔོན་གོང་མའི་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་ རིལ་བུ་ངོ་མཚར་ཅན་ཞིག་ཡིན།
ཕན་ཡོན།
མ་ཞུ་བ་དང་བད་ཀན་སྨུག་པོས་ལུས་ཀྱི་རྒྱབ་མདུན་གཟེར་བ་དང་། ཆུ་སྐྱུར་སྐྱུགས་པ། ཁྲག་རུལ་དུད་ཁུ་འཁྲུ་བ་དང་སྐྱུགས་པ། གླང་ཐབས་ན་བ་། རིམས་ཚད་ཀྱི་ནད་མཇུག ཕོ་མཆིན་ན་བ། རྙིང་ཚད་ལུས་ལ་ཞེན་ཏེ་ཟུངས་ཉམས་པ། རྔུལ་མང་བ། རྒྱུན་དུ་བསིལ་གྲིབ་ལ་སྡོད་འདོད་བྱེད་པ། ཤེས་པ་ལྕི་བ། ལུས་ཀྱི་སྨད་དང་ཡན་ལག་སྦྲིད་པ། ཁ་ལྕེ་སྐམ་པ། གདོང་ལ་སྲིན་ཐོར་ཐོན་པ། ཁྲག་ཚད་ཀྱིས་བྲང་རྒྱབ་གཟེར་ཞིང་སྐད་འཛེར་བ། འགྲམས་འཁྲུགས་ཀྱིས་དབུགས་རྒོད་པ། རྒྱབ་མདུན་སྙིང་ཐད་ན་བ། ལུད་པ་མང་བ། འཇུ་སྟོབས་ཆུང་བ། ཆུ་སེར་གྱིས་སྐྲ་དང་བ་སྤུ་བྱི་བ། སོ་དང་སེན་མོའི་བཀྲག་མདངས་ཤོར་ནས་སྐྱ་གླེག་ཆགས་པ། ལུས་ལ་ཟ་འཕྲུག་ལངས་པ། རྨ་ངན་ཤུ་ཐོར་དོན་པ། མཛེ་ནད། ལྷག་པར་ཁ་ཚ་རུལ་སུངས་དང་། བརྔོས་བསྲེག་རིགས། ཚུའུ་དང་ཇཱང་ཡུ། ཆང་རག་སོགས་བཟའ་བཏུང་ཐལ་ཆེ་བས་རྩ་སྦུག་འགགས་པ་དང་ལུས་སྟོབས་ཞན་པ། བཞིན་རས་ནག་པ། མིག་མི་གསལ་བ། འཁྲུགས་རྐྱེན་ཅུང་ཟད་ཀྱིས་ཀྱང་ལུས་སྟོད་ཀྱི་རྒྱབ་མདུན་གཟེར་བ། བྲང་ཚ་བ། སྒྱིད་ཁུག་དང་རྐང་པ་སྐྲངས་པ། ཁོང་པར་སྐྲན་ཆགས་པ། གཞན་ཡང་བསམ་སྦྱོར་ངན་པས་སྦྱར་བའི་དུག་དང་། ཁ་ཟས་མི་འཕྲོད་པའི་གྱུར་དུག སྣོད་སོགས་ལས་བྱུང་བའི་གཡའ་དུག་སོགས་དུག་རིགས་ལ་ཤིན་ཏུ་ཕན། ནད་མེད་རྣམས་ཀྱིས་བསྟེན་ན་སྟོབས་སྐྱེད་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ཡིན།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། ཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
རིན་ཆེན་བྱུར་དམར་ཉེར་ལྔ།
རིན་ཆེན་བྱུ་དམར་ཉེར་ལྔའི་སྦྱོར་བ་འདི་ནི་དུག་འདོན་གཡའ་ཕྱིས་སོགས་ཚད་ལྡན་ལས་གྲུབ་པའི་བྱུ་རུ་དང་། མུ་མེན་དང་། མུ་ཏིག གངས་ཐིགས། ཁ་ཆེ་གུར་གུམ། ཛཱ་ཏི། ཨ་རུ་སོགས་སྔོ་ཁྲོག་སྨན་སྣེ་ཉེར་ལྔ་ཡོད་པའི་སྦྱོར་བ་ཚད་ལོངས་ཤིང་། སློབ་དཔོན་གོང་མ་རིམ་བྱོན་གྱི་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་རིལ་བུ་ངོ་མཚར་ཅན་ཞིག་ཡིན།
ཕན་ཡོན།
ཁྲག་ཤེད་མཐོ་བས་མགོ་ན་བ་དང་། མགོ་གཟེར་བ། མཇིང་རྩ་རེངས་པ། ཁ་མིག་ཡོ་བ། རྐང་ལག་རེངས་སམ་འཁུམས་པ། རྐང་ལག་འདར་བ། སྦྲིད་པ། ལུས་ཀྱི་གཞོགས་ཕྱེད་ཀའི་ཚོར་བ་དང་བྱེད་ལས་ཉམས་པ། ཁྲག་རྩ་འགགས་པའམ་ཁྲག་གི་འཁོར་རྒྱུག་མི་སྙོམས་པ། བརྒྱལ་གཟེར་གྱི་ནད། རྩ་ལ་གཉན་ཁ་རྒྱས་པ། མཁལ་རྩ་འཆུས་པ། ཀླད་གཟེར་གྱི་ནད། རྩ་དཀར་དང་རྩ་གྲིབ་བཅས་ལ་ཕན་པ་མ་ཟད། དྲེག་གྲུམ་སོགས་ཀྱི་ན་ཟུག་གཅོག་པའི་ནུས་པ་ཡོད། ནད་མེད་རྣམས་ཀྱིས་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་ཐུབ་པ་ཡིན།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། བཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
