ཁྲོ་གཏུམ།
ཡིག་ནོར་ཁྱོན་ནས་མེད་ཟེར་ན་དཀའ་ལས་ཁག་མོད། ཡིག་ནོར་རྦད་དེ་མང་དྲགས་ན་སྐད་ཡིག་དེར་མཐོང་ཆུང་བྱས་པ་དང་གཅིག་མཚུངས་རེད། བོད་ཀྱི་ལས་ཁུངས་ཤིག་གིས་བོད་ཡིག་སྣང་ཆུང་དུ་བཏང་ན་སུ་ཞིག་གིས་བོད་ཡིག་མཐོང་ཆེན་བརྩི་བ་རེད། ལས་ཤོག་འདི་ནི་ངའི་མིག་ལམ་དུ་ཐོན་མ་ཐག ངའི་མིག་ཟུང་རབ་རིབ་ཏུ་གྱུར་སོང་། ལས་ཤོག་འདིའི་མགོ་སྟོད་དུ་༼ཐང་སྟོང་བོད་ཀྱི་གླུ་གར་འཁྲབ་སྟོན་པ།༽ཞེས་པའི་ཡི་གེ་ལྗང་ཁུ་འགའ་བྲིས་འདུག་པར་བལྟས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཁྱབ་སྤེལ་ཉར་གསུམ་གནང་མཁན་གྱི་ཚོགས་པ་ཞིག་ཏུ་ཐད་ཀར་ངོས་འཛིན་བྱས་ཆོག་པ་རེད།
ལས་ཁུངས་འདི་ནི་ག་དུས་ཤིག་ལ་བཙུགས་པའི་སྐོར་ནས་ང་ལ་གསལ་ཆ་མེད་མོད། ལས་ཁུངས་འདི་ནི་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་རི་འདབས་ཀྱི་སཱ་ར་མཐོ་སློབ་ཏུ་འགྲོ་བའི་ལམ་ཁ་དེར་ཡོད་པ་ཞིག་རེད།
དེ་རིང་ངའི་མིག་ལམ་རབ་རིབ་གྱུར་དོན་ཅི་ཡིན་ནམ། མ་གཞི་ལས་ཤོག་སྟེང་གི་མགྲོན་བརྡ་འདི་ཡིན། ཚིག་སྦྱོར་དང་དག་ཆར་སླད་འདྲེས་པའི་བོད་ཀྱི་ཡིག་འབྲུ་དག་རེ་རེ་བཞིན་ཨུ་ཚུགས་ཀྱིས་ཀློག་སྟེ་མཇུག་བསྐྱལ་ཡིན། ལས་ཤོག་ལས་རྟགས་ཅན་འདིའི་ལས་ཐོག་མི་སྣས་བོད་ཡིག་འབྲི་བར་འདི་འདྲའི་ཨ་མཚར་རྩེད་དགོས་དོན་མེད་པ་འདྲ། ང་ཚོའི་བོད་པའི་རིག་གཞུང་གི་མིང་གང་རུང་ཞིག་ཕྲག་ཏུ་འཁུར་བའི་སྙིང་སྟོབས་དང་སྤོབས་པ་ཡོད་ན། བོད་རང་གི་སྐད་ཡིག་སྟེང་ནས་མགྲོན་ཤོག་ཙམ་གཏོང་བར་ཡིག་ནོར་དང་ཚིག་སྦྱོར་གྱི་ནོར་སྐྱོན་ཐེབས་པ་ཅི་ཡིན་ནམ། ཁྱོད་ཚོས་བོད་ཀྱི་རིག་གནས་ཇི་ལྟར་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་རེད། ༼ཐང་སྟོང་བོད་ཀྱི་གླུ་གར་འཁྲབ་སྟོན་པ།༽ཟེར་བའི་མིང་ལ་འགན་འཁུར་གྱི་རྣམ་འགྱུར་ཙམ་སྟོན་པའི་ནུས་པ་ཡང་མེད་པ་རེད་དམ།
