ཨེ་མ་ཧོ།
ན་མོ་གུ་རུ་ཙིཏྟ་ར་ཛ་ཡེ།
ཕ་མེས་བརྒྱུད་པའི་རུས་པ་དུང་ལས་གྲུབ།།
མ་ལུས་མ་སྲིང་མོ་སྨན་འཚོ་སྐྱོང་བྱམས།།
བུ་གཅེས་སྲོག་གི་ཀ་བ་དཔའ་མཛངས་ཅན།།
སྡང་དགྲར་ངོ་དགའི་གཡོ་འཕྲུལ་གཏན་བྲལ་བའི།།
དཔའ་བོ་ཞལ་དཀར་གཉེན་ཉེ་སྤུན་ཟླའི་སྙིང་།།
དྲིན་ཆེན་ཕ་མའི་དཀའ་ཚེགས་བྱམས་བརྩེའི་མདངས།།
རང་གཤིས་བདེན་མཚུངས་དུང་བ་ཚུལ་འཆོས་དབེན།།
བྱས་ཤེས་དྲིན་བཟོ་མཁས་པའི་ན་གཞོན་ཚོགས།།
གདོང་དམར་རིགས་རྒྱུད་སྤེལ་མཁས་མཛེས་མཛངས་མ།།
དཔའ་མོ་བག་བྲོ་གངས་ཅན་འཛིན་མའི་རྒྱན།།
དགྲ་མགོ་ཐོག་གིས་གཏོར་པའི་དཔའ་བོ་དང་།།
རང་རིགས་གཙང་མ་སྤེལ་བའི་དཔའ་མོའི་རིགས།།
གངས་ལྗོངས་བསྟན་སྲིིད་སྐྱོང་བའི་དཔའ་ཐུལ་དག།
ལུགས་གཉིས་ཕུན་ཚོགས་ཕྱུག་པའི་གངས་སྲས་རྣམས།།
མིང་དོན་མཚུངས་པའི་དཔའ་བོ་དཔའ་མོ་རྒྱལ།།
ཞེས་པ་རབ་གནས་ཤིང་ལུག་དབོ་ཟླའི་དབང་ཕྱོགས་དགའ་བ་དང་པོར་མདོ་ཁམས་གྱི་དཔའ་བོ་རྡོ་རྗེ་ཚེ་བརྟན་གྱིས་སྐུལ་ངོར་ཀུན་བཟང་ཆོས་གླིང་རིག་པའི་དགའ་ཚལ་ནས་ཤྲྰི་ཨེ་མ་ཧོས་ཕུལ་བར་དགེའོ།། །།
ཕ་རུས་དཀར་པོ་དུང་ལས་སྒྲུབ་།
མ་རུས་སྔོན་པོ་གཡུ་ལས་སྒྲུབ་།
དུང་གཡུ་འཕྲད་པའི་བུ་བརྒྱུད་ཚོ་།
དགྲ་གུང་ཁྲན་ཐལ་བའི་སྡུལ་དུ་སློག་།
ཨེ་མ་ཧོ་ལ་ངོ་མཚར་ཆེ་།
ངོ་མཚར་ཆེ་བས་རྩོམ་ཡིག་སྙན་།
ཤེས་བྱ་རིག་པར་མཐའ་མེད་་ན་།
མུ་མཐའ་མེད་པའི་སྙན་རྩན་བྲིས་།
ནོར་བཅོས་།
མུ་མཐའ་མེད་པའི་སྙན་རྩོམ་བྲིས་།
གཞིས་ལུས་ཕོ་མོས་རྒྱ་ཁྱི་མ་བྱེད་ཅིག །
གཞིས་ལུས་ཕོ་མོས་རང་ལུས་མ་སྲེག་ཅིག །
གཞི་ལུས་ཕོ་མོས་ལ་རྒྱ་ལ་མ་བརྗེད་ཅིག །
གཞིས་ལུས་ཕོ་མོས་དོལ་རྒྱལ་མ་བསྟེན་ཅིག །
བཙན་བྱོལ་ཕོ་མོས་རྒྱ་ཁྱི་མ་བྱེད་ཅིག །
བཙན་བྱོལ་ཕོ་མོས་རང་ལུས་མ་སྲེག་ཅིག །
བཙན་བྱོལ་ཕོ་མོས་ལ་རྒྱ་ལ་མ་བརྗེད་ཅིག །
བཙན་བྱོལ་ཕོ་མོས་དོལ་རྒྱལ་མ་བསྟེན་ཅིག །
གསུམ་བཅུའི་དུས་དྲན་ཉིན་ལས་འགུལ་མ་སྤེལ་ཨཱ།
འདོན་སྤེལ། ༢༠༡༥/༠༣/༠༧
བལ་ཡུལ་ཀ་ཐ་མན་གྲུའི་རྫོང་དཔོན་ལས་ཁུངས་ཀྱིས་བལ་སྡོད་བོད་མི་ཚོར་ད་ལོ་སླར་ཡང་གསུམ་བཅུའི་དུས་དྲན་ལ་ལས་འགུལ་རྒྱུར་ཆོག་མཆན་སྤྲད་མི་འདུག