རིན་ཆེན་གཡུ་རྙིང་ཉེར་ལྔ།
དཔོན་ཚང་ཛཱ་ནའི་ལུགས་ཀྱི་རིན་ཆེན་གཡུ་རྙིང་ཉེར་ལྔའི་སྦྱོར་བ་འདིའི་ནང་དུག་འདོན་གཡའ་ཕྱིས་སོགས་ཕྱག་ལེན་ཚད་ལྡན་ལས་གྲུབ་པའི་གཡུ་རྙིང་དང་། བྱུ་རུ། མུ་ཏིག ལྕགས་ཕྱེ། བྲག་ཞུན། གུར་ཀུམ། འབྲས་བུ་གསུམ། ལི་ཤི བ་ཤ་ཀ་སོགས་རིན་ཆེན་སྔོ་ཁྲོག་སྨན་སྣེ་ཉེར་ལྔ་ཡོད་པའི་སྦྱོར་བ་ཚད་ལོངས་ཤིང་། སློབ་དཔོན་གོང་མ་རྣམས་ཀྱི་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་རིལ་བུ་ངོ་མཚར་ཅན་ཞིག་ཡིན།
ཕན་ཡོན།
མཆིན་ཚད་ཀྱིས་མཆིན་པར་ན་ཟུག་གཏོང་བ་དང་ལུས་ཤ་རིམ་པས་སྐེམ་འགྲོ་བ། ལུས་སྟོད་བརྒྱངས་ཤིང་སྐེ་རྩ་རེངས་པ། མཇིང་པ་དགྱེ་གུག་དཀའ་བ། ངན་ཁྲག་རྒྱས་ནས་མགོ་བོ་ན་བ། སྣ་ཁྲག་འཛག་པ། གཉིད་ཆེ་བ། ཁ་སྐམ་པ། ཕོ་བ་ན་ཞིང་དང་ག་འགག་པ། མིག་དམར་པོ་ཆགས་པ། གཟུགས་པོ་ཉོབ་པ། ཁ་ཏིག་ཁ་བ། ཆང་རག་འཐུང་ཆེ་དྲགས་པ་དང་དྲག་ཤུལ་རྐྱེན་གྱིས་མཆིན་པ་ལྡུར་ནས་ཁྲག་རུལ་དུད་ཁུ་སྐྱུགས་པ། བཤང་བ་སྐམ་ལ་ནག་ཅིང་ཤ་རིལ་འདྲ་བ་འབབ་དཀའ་བ། མཆིན་པ་མཁྲེགས་པོ་ཆགས་པ། མཆིན་ཆུ་བསགས་པ། མི་འཕྲོད་པ་ཟོས་པ་ལས་གྱུར་བའི་དུག བསམ་ངན་གྱི་སྦྱོར་བ་ལས་བྱུང་བའི་སྦྱར་དུག། ཁྱད་པར་དུ་མཆིན་ནད་བཅོས་རྡུགས་ཀྱི་ནད་རྙིང་ལ་ཡུན་དུ་བསྟེན་ན་ཤིན་ཏུ་ཕན། ནད་མེད་རྣམས་ཀྱི་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་ཐུབ་པ་ཡིན།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། ཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
རིན་ཆེན་ལྕགས་རིལ་ཆེན་མོ།
རིན་ཆེན་གསལ་བྱེད་ལྕགས་རིལ་ཆེན་མོའི་སྦྱོར་བ་འདི་ནི་དུག་འདོན་གཡའ་ཕྱིས་སོགས་ཚད་ལྡན་ལས་གྲུབ་པའི་ལྕགས་ཕྱེ་དང་། འབྲས་བུ་གསུམ། ཁ་ཆེ་གུར་གུམ། ཁབ་ལེན། བ་ཤ་ཀ བྲག་ཞུན་སོགས་སྨན་སྣེ་བཞི་བཅུ་ཙམ་གྱི་སྦྱོར་བ་ཤིན་ཏུ་ནས་ཚད་ལོངས་ཤིང་། སློབ་དཔོན་གོང་མ་རིམ་བྱོན་གྱི་མཐོང་རྒྱུད་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་རིལ་བུ་ངོ་མཚར་ཅན་ཞིག་ཡིན།
ཕན་ཡོན།
མིག་ནང་ལིང་ཏོག་ཐོན་པ། མཆི་མ་འཛག་ཅིང་ན་ཟུག་གཏོང་བ། དཀར་འོད་མི་བཟོད་པ། མིག་སྤྲིན་ནང་ཁྲག་རྒྱས་པ། མིག་གི་རྒྱལ་མོ་འདལ་ནས་རབ་རིབ་ཀྱིས་སྐབས་རེར་མི་མཐོང་བ། མུན་འཐིབས་ཆགས་པ། མིག་སྤྲིན་གྱི་མཐའ་ལ་སྐྱ་འགྲིབ་འཁོར་ནས་རྒྱལ་མོའི་མཐོང་ཤུགས་ཉམས་པ། ནང་འགྲིབ་ཀྱིས་ལོང་བར་གྱུར་བ། མིག་ལ་ཚ་ཤར་རྒྱག་པ། རླུང་དང་བསེར་བུ་མི་བཟོད་པ། མིག་ལྕིབས་སྐྲངས་པ། སྐམ་ཚག་དང་གཤེར་ཚག་གི་ནད། མིག་སྤྲིན་སྟེང་ཤ་མཛེར་འབྲུམ་ཐོར་སྐྱེ་བ། མིག་སྐྱག་མང་བ། ཕྱི་འགྲིབ་དང་མིག་ཆུའི་ནད། མིག་གི་རྨེན་བུར་གཉན་ཚད་རྒྱས་པ། མིག་གི་རྩ་དྲའི་ནད། མིག་འབྱེད་འཛུམ་དཀའ་བ་བཅས་མིག་ནད་ཀུན་ལ་ཕན་པར་མ་ཟད། གཞན་ཡང་སྦྱར་དུག་རྙིང་པས་མིག་འགྲིབ་དང་། ཟུངས་ཁྲག་ཟད་པ། ཤུ་ཐོར་ཐོན་པ། བད་ཀན་སྨུག་པོའི་རྐྱེན་གྱིས་ཁྲག་སྐྱུགས་པ། མཆིན་མཆེར་གཉིས་ལ་ཁྲག་ངན་བབས་པ། མཁྲིས་ནད་ཀྴ་ཡའི་ནད་རིགས་ལ་ཡང་ཤིན་ཏུ་ཕན། ནད་མེད་རྣམས་ཀྱིས་བསྟེན་ན་གོང་གསལ་ནད་གཞི་རྣམས་སྔོན་འགོག་དང་མིག་སྲུང་ སྐྱོབ་ཐུབ་པ་ཡིན།།