ཁྱོད་ཚོས་ལྟོས་དང་། ཡིག་འབྲུ་༢༧༠ ལྷག་ཡོད་པའི་ལས་ཤོག་སྒང་གི་མགྲོན་བརྡ་འདིར། ལས་ཤོག་འདིའི་པར་ངོས་ཀྱི་ཡིག་ནོར་དག་ལ་ཞིབ་བཤེར་བྱེད་རོགས། ཕལ་ཆེར་འདི་ནི་ཡིག་ནོར་གྱིས་ཁེངས་པའི་ལས་ཤོག་ཚབས་ཆེན་ཞིག་རེད། འདི་ལྟ་བུའི་ཡིག་ནོར་གྱིས་ཕྱུག་པོ་ཆགས་ཡོང་དུས། བོད་ཟེར་བའི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་སུ་བརྡབ་གསིག་ཇི་འདྲའི་མང་པོ་ཞིག་ཐེབས་ཀྱི་རེད་འདུག
ལྷག་པར་དུ། གཞིས་ལུས་བོད་མི་རྣམས་ཀྱིས་ཕ་སྐད་གཙང་མ་བཤད་པ་དང་། སྦྲགས་སྐད་མི་བཤད་པ། ཐ་སྙད་གསར་བ་སྦྱོང་བ་སོགས་ཀྱི་ཚ་འུར་ཧ་ཅང་ཆེ་བའི་སྐབས་སུ། རང་དབང་ལུང་པའི་བོད་ཀྱི་ཚོགས་པ་ཞིག་གིས་འདི་ལྟར་ཡིག་ནོར་ཅན་གྱི་མགྲོན་བརྡ་བཏང་བ་ཡིན་ན། ཧ་ཅང་གིས་ཉེན་ཁ་རེད་ལ། རེ་ཞིང་སྒུག་བཞིན་པའི་སེམས་པ་རྣམས་དང་རིག་གཞུང་གི་མ་རྩ་ལ་རྨ་ཁ་བཟོས་ཡོད་པའི་བསམ་བློ་ཙམ་ཡང་འཁོར་གྱི་མི་འདུག་གམ།
ལས་ཤོག་འདིའི་སྒང་ནས་བོད་མི་ཞིག་གི་རྣམ་འགྱུར་མཐོང་གི་མི་འདུག་ལ། བོད་པའི་སྐད་ཡིག་ལ་རྩེད་ཆས་དང་མཐོང་ཆུང་གི་རྣམ་འགྱུར་ཡ་ང་བ་ཞིག་བསྟན་འདུག་པས། ཐང་སྟོང་གླུ་གར་ཚོགས་པས་ད་རག་བར་དུ་ལས་ཁུངས་ཀྱི་ཡིག་ཚག་ཉར་ཚགས་བྱེད་པ་འདི་ལྟར་བོད་ཡིག་གིས་བྲིས་ཡོད་དུས། ཁྱོད་ཚོའི་ཚོགས་པ་དེ་ནི་ལྟོ་བགྲང་བྱེད་གཅིག་པུ་ལས་ཅང་མེད་པ་འདྲ་བའི་སེམས་ཚོར་ཞིག་སེམས་གཏིང་ནས་སྐྱེས་སོིང་།
༢༠༡༥། ༠༣། ༠༥ ཉིན་བྲིས།
དཔལ་འབྱོར་འདུ་འགོད་ཀྱི་ཚོགས་པ་ལ་དངུལ་རག་ན་ཡིག་ནོར་གལ་ཆེན་པོ་མ་རེད་། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་ཚོགས་་པ་སྐྱིད་སྡུག་མང་པོ་ཡོད་པ་ཚང་མ་གཅིག་པ་རེད་་། ཁོང་ཚོ་ལ་དངུལ་་རག་ན་བོད་མིའི་རིག་གཞུང་རྐུབ་འོག་ལ་འཇུག་གི་རེད་། བོད་ཀྱི་རང་་བཙན་མི་རིགས་ས་གནས་རང་སྐྱོང་ལ་བརྗེ་གི་རེད་། དེ་ཚོ་ལ་བལྟ་ཡས་ཡོད་པ་རེད་། བོད་ཤོར་སྟངས་དེ་འདྲ་བྱས་ནས་ཤོར་བ་རེད་། ཤེས་སོང་ངམ་།ཧ་ཧ་།
