ཨེ་མ་ཧོ།
ན་མོ་གུ་རུ་བི་ན་ཡ་ཀ་ཡེ།
སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སུ་བསྙེན།།
ཐོས་བསམ་སྒོམ་ལས་འཇིག་རྟེན་བྱ་བ་བཏངས།།
ངེས་འབྱུང་རྣལ་མས་ཆོས་བརྒྱད་དགྲ་ཇག་བཅོམ།།
བདེན་བཞིར་བླང་དོར་མཛད་པའི་དགེ་སྦྱོང་མཆོག།
རྣམ་དག་རབ་ཏུ་བྱུང་རྣམས་གཙུག་ན་རྒྱལ།།
འདོད་ཡོན་རྣམ་ལྔའི་ཕྱོགས་ལ་དུག་བཞིན་ལྟ།།
བྱང་ཕྱོགས་སོ་བདུན་ཉིན་མཚན་བར་མེད་སྒོམ།།
བར་མ་རབ་བྱུང་དགེ་ཚུལ་དགེ་སློང་སྤྱོད།།
ཉན་ཐོས་རང་རྒྱལ་དགྲ་བཅོམ་མངོན་གྱུར་འབྲས།།
ཚུལ་བཞིན་མཛད་པའི་ཤྰཀྱའི་དགེ་སྦྱོང་རྒྱལ།།
ཁྱིམ་ནས་ཁྱིམ་བདག་མེད་པར་རབ་ཏུ་བྱུང་།།
འདོད་ཆུང་ཆོག་ཤེས་འཕགས་པའི་དགེ་འདུན་རིགས།།
བཤད་སྒྲུབ་བསྟན་པ་འཛིན་སྐྱོང་སྤེལ་བའི་མགོན།།
འགྲོ་བ་ལྷ་མིར་བཅས་པའི་མཆོད་གནས་མཆོག།
ཆོས་གོས་རྣམ་གསུམ་གསོལ་མཛད་རབ་བྱུང་རྒྱལ།།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་ཆོ་འཕྲུལ་ཟླ་བའི་ཟླ་བ་ཉ་ཡོངས་སུ་གང་བའི་དུས་ལ་དྲ་ཐོག་ནས་རྫོགས་ཆེན་པདྨ་སྐལ་བཟང་གི་མིང་འཛིན་པས་སྲོག་བླུ་ཁྲི་འབུམ་གནང་བའི་དམ་བཅའ་བཅས་སྐུལ་ངོར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཤྲྰིཿཨེ་མ་ཧོས་བྲིས་པར་དགེའོ།། །།
གཞན་གནོད་གཞི་དང་བཅས་སྤངས་ཤིང་། །
སོ་ཐར་སྡོམ་ལྡན་དགེ་ཚུལ་སློང་། །
བྱང་སེམས་སྡོམ་ལྡན་བླ་མ་དང་། །
གསང་སྡགས་སྡོམ་ལྡན་རབ་འབྱུང་རྒྱལ། །
སོར་སྡོམ་ཙམ་སྡན་དགེ་སློང་དང་། །
སོར་བྱང་གཉིས་ལྡན་དགེ་སློང་ཡོད། །
གསང་སྔགས་རྡོར་ཐེག་དགེ་སློང་སྟེ། །
དགེ་སློང་རྣམ་གསུམ་ཤེས་པར་བྱ། །
དགེ་བསྙེན་རིག་པ་འཛིན་པ་དང་། །
དགེ་ཚུལ་རིག་པ་འཛིན་པ་གཉིས། །
དགེ་སློང་རིག་པ་འཛིན་པ་གསུམ། །
ཕྱི་མ་ཕྱི་མ་ལྷག་པར་གསུངས་། །
ཆོས་གོས་རྣམ་གསུམ་གོན་པ་ཤཱཀྱའི་རྗེས་འཇུག་ལགས།