བསྟེན་ཚུལ།
སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང་། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང་། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང་། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་བ་ཡོད།
འཛེམ་བྱ།
སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང་། ཕག་ཤ སྒོ་ང་། ཆང་སྐྱུར། བཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང་། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས་པ། འཁྲིག་སྤྱོད་སོགས་འཛེམ་དགོས།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ།།
གཅིན་པ་མངར་འགྱུར་གྱི་ནད་སངས་དྲགས་བཟོ་ཐུབ་པའི་བོད་སྨན་ཡོད་དམ་མེད། ནད་འདི་དེང་སང་ཁྱབ་ཧ་ཅང་ཆེ་གི
ལོ་གཉིས་གོང་གཞིས་བཞུགས་སྨན་པ་འཇིགས་མེད་ཕུན་ཚོགས་ཀྱིས་ཁོ་བས་གཅིན་སྙི་ཟ་ཁུའམ་གཅིན་པ་མངར་འགྱུར་གྱི་ནད་ལ་ཟས་སྤྱོད་དང་གསོལ་སྨན་གྱི་བཅོས་ཐབས་ཤིག་སྦྱོར་བཟོ་བྱས་ཡོད་པ་དང་དེ་ཡང་ཁོ་བའི་སྨན་ཁང་རང་དུ་ཟླ་ངོ་གཉིས་རིང་ཉིན་འདུག་ཞག་འདུག་གིས་བཅོས་ཐབས་བསྟེན་ཚེ། ནད་འདི་སངས་དྲག་ཏུ་འགྲོ་ལུགས་བརྗོད་བྱུང་། ཡིན་ནའང་དེང་སང་དེ་དོན་ཇི་འདྲ་ཆགས་ཡོད་མེད་མི་ཤེས།
སྤྱིར་ནུབ་ལུགས་དང་གསོ་དཔྱད་གཞན་ཡོད་དོ་ཅོག་ལ་ནད་འདི་བཅོས་སྐྱེད་སྟངས་འཛིན་ཙམ་ལས་སངས་དྲག་གི་བཅོས་ཐབས་ཤིག་མེད་པ་འདྲ།
རིན་ཆེན་རིལ་བུའི་བསྟེན་ཚུལ་དང་ཕན་ཡོན་ཕལ་ཆེར་ནོར་མི་འདུག འོན་ཀྱང་། བཙན་བྱོ་བོད་ཀྱི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུའི་ནུས་པ་གཞན་ལས་ཁྱད་དུ་འཕགས་པ་ཡོང་བཞིན་པའི་སྐད་ཆ་དང་མི་སྒེར་ཞིག་གིས་རིན་ཆེན་རིལ་བུ་བཟོ་ཐབས་དཀའ་ཚུལ་གྱི་སྐད་ཆ་དེ་གཉིས་བློ་ལ་བབས་མ་སོང་། བློ་ལ་མ་བབས་པའི་རྒྱུ་མཚན་ཡང་ཕྲག་དོག་དང་ཕྱོགས་ལྷུང་གིས་རྐྱེན་བྱས་པ་ཞིག་མ་ཡིན་པར་དངོས་ཡོད་གནས་ཚུལ་ལས་ཅུང་འགལ་བས་ཡིན།
བཙོ་ཐལ་བཟོ་དུས་སྨན་སྒྲུབ་ནི་ཚང་མས་བྱེད་བཞིན་པ་རེད། སྦྱོར་ཚད་ཀྱང་བླ་མ་གོང་མ་རྣམས་ཀྱི་ཕྱག་རྒྱུན་ལྟར་འགྲོ་བཞིན་པ་རེད། ལྷག་པར་དུ་བཙོ་ཐལ་གྱི་ལག་ལེན་བསྟར་བར་མཐོང་བ་རྒྱུད་པའི་ཕྱག་རྒྱུན་ནི་མེད་ན་མི་རུང་མི་འགྲིག་པ་ཞིག་ཡིན་པ་ལྟར་མི་ཕལ་ཆེ་བས་དེ་གཞི་བཟུང་ནས་ལག་བསྟར་བྱེད་ཀྱིན་པ་རེད། འོན་ཀྱང་། བླ་སྨན་པ་བསྟན་འཛིན་ཆོས་གྲགས་ལ་མཐོང་རྒྱུན་ཐོབ་ཡོད་མེད་གསལ་བོ་ཞིག་མི་ཤེས། ཁོང་གི་མཛད་རྣམ་ལྟར་ན་མཐོང་རྒྱུན་ཐོབ་མེད་པ་གསལ་བོར་བཀོད་འདུག