ཡིག་ནོར་ཅན་གྱི་མགྲོན་བརྡ་འདི་གསལ་བོ་ཞིག་བསྐུར་རྒྱུ་རེ་འབོད་ཞུ། འདིར་བསྐུར་བའི་པར་དེར་ཡི་གེ་ཇི་བཞིན་མཐོང་གི་མི་འདུག། གལ་སྲིད་དྲྭ་གྲོགས་སུ་ཞིག་ལ་གོ་སྐབ་འདྲ་ཡོད་ན་དག་ཆ་རང་སོར་དུ་བཞགས་ནས་ཡི་གེར་ཕབས་དེ་འདིར་འགོད་རྒྱུ་ཞེས་རེ་བ་བརྒྱབ་པ་ཡིན་པའི་ཐུགས་ལ་འདོག་པར་ཞུ།
བརྗོད་བྱའི་དོན་སྙིང་གི་ཡི་གེ་འཁོད་པའི་དཔར་གསལ་པོ་ཞིག་བཀོད་རྒྱུ་གལ་ཆེ། དེ་མིན་ཁ་སྟོང་པའི་སྐད་ཆ་རེད།
རེད་ཏ། དཔལ་འབྱོར་བྱུང་ན། ཡིག་ནོར་དང་རིག་གཞུང་ཟེར་བ་དེ་ཚོར་ང་ཚོ་ཕལ་མོ་ཆེས་ཆོ་མཐོང་སྤྲོད་ཀྱི་མེད། གོང་གི་ཚོགས་པ་དེ་གཅིག་པོ་མ་རེད། ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཀྱི་ཞིབ་འཇུག་པར་འཆེས་པ་ཚོས་ནོར་སྡེའི་ཐོག འབྲི་ལ་གཡག་ཅེས་པ་བྲིས་པའི་ལོ་རྒྱུས་ཡོད་པ་རེད། དེ་ཞིབ་འཇུག་པ་དང་རིག་གཞུང་གཅེས་སྐྱོང་ཁང་གི་མཛད་པ་རེད། དེ་བཞིན་དུ། དངུལ་ལོར་གྱི་ཆེད་དུ་ག་རེ་ཡིན་ཀྱང་བྱེད་པའི་ཚོགས་པ་ད་དུང་ཡོད་པ་རེད། དཔེར་ན། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལྟ་བུ་རེད། ཚོགས་པ་དེས་དེ་སྔོན་མི་ཚོང་མང་པོ་བརྒྱབ་པ་རེད། མདོར་བསྡུས་ནས་བཤད་ན། ང་ཚོའི་སྤྱི་ཚོགས་ཀྱི་མགོ་མཇུག་བར་གསུམ་ནང་དངུལ་ལོར་བྱུང་ན། མཚན་སྙན་ལ་རྒྱ་དང་བཅས་པ་ཚང་མ་བློས་གཏོང་བྱེད་འཕོད་པའི་མི་བུ་དང་ཚོགས་སྡེ་མང་པོ་ཡོད་པ་རེད།
ད་ལྟའི་བཙན་བྱོལ་ནང་གི་ཚོགས་པ་སྐྱིད་སྡུག་གི་ལས་སྟངས་དང་བྱེད་སྟངས་ལ་
བལྟས་བོད་རང་བཙན་ཕར་བཞག་ནས་མི་་རིགས་ས་གནས་རང་སྐྱོང་ཡང་ཁག་པོ་མིན་ནམ་།
རེད་རེད་དེང་སང་ཆབ་སྲིད་ཀྱི་སྐོར་ལ་གོ་རྒྱུ་མི་འདུག བོད་ནང་ལོགས་ནས་མེ་རྒྱུན་ཆད་སོང། བོད་ཕྱི་ལོགས་ནས་སྐད་རྒྱུན་ཆད་སོང། བོད་ནང་ལོགས་ནས་ནང་ཁུལ་མཐུན་ལམ་དགོས་ཟེར་ནས་ནང་འཁྲུགས་མི་བརྒྱབ་པ་དང་ཤ་མི་ཟ་བ་ཆང་མི་འཐུང་བ་བ་ལས་སོགས་ཕལ་ཆེར་ཐམས་ཅད་གྲྭ་བ་ཨ་ནེ་བྱེད་རྩིས་ཡོད་ས་རེད། བོད་ཕྱི་ལོགས་ནས་བརྟན་བཞུགས་དང་ཞབས་བརྟན་རྐྱང་བསྒྲུབ་ཀྱི་འདུག