འབའ་སྲས།
སྟོབས་ལྡན་ཉི་མ་རི་བོའི་རྒྱབ་ཏུ་གཟིམས།།
ཟླ་བ་གཞོན་ནུས་གསེར་གོས་གྱོན་ནས་ཕེབས།།
ཆང་ཕོར་མདུན་ལ་བཞག་པའི་མཚན་མོ་འདིར།།
ཚོར་བའི་གྲུ་ཆེན་མཚོ་མོའི་ངོགས་སུ་བསྐྱོད།།
ཟླ་བའི་འོད་ཀྱིས་ཆང་ཕོར་དྭངས་པར་བྱས།།
བསིལ་བའི་རླུང་གིས་དྲི་བཟང་སྣ་བར་བསྐྱེལ།།
མཚན་མོའི་སེམས་པ་ཆང་གིས་སྐྱོམ་པ་ན།།
ནམ་མཁའི་རྒྱུ་སྐར་དག་ཀྱང་རིང་སར་བྲོས།།
ཞོགས་ཟེར་མཛེས་མའི་ཟུར་མིག་འཛུམ་འཛུམ་བྱེད།།
འདབ་ཡངས་དགོད་པའི་སྒྲ་ཡང་སྙན་པར་ཐོབ།།
ཆང་ཕོར་གང་གིས་སྐྱོམ་པའི་སེམས་པ་འདི།།
འཚོ་བའི་མཚོ་མོའི་ངོགས་སུ་ད་དུང་རྒྱུ།།
༠༦/༠༣/༡༥ ལས་ཀར་འགྲོ་ཞོར་ས་འོག་མེ་འཁོར་ནང་།