སྤྱིར་བཏང་སོ་སོའི་ཅ་དངོས་ཀྱི་སྤུས་ཚད་ལེགས་ཚུལ་རྐྱང་རྐྱང་བཤད་སྲོལ་འདི་ནི། ཚོང་པའི་འགྲོ་ལུགས་རང་ཡིན་པས་བཤད་ཆོག་པ་ཞིག་རེད། འོན་ཀྱང་། བདེན་མིན་གྱི་རྣམ་དབྱེ་འབྱེད་རྒྱུའི་གལ་ཆེན་པོ་ཡིན།
སྨན་བླའི་གཟུངས་སྔགས།
ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ། ཨརྷཏེ་སམྨྱཀྶཾ་བུངྔྷཱཡ། ཏངྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུངྒཏེ་སྭཱཧཱ།
ཨོཾ་མཎི་པདྨེ་ཧཱུཾ།།
http://www.mentsee.org/pages/f58f51f74f53f0bf44f7cf66f0d/f42f66f63f0bf56f66f92fb2f42f66f0d/f62f72f53f0bf46f7af53f0bf62f72f63f0bf56f74f60f72f0bf66f90f7cf62f0bf42fb1f72f0bf42f66f63f0bf56f64f51f0d.php
རྡ་ས་བོད་ཀྱི་སྨན་རྩིས་ཁང་གིས་རང་ཉིད་ཀྱི་རིན་ཆེན་རིལ་བུ་རྣམས་ཚད་ལྡན་སྤུས་ལེགས་དང་བྱིན་རྟེན་ཆེན་པོ་ཡོད་ལུགས་བརྗོད་དོན་ནི་གཤམ་གསལ་ཚིག་བརྗོད་ལས་ཤེས་ཐུབ།
“རིན་ཆེན་འདི་དག་གི་རྒྱུ་སྤུས་དང་ལག་ལེན་ཚད་ལོངས་ཡོད་པ་མ་ཟད། ༧ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་སའི་བྱིན་རྟེན་རྣམས་ཀྱི་ཕབ་རྒྱུན་དང་། ད་རུང་སྔར་སྲོལ་གྱི་སྨན་བླའི་ཆོ་གའི་སྒོ་ནས་སྨན་སྒྲུབ་ཀྱང་བྱས་ཡོད་པ་རེད།”
གཞན་ཡང་གུས་པའི་ཉམས་མྱོང་དང་མཐོང་རྒྱུད་ལྟར། རྡ་ས་བོད་ཀྱི་སྨན་རྩིས་ཁང་གིས་གསོལ་སྨན་སྦྱོར་བཟོ་བྱེད་སྐབས། སྦྱོར་བའི་ནང་ནས་སྨན་རྒྱུ་གཅིག་ཆད་ཚེ་སྨན་དེ་སྦྱོར་བཟོ་མི་བྱེད་པ་རེད།
ཞིང་གཤེགས་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནི་ལྷ་ལྡན་སྨན་རྩིས་ཁང་གི་སྤྱི་ཁྱབ་སྐུའི་བླ་སྨན་མཁྱེན་རབ་ནོར་བུ་མཆོག་གི་དངོས་སློབ་ཡིན་པ་དང་། ཁོང་དང་དངོས་སློབ་དཔལ་ལྡན་རྒྱལ་མཚན་གཉིས་ནས་ཕྱི་ལོ་ ༡༩༤༨ ལ་ཕག་རིར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་སྦྱོར་བཟོ་གནང་བ་དང་། དེ་རྗེས་ཕྱི་ལོ་ ༡༩༧༧ ལ་ཁོང་དང་མཁས་དབང་ཁྲོ་རུ་ཚེ་རྣམ་གཉིས་ཀྱིས་སྤོ་ཡུལ་ངལ་རྩོལ་བསྒྱུར་བཅོས་ཁང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་སྦྱོར་བཟོ་གནང་ཡོད་པར་བརྟེན། བླ་སྨན་པ་བསྟན་འཛིན་ཆོས་གྲགས་ལ་མཐོང་རྒྱུན་མི་ཚད་ཕྱག་རྒྱུན་ཡང་ཡོད་པ་གསལ་བོ་ཡིན་ནོ།།
ཕག་རིར་བཙོ་ཐལ་ཆེན་མོའི་ཕྱག་ལེན་གནང་དུས་བླ་སྨན་པ་བསྟན་འཛིན་ཆོས་གྲགས་ལ་མཚོན་ན། ཐེངས་དང་པོ་རེད་ལ་ཕྱག་ཀེན་གྱི་འགན་འཁུར་གནང་མཁན་ཡང་ཁོང་རང་རེད། དེ་དུས་བླ་སྨན་པ་མཁྱེན་རབ་ནོར་བུ་རྐྱེན་དབང་གིས་གནས་དེར་དངོས་སུ་ཕེབས་མ་ཐུབ་པ་རེད། ཡིད་མི་ཆེས་ན་བླ་སྨན་རྣམ་གསུམ་གྱི་མཛད་རྣམ་ལ་གཟིགས་དང་།
སྨན་སྦྱོར་གྱི་གནས་སྐབས་སུ་སྨན་རྒྱུ་གཅིག་མ་ཚང་ན་སྨན་དེ་བཟོ་རྒྱུ་ཡོད་མ་རེད། ངས་ཧ་གོ་བའི་སྨན་པ་གཞན་གྱིས་ཀྱང་དེ་ལྟར་གནང་གི་ཡོད་རྒྱུ་རེད། འོན་ཀྱང་། ཚང་མ་ཡིན་མིན་མི་ཤེས། མིག་མཐོང་ལག་ཟིན་མིན་ན་གང་བྱུང་དུ་བཤད་ན་སྡིག་པ་རེད། རིན་ཆེན་རིལ་བུ་ལ་བྱིན་རྟེན་ངེས་པར་དུ་བླུགས་དགོས་དང་དགོས། དེ་སྨན་རྩིས་ཁང་གཅིག་པུ་རེད། ཚང་མས་གནང་དགོས་བ་རེད། རིན་ཆེན་རིལ་བུ་ཕར་ཞོག ཐ་ན་སྤྱིར་བཏང་གི་སྨན་གཞན་ལའང་བྱིན་རྟེན་བླུགས་མཁན་ཡོད།