ད་ཕལ་ཆེར་ཐམས་ཅད་དབེན་གནས་སུ་མཚམས་བསྙེན་སྒྲུབ་ལ་བཞུགས་འདོད་ཡིན་ས་རེད། མགྱོགས་མྱུར་་གནས་ལེན་ཁང་སྒོ་བརྒྱབ་སློབ་གྲྭ་ཁག་ཟླ་་བསྒྲིལ་བཏང་དགོན་པ་ཁག་འགྲེམས་སྟོན་དུ་བསྒྱུར་ནས་རྒྱལ་བ་རིན་པོ་ཆེ་རྒྱ་ནག་ལ་གནས་གཟིགས་སུ་ཕེབས་རྒྱ་བལ་འབྲུག་སྡོད་བོད་མི་རྣམས་ནུབ་ཕྱོགས་སུ་གཞིས་སྤོས། དེ་ནས་འཚེ་མེད་ཞི་བདེར་འགྱུར་ངེས་རེད་མི་འདུག་གམ།
ཁྱུང་སེ་འདི། ལ་རྒྱ་ཆེ་དྲགས་ནས། འཚེ་མེད་ཞི་བདེ་ལ་དགའ་པོ་རང་མེད་པ་འདྲ།
ཚོགས་སྐྱིད་མང་བའི་བཙན་བྱོལ་སྤྱི་ཚོགས་འདི་།
སྐབས་འཚོལ་འགོ་འདྲེན་ལུང་ཚན་ཕྱོོགས་གཏོགས་་ཁེང་།
མི་ལོ་ལྔ་བཅུ་མི་ཡུལ་ང་མཁས་ཁོ་འཇོན་གླེང་།
བོད་ཀྱི་རང་བཙན་ས་གནས་མི་རིགས་བརྒྱུར་།
ས་ཡ་གཉིས་ཀྱི་ཤ་ལན་རླུང་ལ་་་དཀྱུར་།
དགོན་པ་དྲུག་སྟོང་རྩ་མེད་དྲན་ཡུལ་བོར་།
ཌོ་ལར་རྗེས་ལ་ཆབ་སྲིད་བརྩོན་མིང་ཁྱེར་།
བརྩོན་ཁང་མིག་གི་མཐོང་མཁན་ཉིན་སྐར་ཙམ་།
ཧ་ཧ་
ཁྲོ་གཏུམ་ལགས། སྐུ་ཉིད་ཀྱི་གསུངས་པ་བདེན། འོན་ཀྱང་ཁྱེད་ཀྱི་དེ་ལྟར་ཚོགས་པ་སྒེར་ལ་ཕན་ཕྱིར་ངེས་པར་དུ་ས་གནས་ལས་ཁང་དུ་ངོ་བཅར་གྱིས་དགེ་སྐྱོན་གླེང་ཐུབ་ན་རབ། དེ་བས་སྤྱི་ཚོགས་དྲྭ་བར་གླེང་བཞུགས་ན་སྐྱོན་བརྗོད་ལས་ཚོགས་པ་རང་ལ་མི་ཕན་ནོ། ཕ་ཡི་རང་གི་བུར་ལེགས་སྤེལ་ཉེས་འགོག་བྱེད་པ་ལས། དགེ་སྐྱོན་དྲྭ་བར་མི་སྤེལ་བ་ལྟར་ཡིན།
ཐང་སྟོང་རྒྱལ་པོར་ཡོང་རྒྱུ་ལ་ཨ། ཚད་འདི་འདྲ་ཞིག་ལ་ལྷུང་གི་རེད་བསམ་བསམ་མ་བྱུང་། ད་ཡིན་ན་ཐང་སྟོང་གླུ་གར་ཚོགས་པ་ཐང་སྟོང་སྐད་ཡིག་འཛིན་གྲྭ་ལ་བསྒྱུར་དགོས་པ་མིན་འགྲོ། ཧ་ཧ་ཧ
དང་པོ་ཡིག་ནོར་ཡིན་ཡང་བྲིས། །
གཉིས་པ་བརྡ་དག་མ་ནོར་བྲིས། །
གསུམ་པ་རྗོད་བྱེད་གང་སྙན་བྲིས། །
བཞི་པ་རྩོམ་རྩལ་ཡར་རྒྱས་གཏོང་། །
ཁྲོ་གཏུམ་ལགས། ཡི་གེ་ལྗང་ཁུ་བྲིས་པའི་ཁ་བྱང་ལྟ་བུ་དེར་<>ཞེས་བྲིས་མི་འདུག <>བྲིས་འདུག །