དེ་མིན་ལུང་དང་མ་མཐུན་བོད་རྒྱུད་རབ་བྱུང་གོས།
ད་ནས་བཟུང་སྟེ་དེ་དག་སྤོང་ལ་རྣམ་གསུམ་གོས།
ལུས་ལ་འཆང་བར་མཛོད་དང་ཆོས་ཀྱི་གྲོགས་པོ་ཚོ།
ཡག་པོ་འགའ་བྲིས་འདའ་།
ལས་མེད་མིན་ན་དགའ་།
དེང་སང་བོད་པ་ཚོ་ཕྱི་རྒྱལ་ཕྱིན་།
མགོ་སེར་ཕོ་མོ་མ་རག་།
ཟམ་པ་དང་ལམ་གྱི་ཟུར་ལ་ཟས་ལས་གང་ཡང་མེད་པར་སློང་ཟས་ཟ་མཁན་མང་
པོ་ཡོད་པའི་སྐད་ཆ་གོ་ཡོང་གི་འདུག་གོ་།
ཉི་མ་མ་འཁྱོལ་བའི་གླེང་གཏམ་འདྲ་བཤད་།
དྲ་རྒྱའི་ནང་ལ་ཆོས་པ་ཡང་དག་གཅིག་ནམ་ཡང་ཕེབས་ཀྱི་མ་རེད་དོ་།
བསྟོདཔས་དགའ་བར་མི་རྒྱུར་ཞིང་།
སྨད་པས་མི་དགའ་མི་རྒྱུར་ཞིང་།
རང་གི་ཡོན་ཏན་ལེགས་སྤེལ་ན་།
སྐྱེས་བུ་དམ་པའི་ཚན་ཉིད་ཡིན་།
གང་ཟེར་་་་རྫོགས་ཆེན པདྨ་སྐལ་མིང་འཛིན་པས་ཟེར་དོན་གང་རེད་་་་་ཞུ་བ་པོ་གསལ་བཤད་ཅིག
བི་ན་ཡ་ཀ་སྣོལ་བའི་གདན་སྟེང་ན་།
བི་ན་ཡ་་ཀ་ཟེར་ན་གང་རེད་།
བི་ན་ཡ་ཀ་ནི། སྤྱན་རས་གཟིགས་དྲག་ཏུ་ཁྲོས་པའི་དགོན་པོ་ཕྱག་དྲུག་གི་ཞབས་འོག་གི་གདོན་གཟུགས་སུ་བྲིས་པའི་མཚོ་བདག་གླང་ཆེན་འདྲ་བོ་དེ་ཡིན་སྲིད། ཡག་པོ་མི་ཤེས།
རང་གིས་རང་ལ་བསྐུལ་ཅིང་ཞུས་པ་རེད་དོ།
ཡིག་སྐྱོན་ཡོད་མེད་ལ་མ་ལྟོས་པར་ཡག་པོ་བྲིས་འདུག
རྫོགས་ཆེན་པདྨ་སྐལ་བཟང་ཟེར་བ་ན་ནིང་ཁམས་མི་ཉག་ཏུ་འཁྲུགས་འཛིངས་བརྒྱགས་མཁན་དེ་མིན་ནམ
xxxxx བི་ན་ཡ་ནི་འདུལ་བ་ལ་གོ ཀ་སྲུང་བ་གོ་བ་མིན་ནམ། དེས་ན་འདུལ་སྡོམ་ཞེས་པ་མིན་ནམ་སྙམ། དཔེར་ན། བི་ན་ཡ་སཱུ་ཏྲ། འདུལ་བའི་མདོ། བི་ན་ཡ་ཀ འདུལ་སྡོམ་ལ་འགྲེལ་བར་བམ་པོ་དང་པོ་ལས་གསལ།།
ཚེ་ཐར་ཕན་ཡོན་བཞུགས་སོ།
མཛད་པ་པོ་བྱ་བྲལ་སངས་རྒྱས་རྡོ་རྗེ།