དག་ཆ་ཁ་ཤས་ཤིག་ནོར་འདུག དགོངས་པ་དག་རོགས།
ངས་བསམ་ན། མི་གཞན་མ་མཐོང་བར་རང་ཉིད་གཅིག་པུ་ཡག་ཤོས་དང་ལེགས་ཤོས་མཐོང་བ་དེ་ཅུང་ནོར་མེད་ན་སྙམ། སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་འཛིན་གནང་མཁན་ཁ་ཤས་ཤིག་ཡོད་པའི་ཁྲོད་ནས། བོད་ཀྱི་སྨན་རྩིས་ཁང་ནི་གཙོ་བོའི་ནང་གི་གཙོ་བོ་སྟེ། སྒོང་ངའི་ནང་སེར་རིལ་ལྟ་བུ་ཆགས་ཡོད་པ་ཕྱི་གསལ་ནང་གསལ་རེད།
བྱིན་རྟེན་ལ་རིན་ཐང་ཆེ་ཆུང་ཡོད་མེད་མི་ཤེས་ཀྱང་དགའ་ལྡན་ཕོ་བྲང་གི་བྱིན་རྟེན་ཡོད་པ་ཙམ་གྱིས་གཞན་ལས་ཁྱད་དུ་འཕགས་པ་ཡིན་པའི་རྒྱུ་མཚན་མེད། རིན་ཆེན་བཙོ་ཐལ་ཆེན་མོ་དེ་གྲུབ་ཆེན་ཨོ་རྒྱན་པ་ནས་དུས་གསུམ་མཁྱེན་པ་རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེ་སོགས་བརྒྱུད་ཡོང་དུས་དགའ་ལྡན་ཕོ་བྲང་གི་བྱིན་རྟེན་ཁྲུངས་ཡོད་མ་རེད།
ཀེའུ། ཟེར་བ་དེ་ག་འདྲ་ཞིག་ཡོད་པ་ཡིན་ནམ། མཁྱེན་མཁན་ཡོད་ན་གཅིག་གསུངས་རོགས་ཞུ། །
སྨན་བླའི་གཟུངས་སྔགས། སྨན་ལྷའི་གཟུངས་སྔགས་གཉིས་ལ་ཁྱད་པར་ཡོད་དམ། །
ད་ཡང་ཁྱེད་ཚོ་གཟུངས་སྔགས་བཟོ་མཁས་པ་རེད་འདུག་བ། །
སངས་རྒྱས་སྨན་ལྷ། ལས། སངས་རྒྱས་སྨན་བླ་འདི། དག་པ་ཡིན་པ་འདྲ། གང་ལྟར་ཡང་དེ་གཉིས་ལྷ་གཅིག་དང་གཟུངས་སྔགས་གཅིག་གོ
ཀེའུ་ནི། རི་སྒོག་གམ། རིའི་སྒོག་པ་ལ་གོ
སྒོག་ཙོང་གཉིས་ཀྱི་ནང་ནས། ཙོང་སྐྱེས་སར། ཙོང་ཁའི་ཡུལ་དང་། ཀེའུའམ། སྒོག་པ་སྐྱེས་སའི་རི་འཁྲོད་པ་ལ། ཀེའུ་ཚང་རིན་པོ་ཆེ་ཞེས་མཚན་ཆགས་པ་བཞིན་ནོ།།
དེང་སང་སྨན་རྩིས་ཁང་དུ་འགན་འཛིན་གསར་པ་ཞིག་སླེབས་ནས་ནད་པར་རིན་ཆེན་རིལ་བུ་ཕར་ཞོག་སྤྱིར་བཏང་གི་སྨན་ཡང་ཐོབ་ཁག་པོ་བཟོས་འདུག
གོ་ཐོས་སུ། མི་དེས་སྨན་པ་བྱེ་བྲག་པ་པདྨ་རྡོ་རྗེར་མི་དགའ་བའི་རྒྱུ་མཚན་གྱིས་རྒྱུག་པ་ལེབ་བརྡུང་གིས་སྨན་པ་ཚད་ཅན་ཞིག་གིས་མ་གཏོགས་སྨན་རྩིས་ཁང་གི་སྨན་པ་ཚད་ལྡན་ཡིན་རུང་ཚང་མས་སྨན་སྤྲད་མི་ཆོག་པའི་རྒྱལ་པོ་ཀ་ལ་དབང་པོའི་བཀའ་ཞིག་ཕབ་ཡོད་ཟེར།
ད་དུང་། གཏམ་རྒྱུད་ཡ་མཚན་ཅན་ཧ་ཅང་མང་པོ་འདུག
ཀེའུ་ཟེར་བ་རི་སྒོག་དང་ཀེའུ་ཚང་དང་དོན་འདྲ་བར་བྲག་ཕུག་དང་ས་ཕུག་སོགས་ལ་གོ། སྒོག་པ་ལ་རི་སྒོག་དང་ཀླུང་སྒོག་སོགས་མང་དུ་ཡོད་ཅིང། རི་སྒོག་ཞེས་པ་སྟོད་ཕྱོགས་ཀྱི་མི་རྣམས་སྒོག་པ་དཀར་ཆུང་ཟེར། རི་མཐོ་སའི་ནགས་གསེབ་ཤིང་བྲ་མའི་གསེབ་དང་གཙང་ཆུའི་ཉེ་འགྲམ་ཤིང་སྟ་རེའི་གསེབ་སོགས་ལ་སྐྱེ་བའི་སྒོག་རིགས་ཞིག དབྱར་དུས་སུ་མེ་ཏོག་དཀར་པོ་ཁྲ་ཕུངས་བ་རྐང་པ་གཅིག་ཅན་དང་སྔོ་ལྡུམ་ལྗང་པ་དེང་སང་ཨ་མདོ་བ་ཚོས་མོག་མོག་བཟོ་བྱེད་ཀྱི་་་་ཇུ་ཙེ་དང་འདྲ་བར་ཡོད། དབྱར་དུས་སུ་དེའི