ཁྲོ་གཏུམ་ལགས། ཡི་གེ་ལྗང་ཁུ་བྲིས་པའི་ཁ་བྱང་ལྟ་བུ་དེར་ཐང་སྟོང་བོད་ཀྱི་གླུ་གར་འཁྲབ་སྟོན་པ་ཞེས་བྲིས་མི་འདུག ཐང་སྟོང་གླུ་གར་བོད་ཀྱི་འཁྲབ་སྟོན་པ་བྲིས་འདུག །
http://www.shambalapost.com/blogs/viewpost/11535 དྲ་ལམ་འདི་ནས་ཁྱོད་ཅག་གིས་པར་གསལ་བོ་མཐོང་བའི་རེ་བ་ཡོད། མགྲོན་པོ་ཚང་མ་མཉམ་གཅིག་ཏུ་བསུ།
དྲ་གྲོགས་ཚོ་་་་པར་འདི་ཆེན་པོ་བཟོས་ན་མཐོང་གི་འདུག་་་་་ཡིག་ནོར་གཡག་རྒན་འདྲ་རྐྱང་རྐྱང་འདུག་་་དེ་མ་མཐོང་ན་མིག་ཤེལ་ཏུས་བརྒྱ་ཅན་རེ་གོན་ནས་ལྟོས་ཨ་་་་
ད་ཡིན་ན་ཐང་སྟོང་རྒྱལ་བོས་བོད་ཡིག་ལ་མཐོང་ཆུང་གཏོང་གི་འདུག་ཀ་་་་་ཚོགས་པ་འདི་གང་ན་འདུག་་་ངས་གསར་བསྒྲིགས་ཤིག་ཁུར་ནས་ཚོགས་གཙོ་ཏག་ཏག་བཟོ་ཡོང་ཨ་་་་འདི་ཚོར་སྒོར་མོ་མ་གཏོགས་ཅི་ཡང་བསམ་རྒྱུ་མེད་ཀི་་་རྗེས་མར་ངས་ཚོགས་གཙོ་དང་དྲུང་ཡིག་གི་པར་ཞིག་འདིའི་ཐོག་ཏུ་འཇོག་རྒྱུ་ཨེ་རེག་བལྟ་ཡོང་་་་དེ་དུས་ཡིན་ད
སྔོན་མ་ནས་ཐང་སྟོང་གླུ་གར་མ་རེད་ཐང་ཁྲོམ་གླུ་གར་རེད་
མི་ཚང་མས་ད་ག་རང་གླེང་གི་འདུག་།
བུ་མོ་མོ་གསར་ཚང་མ་བསྡུས་ནས་ཐང་ཁྲོམས་བསྟན་ནས་དཔལ་འབྱོར་བཟོ་
མཁན་དེ་མ་རེད་དམ་།
ཁྲོ་གཏུམ་ལགས་ཀྱིས་ཁ་ཚ་དགོས་གཏུགས་ཀྱི་རྩོམ་ཡིག་ཅིག་བྲིས་འདུག གནའ་ནས་ད་བར་དུ་བོད་ཀྱི་རིག་གཞུང་གི་མིང་བཙོང་ནས་ཡོང་བའི་ཐང་སྟོང་གླུ་གར་ཚོགས་པ་ཟེར་བ་འདི། དོན་དངོས་ཀྱིས་བོད་ཀྱི་རིག་གཞུང་འཕྲོ་ལྷག་ཏུ་གཏོང་མཁན་གྱི་ཚོགས་པ་ཞིག་ལས། བོད་པ་ཕན་པའི་ཚོགས་པ་ཞིག་ཅི་བས་མིན་པ་རྡ་སར་འཁོད་པའི་མི་ཚང་མས་ཤེས་གསལ་རེད། ལྷག་དོན་ད་རེར་ཡང་བཙོང་བའི་སྒང་ལ་བཅོམ་ནས་ཡོང་ན། ངེས་པར་དུ་ཐེར་འདོན་བྱ་དགོས་པ་གོར་མ་ཆགས་པ་ཞིག་རེད་བསམ། དེའི་ཕྱིར་ཁྲོ་གཏུམ་ལ་ཐུགས་རྗེ་ཆེ་ཞུ།
ཐང་ཁྲོམས་གླུ་གར་གྱི་འགྲོ་དོན་ནུབ་ཕྱོགས་ལ་འདུག་།
ཌོ་ལར་ཌོ་ལར་ཌོ་ལར་།
གཞིས་ཆགས་ནང་ཐང་ཁྲོམསགླུ་གར་སླེབས་པ་གོ་མ་མྱོང་།
གོང་གི་སྙན་ཞུ་ཡི་གེ་དེ་རང་མོས་སྙན་ངག་ཅིག་ཏུ་རྩིས་ན་འགྲིག