http://www.tibettimes.net/news.php?showfooter=1&id=9824
ཆོག་མཆན་མེད་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་རེད་་།
ཆོག་མཆན་ཞུས་ནས་ལས་འགུལ་ལ་ནུས་པ་གང་ཡང་ཡོང་རྒྱུ་མེད་པ་ནི་འདས་པའི་མི་ལོ་ལྔ་བཅུ་ལྷག་ཙམ་གྱི་ང་ཚོའི་བྱས་རྗེས་ལ་ཕྱི་མིག་བལྟས་ན་ཤེས་ཐུ་བ་སྐབས་རེ་རང་བཙན་དང་སྐབས་རེ་དབུ་མ་དང་ཡང་སྐབས་རེ་མི་རིགས་ས་གནས་རང་སྐྱོང་སོགས་ལང་ཕྱོགས་འདི་ཡིན་མེད་པར་གང་བྱུང་མང་བྱུང་བཤད་ན་མ་འོངས་པར་རྒྱ་གར་གྱི་ཡང་ཆོག་མཆན་ཁག་པོ་བྱེད་ཀྱི་རེད་དོ་། ད་དབུ་ལ་བཞུགས་མཁན་ཚོའི་ཟབ་ཟབ་མ་བྱས་ན་ལོ་རྒྱུས་ཀྱི་ཞ་མོ་དེ་ང་་རང་ཚོ་ལ་བཀོན་ཡོང་ངོ་། ད་སྐུ་མཁྱེན་ཟབ་ཟབ་་གནང་རོགས་ཐུགས་རྗེའི་གཟིགས་།
ཡག་པོ་བྲིས་འདུག ཡིན་ན་ཡང་ཨེ་མ་ཧོས་བོད་མི་གསོན་བསྲེག་མཁན་ལ་དཔའ་བོ་དཔའ་མོ་མི་ཟེར་བ་གང་ཡིན་ནམ།
རང་སྲོག་རྟ་རྔ་ཕྲ་མོ་འདི། གཅོད་མཁན་མི་ལ་སེམས་སྐྱོན་ཡོད། བསམ་མེད་འགའ་ཡིས་དཔའ་བོ་ཞེས། འབོད་པ་དེ་ནི་ཅི་མ་མཚར།།
xxxx
སྔོན་དུས་རྟ་ཟོག་ར་ལུག་བསྲེག།
དེང་དུས་མིའུ་གསོན་བསྲེག་བྱེད།།
གྲི་ཤི་རང་སྲོག་གཅོད་པ་ལ།།
དཔའ་བོ་དཔའ་མོ་ཅི་ཕྱིར་མིན།
རང་བྱུང་རིག་པའི་རྡོ་རྗེ་ཁྱེད།།
སེམས་སྐྱོན་ཕྲ་མོ་མ་ཡོད་ན།།
གསོན་བསྲེག་དྲ་རྒྱ་གསར་བ་དེ།།
བཟོ་དོན་དམིགས་ཡུལ་གང་ཡིན་ཤོད།
བོད་དོན་ཁ་ལ་ཁྱེར་བ་དང་།།
ཆོས་ལུགས་ལོག་པ་སྤྱོད་པར་ལ།།
དོལ་འདྲེར་མཆོད་པའི་ནང་འཁྲུག་དག།
མཐོང་ན་རྒྱལ་བའི་དགོངས་པ་ཁྲེལ།།
དལ་བརྟེན་མི་ལུས་རིན་ཆེན་འདི། །
རྙེད་དཀའ་ཉིན་མོ་སྐར་མ་འདྲ། །
དེ་ཕྱིར་ཆུད་ཟོས་མ་གཏོང་བར། །
དམ་ཆོས་ཡང་དག་སྒྲུབ་ལ་བརྩོན། །
རྒྱལ་ཁབ་མི་རིགས་ལ་རྒྱའི་ཆེད། །
རང་སྲོག་ཕངས་མེད་བཏང་ན་ཡང་། །
ལུགས་དང་མཐུན་པའི་ཆོས་དང་འགལ།
ཐུབ་པའི་ལུགས་ནི་དེ་བས་མིན། །
རང་སྲོག་བཏང་བར་དཔའ་བོ་ཞེས། །
འབོད་པ་དེ་ནི་བསླུ་བྲིད་ཡིན། །
རང་གི་རྣམ་དཔྱོད་རྩལ་བཏོན་ནས། །
རང་བཞན་ཀུན་ཀྱི་དོན་དུ་འབད། །
འདི་ནི་ངེད་ཀྱི་སྙིང་གཏམ་ཡིན། །