སྔོ་ལྡུམ་ཟ་བ་དང་སྟོན་ཀ་དང་དགུན་ཀར་དེའི་རྩ་བ་སྒོག་པ་དཀར་པོ་ཅན་དེ་ཟ་སྲོལ་ཡོད། རྩ་བར་ཡལ་ག་དབང་པོ་ལག་པ་དང་འདྲ་བར་ཡན་ལག་གཅིག་གཉིས་གསུམ་བཞི་ལས་སོགས་ངེས་མེད་དུ་སྐྱེ་བ་ཞིག་ཡིན། འདུལ་བའི་ལུང་ནས་རབ་བྱུང་བ་རྣམས་ཀྱིས་རི་སྒོག་ཟ་ན་རུང་ཚུལ་བཤད་པར་ཐོས་སོ།
དྲ་གྲོགས་ཀརྡོ་གཉེར་ཕྱག་པ་ལགས་དང་ཁྱུང་སེ་ལགས་རྣམ་པ་གཉིས་ལ་བཀའ་དྲིན་ཆེ། ཀེའུ་གང་ཡིན་ཤེས་སོང་། །
རེ་མཐོ་སར་སྐྱེ་བའི་སྔོ་རིགས་སྟོད་པའི་ཁ་སྐད་ལ་་་རུག་པ་་་ཡང་ན་་་སྔོ་རུག་པ་་་ཟེར་བ་ཞིག་འདུག་དེ་སྒོག་བཙོང་གང་གི་ཁོངས་སུ་གཏོགས་ཀྱི་ཡོད་པ་ཡིན་ནམ། སྒོག་བཙོང་གི་རིགས་ཅིག་ནི་ཏན་ཏན་ཡིན་ས་རེད། ། །
བོད་པའི་སྨན་གཞུང་དེ་ཚོའི་ནང་དུ་གསེར་བཟོ་སྟངས་ཡོད་སྐད་འདུག དེ་ཚོའི་སྐོར་ལ་མཁྱེན་མཁན་ཡོད་དམ། སྨན་གཞུང་ལྟར་གསེར་བཟོ་བར་འབར་བརྩོན་གནང་མཁན་བོད་པའི་སྨན་པ་དེ་འདྲ་བྱུང་ཡོད་དམ། ངས་སྔོན་མ་དགེ་རྒན་དང་ལྷན་དུ་ཚོད་ལྟ་གཅིག་བྱེད་མྱངས་ཀྱང་གསེར་བཟོ་ཐུབ་མ་སོང་། །
རྒྱ་གར་གྱི་ས་རྡུ་སྦ་སྦ་དེ་ཚོའི་ནང་དུ་གསེར་བཟོ་ཤེས་མཁན་དེ་འདྲ་ཡོད་སྐད་འདུག བདེན་པ་ཡིན་མིན་མི་ཤེས། །
ཨོཾ་ནམོ་བྷགཝཏེ་་་ཟེར་ནས་འདོན་སྟངས་ལ་བལྟས་ན་་་སྨན་ལྷ་་་ཞེས་སུ་བརྗོད་ན་དག་པར་སྙམ། བྷགཝཏེ་་་དང་་་བྷགཝན་་་ཟེར་བ་དེ་ཚོ་ལྷ་རིགས་ཅིག་ལ་གོ་མ་གཏོགས། བླ་མ་ལ་གོ་གི་ཨ་ཡོད་ན། བླ་མ་དང་དགེ་རྒན་ལ་་་གུ་རུ་་་ཞེས་སུ་འབོད་པར་སྙམ་མོ། དེ་འདྲ་ཡིན་དུས་རྒན་རབས་རྣམས་ཀྱི་གསུངས་རྒྱུན་ལའང་་་སངས་རྒྱས་སྨན་ཀྱི་ལྷ་ལ་ཕྱག་འཚལ་ལོ་་་་་བེ་ཊུར་ཡ་ཡི་འོད་ལ་ཕྱག་འཚལ་ལོ་་་་ཟེར་ནས་སྨན་ཟ་དགོས་རབས་ཀྱང་གླེང་སྲོལ་འདུག ། ད་གང་ལྟར་རྨོངས་འཆར་ཙམ་དུ་སྨྲས་པ་ཡིན་ནོ། །
དྲ་གྲོགས་ཀརྡོ་ལགས་ཙོང་སྐྱེ་སར་ཙོང་ཁ་ཞེས་འབོད་ན་བོད་ཀྱི་ཡུལ་ལུང་མང་ཆེ་སར་ཙོང་སྐྱེ་གི་ཡོད་པས་བོད་ཡུལ་ཚང་མར་ཙོང་ཁ་ཞེས་འབོད་དགོས་དམ་ལགས?
འདིར་དྲི་བ་གཅིག་ཡོད་།།
རིན་ཆེན་ར་ན་བསམ་འཕེལ་ཟ་རྒྱུ་མང་དྲག་ན་རྣ་ཆོག་འོན་པ་ཆགས་་ཀྱི་རེད་
ཟེར་མཁན་འདུག་པ་བདེན་པ་ཡིན་མིན་གསལ་བཤད་གནང་རོགས་
ང་ཆུང་དུས་ཨ་ཅག་མཉམ་དུ་རིར་རྫི་བོར་རོགས་པ་འགྲོ་དུས། གཉེ་ཤང་རི་མགོར་སྟོད་པ་ཚོས། སྔོ་རུག་པ་ཟེར་བ་དེ་ཏོག་ཀར་འགྲོ་མྱོང་། དེས་ན་རི་སྒོག་དང་། སྔོ་རུག་པ་གཉིས་ཕལ་ཆེར་གཅིག་ཡིན་ས་རེད་སྙམ་ཞིང་། འོནད་ཀྱང་ས་མཐོ་དམན་གྱི་དབང་གིས་དྲི་མ་ཆེ་ཆུང་དང་། བཟོ་དབྱིབས་ཆེ་ཆུང་ལ་ཁྱད་པར་ཡོད་སྲིད་དོ།།
རི་སྒོག་དང་རུག་པ་གཉིས་གཅིག་པ་མ་རེད་རི་སྒོག་ནི་གོང་དུ་ངས་འགྲེལ་བཤད་བྱས་ཡོད་རུག་པ་ནི་སྒོག་རིགས་སུ་གཏོགས་པར་སེམས། སྤྱིར་སྟངས་འདུལ་བའི་གཞུང་ནས་ཨག་ཙོང་དང་སྒོག་ཙོང་ཞེས་གཉིས་སུ་ཡོད་འདུག་མོད་སྟོད་པ་བ་རྣམས་ཙོང་རིགས་ཟ་བ་ལ་རྣམ་རྟོག་ཡོད་དེང་སང་སྟོད་སྨད་ཐམས་ཅད་ཀྱིས་ཨག་ཙོང་སྒོག་ཙོང་ཉ་ཕག་སྒོང་གསུམ་སོགས་འཛེམས་མཁན་ཉུང་ཉུང་རེད། དེ་ཡིན་དུས་རུག་པ་ནི་སྒོག་རིགས་ཡིན་ཅིང་ཙོང་མི་ཟ་མཁན་དག་གིས་རུག་པ་ཟ་སྲོལ་ཡོད་འདུག ཙོང་ཟས་ན་སྐྱེ་བ་ཕྱི་མར་སྐྱེ་བ་ལྔ་བརྒྱར་སེ་དྲི་ཅན་དུ་སྐྱེ་བ་ལེན་གྱི་རེད་ཅེས་བཤད་པ་འདུག