གང་ཡིན་ཟེར་ན། ཡི་གེ་དེ་བསྐུར་ས་རྡ་ས་ས་གནས་འགོ་འཛིན་ལ་བཏང་བའི་ཡི་གེ་ཞིག་རེད་འདུག་རྡ་ས་ས་གནས་འགོ་འཛིན་གྱི་བོད་ཡིག་གནས་ཚད་ལ་སྙན་ཞུ་དེ་ལས་ལྷག་པ་ཞིག་ཅི་དགོས།
དེས་བསྐུར་སའི་ཤེས་ཚད་ལ་དམིགས་པའི་ཡི་གེ་དྲང་དོན་ཅན་ཞིག་བསྐུར་འདུག་
ཧཧཧཧ
ཁྲོ་གཏུམ་ལགས་གཞི་ནས་ཡི་གེ་དེ་གསལ་བོ་ཞིག་མཐོང་སོང་ཐུགས་རྗེ་ཆེ། ཐང་སྟོང་ངམ་ཡང་ན་ལྕག་ཟམ་པ་ཟེར་བའི་ཚོགས་པ་འདི་བོད་ཡིག་དང་བོད་སྐད་ལ་གདེང་འཇོག་དང་རྩི་་མཐོང་མེད་ལ། མགོ་སེར་དང་དབྱིན་སྐད་ཞིག་ལ་རེ་བ་དང་མདུན་ལམ་བཅོལ་མཁན་ཞིག་རེད་བསམ་སོང་། ས་ཆ་གང་དུ་སོང་ཡང་ཚོགས་པ་འདི་ཐར་ཐོར་རེ་འདུག། འདྲེ་དཀར་ཞིག་དང་ལྷ་མོ་ཞིག་གི་གཙོས་གཞས་དང་ཞབས་བྲོ་ཁ་ཤེས་ཞིག་འཁྲབ་རྒྱུ་འདུག་མོད་དེ་དག་ནི་རྣམ་པའི་ཆ་ནས་གོ་རྒྱུ་དང་རྟོགས་རྒྱུ་ཅི་ཡང་མི་འདུག་ལ། ངོ་བོའི་ཆ་ནས་འགྱུར་བ་གཏོང་རྒྱུ་དང་ཡར་རྒྱས་འགྲོ་རྒྱུ་གཏན་ནས་མེད་པ་ཞིག་རེད་སྙམ། དུས་རབ་བཅུ་དགུའི་ལོ་རབ་ཉི་ཤུ་ཡས་མས་ནས་བཟུང་ད་ལྟ་བར་དུ་ཚིག་གཅིག་དབྱངས་གཅིག་ལྡོག་བྲོ་གཅིག་དེ་འདར་མ་འདར་ཞིག་གི་ངང་གནས་དང་གནས་བཞིན་རེད་དོ།།
དྲ་གྲོགས་མི་ཉུང་བ་ཞིག་གི་མིག་ནང་དུ་མཐོང་བ་ཚང་མ་ལྡོག་པྱོགས་ཁོ་ན་རེད། ད་འོ་ན། བཙན་བྱོལ་ནང་ཡོད་པ་དེ་ག་རེ་འདུག་གཅིག་ཤོད་དང་།
རྡ་ས་ས་གནས་འགོ་འཛིན་མཆོག་གི་སྙན་ལམ་དུ་ཆེད་ཞུ།
ཐང་སྟོང་གླུ་གར་བོད་ཀྱི་འཁྲབ་སྟོན་ཚོགས་པ་དང་འབྲུག་ནང་གནས་སྟོད་སྒྲ་དབྱངས་ཚོགས་པ་གཉིས་ནས་ཞུ་རྙིང་དུ་རང་རིགས་བོད་ཀྱི་ལྷ་མོའི་རྒྱུ་རྩལ་ཆོས་རྒྱལ་བྲི་མེད་ཀུན་ལྡན་འཁྲབ་གཞུང་གློག་རྙན་ལམ་ནས་འཁྲབ་སྟོན་ལེགས་སྒྲུབས་གྱི་ཕྱི་༢༠༡༥ཕྱི་ཟླ་༣་ཚེས་༥་ཉིན་མཛད་སྒོ་དང་མཛད་འགོ་ཐོག་སྐུ་མགྲོན་བཙན་བྱོལ་བོད་མི་སྒྲིགས་འཛུགས་ཀྱི་མང་བཙོའི་ཀ་བ་གསུམ་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད་རྣམ་པ་སྐུ་མགྲོན་དུ་ལྡན་ཞུ་གྱི་ལས་ཁུངས་སོ་སོའིོ་ལས་བྱེད་རྣམ་ནས་སོ་སོའི་(ID)མཉམ་དུ་ཡོད་པ་ཞུ།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་མཆོག་གྱི་གློག་རྙན་དབུ་འབྱེད་དང་འབྲེལ་གཟིགས་འབུལ་ཞུ་རྒྱུ་ཡིན།