༄༅། །བླ་མ་སངས་རྒྱས་ཚེ་དཔག་མེད། །བྱང་སེམས་སློབ་མར་བཅས་ལ་འདུད། །སྲོག་བསླུ་ཚེ་ཐར་བཏང་བ་ཡི། །ཕན་ཡོན་མདོར་བསྡུས་བཤད་པར་བྱ། །ཐུབ་པའི་རྗེས་འཇུག་ཐམས་ཅད་ཀྱིས། །བསམ་དང་སྦྱོར་བ་རྣམ་དག་གིས། །ལག་ཏུ་ལེན་བྱ་མ་ནོར་བ། །ཚེ་ཐར་གཏོང་དང་སྲོག་བསླུ་ཡིན། །མདོ་རྒྱུད་བསྟན་བཅོས་མང་པོ་ནས། །འདི་ཡི་ཕན་ཡོན་རྒྱ་ཆེར་གསུངས། །རྒྱ་བོད་མཁས་གྲུབ་རྒྱ་མཚོ་ཡིས། །འགྲོ་དོན་ཐུགས་གཙིགས་ཆེ་བར་མཛད། །ཐེག་དམན་པ་ཡང་གཞན་གནོད་སྤོང༌། །ཐེག་ཆེན་བྱང་སེམས་འཇུག་པ་ཡི། །བསླབ་བྱ་ཉིད་དང་གསང་སྔགས་ཀྱི། །རིན་ཆེན་རིགས་ཀྱི་དམ་ཚིག་གཙོ། །དེ་ཡི་རྒྱུ་མཚན་འཇིག་རྟེན་ན། །སྲོག་ལས་གཅེས་པ་འགའ་མེད་པས། །སྲོག་གཅོད་གོང་ན་སྡིག་གཞན་མེད། །དེ་ཕྱིར་ཚེ་ཐར་སྲོག་བསླུ་ལས། །ཕན་ཡོན་ཆེ་བ་འདུས་བྱས་ཀྱི། །དགེ་བའི་རྩ་བ་གཞན་ཡོད་མིན། །འདི་ཕྱིར་བདེ་ལེགས་འབྱུང་འདོད་ན། །ལམ་མཆོག་འདི་ལ་བརྩོན་པར་བྱ། །ལུང་རིགས་ཚད་མས་གྲུབ་པ་དང༌། །གེགས་དང་གོལ་ས་མེད་པའི་ལམ། །རང་གི་ལུས་ལ་དཔེ་བླངས་ནས། །གཞན་ལ་འཚེ་བ་སྤོང་འདི་ཡིན། །བྱ་ཉ་རི་དྭགས་གཡུང་དྭགས་དང༌། །འབུ་སྦྲང་ཡན་གྱི་སྲོག་ཆགས་རྣམས། །སྲོག་མི་གཅོད་ཅིང་ཚེ་ཐར་བཏང༌། །མི་འཇིགས་སྐྱབས་སྦྱིན་ལ་བརྩོན་བྱ། །འདི་ཡི་ཕན་ཡོན་བསམ་མི་ཁྱབ། །ཚེ་སྒྲུབ་མཆོག་ཏུ་འདི་འགྱུར་ཞིང༌། །གསོན་རིམ་གཤིན་དགེར་འདི་ལྷག་མེད། །ང་ཡི་འགྲོ་དོན་རྩ་བ་ཡིན། །འགལ་རྐྱེན་ཕྱི་ནང་བར་ཆད་སེལ། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ། །སེམས་བསྐྱེད་བཟང་པོས་ཟིན་པ་དང༌། །བསྔོ་སྨོན་དག་པས་མཚམས་སྦྱར་ན། །རྫོགས་སངས་རྒྱས་ལ་རེག་འགྱུར་ཞིང༌། །རང་གཞན་དོན་གཉིས་འགྲུབ་པ་ཡིན། །འདི་ལ་ཐེ་ཚོམ་བྱ་མི་དགོས། །བསོད་ནམས་དགེ་སེམས་ལྡན་པ་རྣམས། །རི་རྒྱ་ཀླུང་རྒྱ་བསྡམས་པར་བྱ། །ཁྱད་པར་བྱ་ལོང་ཁྲུང་ཁྲུང་ཁྱུ། །ལས་ཀྱིས་བསྐོས་པས་སྟོན་དཔྱིད་དུས། །ལྷོ་བྱང་འཕུར་བསྐྱོད་བྱེད་པ་ན། །གཤོག་རྩལ་ངལ་དུབ་ཆེ་བ་དང༌། །མཁའ་ལམ་སྟོར་ནས་སྐབས་འགའ་ལ། །ས་ལ་བབ་དགོས་བྱུང་བ་རྣམས། །མྱ་ངན་འཇིགས་སྐྲག་བག་མི་ཕེབས། །དེ་འདྲར་རྡོ་དང་མཚོན་བརྡེག་དང༌། །གསོད་གཅོད་གནོད་འཚེ་མི་བྱ་བར། །སྲོག་བསྐྱབ་བདེ་བར་འཕུར་དུ་གཞུག །མགོན་མེད་ཉམ་ཐག་སེམས་ཅན་ལ། །བྱམས་བརྩེས་ཕན་གཏགས་གང་ཡིན་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམས་དང་བསོད་ནམས་མཉམ་མོ་ཞེས། །དཔལ་ལྡན་ཇོ་བོ་རྗེ་དེས་གསུངས། །བླ་དཔོན་སེར་སྐྱ་ཕོ་མོ་རྣམས། །རང་ལ་དབང་བའི་ཡུལ་ལུང་དུ། །ནུས་དང་བསྟུན་ནས་སྲོག་བསླུ་དང༌། །ཚེ་ཐར་ལས་ལ་ཅི་ནུས་འབད། །གཞན་ལའང་གཞེན་བསྐུལ་འདེབས་པར་བྱ། །དེ་ལྟར་མཛད་ན་ཡུལ་ཁམས་སུ། །མི་ཕྱུགས་ནད་ཡམས་གོད་ཁ་ཞི། །ལོ་ལེགས་སྐྱ་རྒྱས་ཚེ་རིང་ཞིང༌། །བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང༌། །འཆི་ཁར་གནད་གཅོད་འཁྲུལ་སྣང་བྲལ། །ཕྱི་མར་བདེ་འགྲོའི་རྟེན་བཟང་ཐོབ། །མཐར་གྱིས་རྫོགས་བྱང་གོ་འཕང་མཆོག །བདེ་བླག་ཐོབ་འགྱུར་གདོན་མི་ཟ། །འདི་ནས་ཨེམ་ཆི་རྡོར་གྲགས་ཀྱིས། །ལྷ་རེག་དྲི་བྲལ་ནཻ་སྒོར་བརྒྱ། །ཕུལ་ནས་གསོལ་བ་བཏབ་པའི་ངོར། །བྱ་བྲལ་སངས་རྒྱས་རྡོ་རྗེ་ཞེས། །སྲོག་བསླུའི་ལས་ལ་རྟག་འབུངས་དེས། །གང་དྲན་ཡི་གེར་བྲིས་ཏེ་ཕུལ། །དགེ་བས་བྱང་ཆུབ་སྤྱོད་པ་ལ། །སེམས་ཅན་ཐམས་ཅད་འཇུག་པར་ཤོག །མ་མ་ཀོ་ལིང་ས་མནྟ།། །
༼བླ་མ་འདིས་སྲོག་བསླུ་བྲིས་གནང་འདུག ། སྲོག་བླུ་བྲིས་མི་འདུག །༽ སྔ་འགྱུར་བ་ཚོ་ལ་དགོངས་ཚུལ་གང་ཡོད་དམ། །
བོད་ཡིག་ཐོག་བྲིས་གནང་བ་དེ་ཚོ་ཡག་པོ་བཀླགས་ཡོད། གཞན་་་མ་མ་ཀོ་ལིང་ས་མནྟ་་་ཟེར་བ་དེ་ཚོ་ཆི་མི་ཤེས་ཀི་ཨ་རོགས། །
རྒྱ་གར་རྡོ་རྗེ་གདན་གྱི་བྲག་ཕུག་ནང་ལ་རྣལ་འབྱོར་པ་ཅིག་གིས་མགོན་པོ་ཕྱག་དྲུག་གིས་ཞལ་བསྟན་དུས། ཐོག་མ་ཞབས་ནས་ཡར་བསྟན་པས། ཁོང་གི་མཛད་པའི་མགོན་པོ་ཕྱག་དྲུག་པའི་བསྟོད་པའི་ནང་ལ།