བླ་སྨན་བསྟན་འཛིན་ཆོས་གྲགས་ཀྱིས་ཕག་རིར་བཙོ་ཐལ་ཆེན་མོའི་ཕྱག་ལེན་གནང་སྐབས་བླ་སྨན་མཁྱེན་རབ་ནོར་བུ་རྐྱེན་དབང་གིས་སྐུ་དངོས་སུ་ཕེབས་ཐུབ་མེད་ནའང་། དེ་སྔ་བླ་སྨན་མཁྱེན་རབ་ནོར་བུས་བཙོ་ཐལ་ཆེན་མོ་ཕྱག་ལེན་གནང་སྐབས་དངོས་སློབ་བླ་སྨན་བསྟན་འཛིན་ཆོས་གྲགས་ཁོང་ལ་ཡང་མཐོང་རྒྱུད་ཕྱག་ལེན་དངོས་སུ་ཐོབ་ཡོད་པ་མཐོང་ཆོས་རེད།
རིན་ཆེན་རཎ་ན་བསམ་འཕེལ་ཟ་རྒྱུ་མང་དྲགས་པས་རྣ་མཆོག་འོན་པ་ཆགས་ཀྱི་རེད་ཟེར་མཁན་འདུག་པ་བདེན་པ་ཡིན་མིན་གསལ་བཤད་གནང་རོགས། ཞེས་པའི་ལན་ལ། མི་འདི་དང་དེ་བཅས་པའི་རྣ་བ་འོན་པ་ཆགས་འདུག་པའི་སྐོར་ར་སྤྲོད་བྱ་རྒྱུ་ཡོད་ན་མ་གཏོགས། དེ་མིན་ཟེར་སྒྲོས་ཙམ་ལ་ངོས་འཛིན་བྱ་རྒྱུ་ལས་ཐབས་མེད།
ཀེའུ་ནི་ཨ་མདོའི་ས་ཆ་ལ་ལར་ད་རུང་ཡང་ཀེའུ་ཞེས་འབོད་ཀྱི་ཡོད། དེ་ལ་ཨིན་སྐད་དུ་ chive དང་རྒྱ་ནག་སྐད་དུ་ཅུག་ཚལ་ 韭菜 ཟེར་བ་དེ་རེད།
དྲ་གྲོགས་ཚང་མར་བཀའ་དྲིན་ཆེ་ཞུ། དྲི་བ་མཐའ་མ། དོལ་པོ་ཚང་གི་ཚོང་ཟོག་ཡོད་ན་མེད་ན་་་རྫིན་བུ་་་ཟེར་བ་ཞིག་འདུག དེ་སྒོག་བཙོང་གང་གི་ཁོངས་སུ་གཏོགས་དང་སྔོ་དེ་ག་བར་སྐྱེ་དང་ག་འདྲ་ཡོད་བཅས་ཀྱི་སྐོར་ལ་མཁྱེན་མཁན་ཡོད་ན་གཅིག་གསུངས་རོགས།
ཐུགས་རྗེ་ཆེ་ཞུ། །
དོལ་པོ་ཚང་གི་རྫིན་བུའི་འཁྲུངས་དཔེའམ་སྐྱེ་དབྱིབས་བཤད་རྒྱུ་ཡོད་དམ།
འདི་ཕལ་ཆེར་ཡུལ་སྐད་དུ་འཛིམ་པའམ་འཛིམ་བུ། འཛིམ་སྒོག་ཅེས་འབོད་པའི་འཛིམ་ནག་ཟེར་བའི་རི་སྒོག་གི་རིགས་དེ་རེད་སྙམ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་དུ། འཛིམ་ནག་ནི་བྲག་དང་བྱེ་ཁྱེབ་ལས་སྐྱེ་བ། རྩ་བ་དཀར་པོ་སྒོག་ཤུན་དམར་ཁམ་གྱིས་གཡོགས་པ་ལ་ལོ་མ་ཕྲ་ལ་ཧྲིལ་བུ་སྐུད་པ་ལྟར་གཤིབ་ནས་སྐྱེ་བ། མེ་ཏོག་སྔོ་དམར་ཞིབ་མོ་ཚོམ་བུར་འཆར་བ་ཞིག་ཡོད། ཅེས་གསུངས་ཡོད།
ས་མཐོར་སྐྱེ་བའི་འཛིམ་པ་ཟེར་བ་ནི་དུག་རིགས་ཞིག་རེད་མེ་ཏོག་གི་མདོག་སྔོ་དམར་ལ་མཛེས་པོ་ཞིག་ཡོད་ལོ་མ་རྣམས་ནི་དེང་སང་རྒྱ་ནག་གི་ཚལ་རིགས་དང་བོད་ཨ་མདོ་བ་ཚོས་འཐེན་ཐུག་སོགས་ཐུག་པར་བླུག་རྒྱུའི་སྔོ་ལྡུམ་་་་ཅིམ་ཚེའམ་ཆིམ་ཚེ་ཞེས་པ་དང་ལོ་དབྱིབས་མཚུངས། དུད་འགྲོ་ལས་སོགས་ཀྱིས་ཟས་ན་སྲོག་ཉེན་ཆེ། ས་མཐོན་པོ་གཡའ་དང་བྲག་སྐྱིབས་སོགས་ལ་སྐྱེ་བའི་རིགས་ཞིག་རེད་འདུག བཙན་དུག་གི་རིགས་ཞིག་རེད་ཅེས་ཟེར། འཛིམ་བུ་ནི་དེ་ལས་ལྡོག་སྟེ་མིས་ཟ་རུང་གི་སྔོ་ལྡུམ་ཞིག་རེད། དེ་ཡང་སྒོག་རིགས་སུ་གཏོགས་པར་སེམས། འཛིམ་བུ་དེ་ལའང་རིགས་གཉིས་དབྱེ་བཞིན་ཡོད་འདུག་ས་མཐོར་སྐྱེ་བའི་རིགས་ཞིག་དང་ས་སྨད་རོང་དུ་སྐྱེ་བའི་རིགས་གཉིས་སུ་ཡོད་འདུག ས་སྨད་ལ་སྐྱེ་བའི་འཛིམ་བུ་དེ་ཅུང་དྲི་ངད་ཤུགས་ཆེ་བ་ཡོད་འདུག བཟོ་དབྱིབས་ནི་ཅུ་ཙེ་ཞེས་པ་མོག་མོག་བཟོ་བྱེད་དེ་དང་འདྲ་བོ་རེད།