ཕྱི་ལོ་༢༠༡༥ཟླ་༣་ཚེས་༦གཟུངས་ནས་ཚེས་༩་དབར་བཞུགས་སྒར་ཁུལ་དུ་བོད་མི་ཡོངས་དང་གཞན་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་འཕྲོ་ཆམ་རྣམ་ལ་རིམ་པའི་གཟིགས་འབུལ་ཞུ་རྒྱུ་དང་བཅས།
དབར་སིང་སྒྲུབ་འཚམ་ལ་སྐུ་མགྲོན་གཙོ་བོ་མཆོག་ནས་གློག་རྙན་དང་འབྲེལ་བའིོ་བཀའ་སློབ་གསུངས་བཤད་ཚོགས་ཡུལ་ཟློས་གར་ཚོགས་ཁང་ནང་ཆེུ་༦/༣༠/ཐོག་མཛད་སྒོ་སྐུ་ཉིད་སྐུ་མགྲོན་དུ་ངེས་ཕེབས་ཡོང་བ་ཞུ།།
ཐང་སྟོང་གླུ་གར་ལས་ཁུངས་ནས་ཕྱི་༢༠༡༥ཟླ་༣་ཚེས་༢་ལ་ཕུལ།།
# 23 མིག་དམར་རྡོ་རྗེ།་ལགས་ཀྱིས་མཆན་བཏབ་པ།:
March 6th, 2015 at 8:35 PM
རྡ་ས་༼རྡ་སའི༽ས་གནས་འགོ་འཛིན་མཆོག་གི་སྙན་ལམ་དུ་ཆེད་ཞུ།
ཐང་སྟོང་གླུ་གར་བོད་ཀྱི་འཁྲབ་སྟོན་ཚོགས་པ་དང་འབྲུག་ནང་གནས་སྟོད་༼སྡོད༽སྒྲ་དབྱངས་ཚོགས་པ་གཉིས་ནས་ཞུ་རྙིང་དུ་༼ཞུ་སྙིང༽རང་རིགས་བོད་ཀྱི་ལྷ་མོའི་རྒྱུ་རྩལ༼སྒྱུ་རྩལ༽་ཆོས་རྒྱལ་བྲི་༼དྲི་མེད༽མེད་ཀུན་ལྡན་འཁྲབ་གཞུང་གློག་རྙན་༼གློག་བརྙན༽ལམ་ནས་འཁྲབ་སྟོན་ལེགས་སྒྲུབས་གྱི་༼ལེགས་གྲུབ་ཀྱིས༽ཕྱི་༼ཕྱི་ལོ༽༢༠༡༥ཕྱི་ཟླ་༣་ཚེས་༥་ཉིན་མཛད་སྒོ་དང་མཛད་འགོ་༼མཛད་སྒོའི༽ཐོག་སྐུ་མགྲོན་༼དུ༽བཙན་བྱོལ་བོད་མི་༼བོད་མིའི༽སྒྲིགས་འཛུགས་ཀྱི་མང་བཙོའི་༼གཙོའི༽ཀ་བ་གསུམ་ཀྱི་༼གསུམ་ལྡན་གྱི༽མཛད་གཙོ་རྣམ་པ་དང་ལས་བྱེད་རྣམ་པ་སྐུ་མགྲོན་དུ་ལྡན་༼གདན་ཞུས་ཀྱིས༽ཞུ་གྱི་ལས་ཁུངས་སོ་སོའིོ་ལས་བྱེད་རྣམ་ནས་སོ་སོའི་(ID)མཉམ་དུ་ཡོད་པ་ཞུ།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་མཆོག་གྱི་གློག་རྙན་༼གློག་བརྙན༽དབུ་འབྱེད་དང་འབྲེལ་གཟིགས་འབུལ་ཞུ་རྒྱུ་ཡིན།