ཧུམ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ོ། །
ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། །
ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །
ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །
གཡས་པ་་་་་་ སོགས་སོ།།
ཧུམ་དང་བི་ན་ཡ་ཀའི་ན་ཡིག་ལ་འ་ཆུང་འདུག་ཀྱང་འདིར་བསྟན་མ་ཐུབ་པར། དགོངས་དག་ཞུའོ།།
ལེགས་སྦྱར་དུ། བི་ནཱ་ཡ་ཀ་ ཞེས་པ་སངས་རྒྱས་ཤཱ་ཀྱ་ཐུབ་པའི་མཚན་གྱི་རྣམ་གྲངས་སུ། རྣམ་འདྲེན། ཞེས་བསྒྱུར། བི་ནཱ་ཡ་ཀ་ ཞེས་པ་ཚོགས་བདག་གླང་སྣ་ལ་ཡང་འཇུག་པས། དེའི་སྐབས་སུ། ལོག་འདྲེན། ཞེས་བསྒྱུར། ཚོགས་བདག་དེཉིད་མ་རུངས་པས་སྐྱེ་བོ་མང་པོ་ལ་གནོད་པ་སྐྱེལ་བ་ན། སྤྱན་རས་གཟིགས་ཀྱིས་འདུལ་དགོས་པ་ན། སྤྱན་རས་གཟིགས་རང་ཉིད་ཚོགས་བདག་གླང་སྣའི་གཟུགས་སུ་སྤྲུལ་ནས་འདུལ་བ་གཟིགས་ནས། དེ་ཉིད་ཀྱི་གཟུགས་སུ་སྤྲུལ་པར་མཛད། ད་ལྟ་བོད་རྣམས་ཀྱིས་ཚོགས་བདག་ལ་མཆོད་པར་བྱེད་པ་དེ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་ཚོགས་བདག་ལ་མཆོད་དོ་སྙམ། བདག་ཨ་རིར་ཡོད་དུས་གཅིག་ལ་ལོ་རྒྱུས་འདི་ལྟར་ཡོད་པ་ཨིན་སྐད་དུ་སྒྱུར་བའི་གྲོགས་བྱེད་པ་ན། དེ་ལྟར་མཐོང་། ད་ལྟ་བོད་དཔེ་དེ་བདག་གི་ལག་ཏུ་མེད་པས་དྲ་རྒྱ་ཀློག་པ་པོ་འགའ་རེ་ལ་འདི་ཉིད་ཀྱི་ཐུགས་རྒྱུས་ཡོད་ཤས་ཆེའོ།
ཧུམ་དང་བི་ན་ཡ་ཀའི་ན་ཡིག་ལ་འ་ཆུང་འདུག་ཀྱང་འདིར་བསྟན་མ་ཐུབ་པར། དགོངས་དག་ཞུའོ།།
ཀ་རྡོ་གཉེར་ཕྱག་པ་སོགས་ལ་ཞུ་བ། ཡི་གེ་གང་དང་གང་བརྩེགས་དགོས་ན། ཡི་གེ་གང་ཡིན་བརྒྱབས་རྗེས། གཡོན་ན། shift མནན་རྗེས། གཡས་ཕྱོགས་གོང་ན། སྐུ་རུ་ཁའི་འོག་ན། =མནན་རྗེས། གཡོན་ན། shift ལྷོད་པ་ན། ཡིག་འབྲུ་གང་དགོས་པ་ཡི་གེ་གོང་མ་དེའི་འོག་ཏུ་འཐོན། འདི་ལ་གཟིགས་་རྟོག་མཛོད་དང་། གཅིག་ན་ལམ་ལ་རྒྱུགས་ངེས།