ཀེའུ་ནི། རི་སྒོག་གི་བརྡ་རྙིང་དང་། རི་སྒོག་ལ་། མངའ་རིས་སྟོད་པ་ཚོས་སྔོ་རུག་པ་ཟེར། རྫིན་བུ་ནི། སྔོ་རྩྭ་འདྲ་བ་ལ་དྲི་མ་ཤིན་ཏུ་ཞིམ་པས། སྡོ་འབྲོག་སྡེའི་ཁུལ་དུ། རྫིན་བུ་སྐམ་པོ་དབྱར་དགུན་མེད་པར་དེང་སང་རྒྱ་གར་གྱི་སྨན་སྣའི་ཚབ་ཏུ་བདེ་སྤྱོད་བྱེད་བཞིན་པ་དེ་རེད། ད་ལྟ་ངའི་ཐབ་ཚང་ནང་ལ་ཡང་། བལ་ཡུལ་ནས་འཁྱེར་ཡོང་བའི་རྫིན་བུ་སྐམ་པོ་ཅུང་ཟད་ཡོད་་ལགས།
དྲྭ་གྲོགས་ཚང་མར་བཀའ་དྲིན་ཆེ་ཞུ། དམིགས་བསལ་ཁྱུང་སེ་ལགས་ཀྱིས་འཛིམ་པ་དང་འཛིམ་བུའི་ཁྱད་པར་དབྱེ་འབྱེད་གནང་བ་ནི་ངོ་མཚར་ཆེ། སྔོ་རུག་པ་དེ་ལའང་མི་འདྲ་བ་གཉིས་ཡོད་པ་ངས་ཤེས། གཅིག་རི་མགོ་སྤང་དང་རྫ་བྲག་ཉེ་སར་སྐྱེ་བ་དང་། འདི་མིས་ཟ་ཆོག་པ་རེད། ཞིམ་པོ་ཡང་ཡོད། གཞན་དེ་ས་སྨ་ས་སྡོང་པོའི་རྩ་འགྲམ་སོགས་ལ་སྐྱེ། མིས་ཆེན་པོ་རང་ཟ་སྲོལ་ཡོད་ས་མེད། །
ཚིག་མཛོད་ལས།
འཛིན་བུ། རི་ཙོང་གི་བྱེ་བྲག་ཅིག
སྟོད་པའི་སྔོ་རུག་པ་ལ། ཚིག་མཛོད་ལས།
རུག་སྒོག སྲིབ་སོགས་གསོམ་ནགས་སུ་སྐྱེ་བའི་སྒོག་རིགས་ཤིག
བོད་པའི་ལོ་གསར་དང་མཛད་སྒོའི་རྟེན་འབྲེལ་སོགས་ལ་་་གྲོ་མ་མར་ཁུ་་་ཞེས་པ་སྐད་གྲགས་ཅན་ཞིག་ཟ་རྒྱུ་འདུག དེ་འདྲའི་གྲོ་མ་དེ་ནི། ཙི་ཙིས་དགུན་གྱག་ཆེད་ས་འོག་ཏུ་གསོག་འཇོགས་བྱས་པ་འི་གྲོ་ཕུང་རྣམས། མིས་ཡར་བརྐོ་སློག་བྱས་ནས་ལོངས་སུ་སྤྱོད་ཀྱི་ཡོད་རབས་གླེང་གི་འདུག དེ་བདེན་པ་ཡིན་ནམ། ། ཡང་མིན་ན་ཙི་ཙི་ལ་མ་བརྟེན་པར་གྲོ་མ་དེ་བརྐོ་སློག་བྱ་རྒྱུ་ཡོད་དམ། གྲོ་མ་དེ་སྐྱེ་སའི་ས་བབ་ག་འདྲ་ཡོད་པ་ཡིན་ནམ། །
གྲོ་མ་ནི། པང་གི་ཐོག་ལ་སྐྱེས་ཤིང་། དེའི་ལོ་མ་གཅིག་པ་གཅིག་ཀྱང་། ས་འོག་ཏུ་གྲོ་མ་མེད་པའི་རྩྭ་དེ་དང་ལན་མང་ངས་ཀྱང་ནོར་མྱོང་། ཙི་ཙིའི་བསགས་པའི་གྲོ་ཕུང་རྙེད་ན་འབོར་ཆེ་ཡང་། གྲོ་མ་ཡོད་སར། རང་གི་ལག་པར་གྲི་ཆུང་བཟུང་ནས་རྨོས་ན་མང་པོ་རྙེད་ཐུབ། ཙི་ཙི་གཅིག་པུར་རེ་དོན་མེད།
ངའི་གྲོགས་པོ་ཞིག་གིས་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་དེ་ཡུན་རིང་པོར་བཟས་ཀྱང་ཕན་ནུས་མི་བྱུང་ཟེར་གྱི་འདུག སྨན་བསྟེན་ཚུལ་མི་ནོར་བ་དང་སྨན་པའི་བསླབ་བྱ་ལ་གཞི་བཞག་ནས་སྨན་དེར་དད་པས་ངོས་ནས་བསྟེན་ཡང་ད་བར་ནད་ཀྱི་གནར་ནས་ཡོད། རིན་ཆེན་རིལ་བུའི་ཕན་ནུས་ལ་གཟིགས་ན་ནི་བསམ་ཡུལ་ལས་འདས་པ་མཐོང་།
ལན་ཞིག་གནོངས་དང་སྨན་པ་ཚོ།
སྤང་ན་སྐྱེ་བཞིན་པའི་གྲོ་མའི་དཔར་ཡོད་ན་བསྐུར་རོགས།
ཡག་པོ་འདུག
དེང་སང་སྨན་རྩིས་ཁང་ན་དམར་ཤོག་རིགས་ལུགས་དར་སྐད་འདུག
༅༅། རིན་ཆེན་རིལ་ོ་ཟ་དུས་་་ཉ་ཤ་དང་གཞན་གྱི་ཤ་ དེ་མིན་སྒོག་རྩོང་གཉིས་བྱུང་ན་བདུན་གཅིག་དང་
དེ་མིན་ཉིན་གཉིས་མ་ཟེས་བྲིས་འདུག་པ།
ཕྱི་རྒྱལ་ལུང་པར་སྒོག་རྩོང་གཉིས་མེད་པའི་ཁ་ལག་ཕེལ་ཆེར་ཟ་རྒྱུ་ཡོད་པ་མ་རེད། ཤའི་རིགས་ད་མ་ཟ་ན་ཡང་འགྲིགས། འངིའི་སྐོར་ལ་གསལ་བཤད་གཅིག་གནང་དང།
ངས་ཟས་དུག་མ་བྱུང་བའི་སླད་དུ་རིན་ཆེན་རིལ་པོ་ཡང་སེ་ཟ་གི་ཡོད།