ཕྱི་ལོ་༢༠༡༥ཟླ་༣་ཚེས་༦གཟུངས་ནས་༼ནས་བཟུང༽ཚེས་༩་དབར་༼བར༽བཞུགས་སྒར་ཁུལ་དུ་༼གྱི༽བོད་མི་ཡོངས་དང་གཞན་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་འཕྲོ་༼སྤྲོ་འཆམ་པ་༽ཆམ་རྣམ་༼རྣམས༽ལ་རིམ་པའི་༼པས༽གཟིགས་འབུལ་ཞུ་རྒྱུ་དང་བཅས།
དབར་སིང་༼བར་གསེང་གྲུབ་མཚམས༽སྒྲུབ་འཚམ་ལ་སྐུ་མགྲོན་གཙོ་བོ་མཆོག་ནས་གློག་རྙན་༼བརྙན༽དང་འབྲེལ་བའིོ་༼བའི༽བཀའ་སློབ་གསུངས་༼གསུང༽བཤད་ཚོགས་ཡུལ་ཟློས་གར་ཚོགས་ཁང་ནང་༼ཚེས༽ཆེུ་༦/༣༠/ཐོག་མཛད་སྒོ་སྐུ་ཉིད་སྐུ་མགྲོན་དུ་ངེས་ཕེབས་ཡོང་བ་ཞུ།།
ཐང་སྟོང་གླུ་གར་ལས་ཁུངས་ནས་ཕྱི་༼ཕྱི་ལོ༽༢༠༡༥ཟླ་༣་ཚེས་༢་ལ་ཕུལ།།
༼ངོ་མ་ཡིག་ནོར་བྲིས་ནོར་དག་ནོར་བརྗོད་ནོར་ཞུ་ནོར་ལ་ལྟས་ན་ངུ་ཤོར་དགོས་པ་འདུག ཧུཧུཧུཧུ། ད་དུང་ངས་བྲིས་ནོར་དང་དག་ནོར་ཁག་ཅིག་ལ་བཅོས་པ་ལས་བརྗོད་ནོར་ཞུས་ནོར་ཚིག་སྦྱོར་གྱི་སྐོར་ལ་བཅོས་པ་སོགས་གང་ཡང་བྱས་མེད། བྱུང་ན་མཆན་བུ་བ་དང་རྩོམ་པ་པོ་རྣམས་ཀྱིས་གོང་གི་གསལ་བསྒྲགས་སམ་སྙན་ཞུར་བཅོས་ལེགས་པོ་ཞིག་བྱས་ནས་ཐང་སྟོང་གླུ་གར་ཚོགས་པའི་ལས་ཁུངས་ལ་གཏོང་ཐུབ་ན། ཧ་ཅང་ལེགས་དེ་མིན་སླར་ཡང་འདི་མུར་འགྲོ་ངེས་རེད།༽
སྒྲུབ་ཐོབ་ཐང་སྟོང་ལ་མཚན་སྨད་མ་ཞུ་།
ཐང་སྟོང་གླུ་གར་མ་རེད་།
ཐང་ཁྲོམས་དཔལ་འབྱོར་འདུ་འགོད་རེད་།
ཡིག་ནོར་དང་ཚིག་ནོར་བརྗོད་བྱ་ནོར་བ་སོགས་་ལ་གང་ཡང་ཡོད་མ་རེད་།
ཐང་ཁྲོམས་ལ་དངུལ་བཟོ་ཐུབ་ན་གཞན་ཚང་མ་རྐུབ་འོག་འཇུག་གི་རེད་།
བརྡ་དང་ཐ་སྙད་གང་ཞིག་བོད་སྐད་ནང་སྒྲ་བསྒྱུར་བྱས་ཚེ་ཁུངས་འདེད་དགོས།
འདོན་སྤེལ། ༢༠༡༥/༠༣/༠༧
དེང་སྐབས་བརྒྱུད་ལམ་ཁག་ཏུ་རྒྱ་ཡིག་དང་དབྱིན་ཡིག་སོགས་ལས་རྩོམ་ཡིག་དང་གསར་འགྱུར་མང་པོ་ཞིག་བོད་བསྒྱུར་བྱེད་ཀྱིན་ཡོད་སྟབས། གསར་འགོད་པས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཚན་པའི་འགན་འཛིན་ཀརྨ་སྨོན་ལམ་ལགས་སུ་ད་ལྟའི་བོད་སྐད་ཡིག་དང་ལོ་ཙཱའི་གནས་སྟངས་སྐོར་བཅར་འདྲི་ཞུས།
http://www.tibettimes.net/news.php?showfooter=1&id=9823