ཨ་མདོ་རྔ་བ་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་འདུག Posted on 2015-03-082015-03-08 By ཁ་བརྡ 6 Comments on ཨ་མདོ་རྔ་བ་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་འདུག ཕྱི་ལོ་༢༠༡༥ ཟླ་༣ ཚེས་༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་མཚན་མོར་བོད་མདོ་སྨད་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་བུད་མེད་ནོར་ཕྱུག་ལགས་ཀྱིས་བོད་བསྟན་སྲིད་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་མོ་རང་ལོ་༤༧ ཡིན་ཞིང་། དྷི་ཕུ་དགོན་གྱི་ལྷ་སྡེ་མ་ཎི་སྐྱབས་ཚང་གི་ཕ་ཚེ་བདག་དང་། མ་འོད་སྒྲོན་གཉིས་ཀྱི་བུ་མོ་ཡིན་པ་དང་། ཁྱོ་གའི་མིང་ལ་དཔལ་རྩལ་ཡིན་པ་ཁོང་གཉིས་ལ་བུ་ཕུན་ཚོགས་དང་། བུ་མོ་མང་ག བུ་མོ་ཚེ་འཛིན་སྐྱིད་བཅས་བུ་བུ་མོ་གསུམ་ཡོད་འདུག་ལ། ཁོང་མོས་ལོ་ཤས་གོང་ནས་༸གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་དམིགས་ནས་དམར་ཟས་རྩ་བ་ནས་སྤངས་ཡོད་འདུག ཁོང་མོས་མཚན་མོར་རང་ལུས་མེར་སྲེག་བཏང་བ་ཡིན་སྟབས་སྐུ་ཕུང་རྒྱ་ལག་ཤོར་མེད་ནའང་རྒྱ་གཞུང་གིས་བཙན་འཕྲོག་བྱེད་པར་དོགས་ནས་ཕྱི་ཚེས་༦ ཉིན་སྔ་དྲོ་ཕ་ཡུལ་གཅིག་པའི་མི་མང་གིས་འཕྲལ་དུ་ཞུགས་འབུལ་ཞུས་ཡོད་ཅིང་། ད་ཆ་ས་གནས་ཉེན་རྟོགས་པས་དམ་དྲགས་བྱེད་བཞིན་ཡོད་པས་དེ་ལས་ལྷག་པའི་ཞིབ་ཕྲའི་གནས་ཚུལ་ཅི་ཡིན་ཤེས་རྟོགས་མ་བྱུང་། ཁོང་མོ་རྔ་བ་རྫོང་ཁོངས་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཐེངས་སོ་བདུན་པ་དང་། རྔ་བ་རྫོང་ཁོངས་ནས་བུད་མེད་རང་ལུས་མེར་སྲེག་གནང་མཁན་ལྔ་པ་དེ་ཡིན་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༣ ཚེས་༨ ལ། གསར་འགྱུར།
བཙན་པོའི་སྟོབས་ནི་ཆེར་གྲགས་མོད།། ཁྲི་དམག་ཁྲི་དམག་ཐད་སོར་ལངས།། ད་ཆར་ཉམས་པར་ཆེར་གྲགས་མོད།། ཆིག་རྐྱང་ཁྲི་དམག་ཐད་སོར་བཞེངས།། གནའ་བོའི་དཔའ་རབས་རྡོ་ལ་བརྐོས།། ད་ཆར་སབ་སིབ་འུར་ཀྱིས་སྒྲོགས།། ད་ལྟའི་དཔའ་བོའི་རྣམ་ཐར་དག ། གསེར་ལ་བརྐོས་ཀྱང་ཚིམ་པར་དཀའ།།
གང་ན་དྲག་གནོན་ཡོད་ས་དེར།། དཔའ་བོ་འབྱུང་ཞེས་རྒྱ་ཡིས་གླེང་།། གྲངས་ཉུང་མི་རིགས་ཐམས་ཅད་ནི།། མི་རིགས་ཆེན་པོས་མནན་ལ་ལྟོས།།
ཨ་ཀྱེ་གླེན་མ་སྙིང་རྗེ་མོ། ། ནོར་འཁྲུལ་ཚབས་ཆེན་ཤོར་བ་དེ། ། དཔའ་བོ་ཞེས་པའི་མིང་སྐམ་པོ། ། ཁྱོད་ལ་སྟེར་འདོད་ཡེ་ནས་མེད། ། དལ་བརྟེན་མི་ལུས་རིན་ཆེན་འདི། ། རྙེད་དཀའ་ཉིན་མོ་སྐར་མ་འདྲ། ། དེ་ཕྱིར་ཆུད་ཟོས་མ་གཏོང་བར། ། དམ་ཆོས་ཡང་དག་སྒྲུབ་ལ་བརྩོན། ། རྒྱལ་ཁབ་མི་རིགས་ལ་རྒྱའི་ཆེད། ། རང་སྲོག་ཕངས་མེད་བཏང་ན་ཡང་། ། ལུགས་དང་མཐུན་པའི་ཆོས་དང་འགལ། ཐུབ་པའི་ལུགས་ནི་དེ་བས་མིན། ། རང་སྲོག་བཏང་བར་དཔའ་བོ་ཞེས། ། འབོད་པ་དེ་ནི་བསླུ་བྲིད་ཡིན། ། རང་གི་རྣམ་དཔྱོད་རྩལ་བཏོན་ནས། ། རང་བཞན་ཀུན་ཀྱི་དོན་ལ་འབད། ། འདི་ནི་ངེད་ཀྱི་སྙིང་གཏམ་ཡིན། །
ཕ་ཡུལ་དྲྭ་ངོར་དབྱིན་ཡིག་ནང་བཀོད་པའི་གསལ་བཤད་http://www.phayul.com/mobile/?page=view&c=1&id=35832 དང་འདིར་ཀིརྟི་གྲྭ་ཚང་བོད་གནས་འབྲེལ་མཐུད་པས་གསལ་བཤད་གཉིས་ཆ་དོན་མི་འདྲ་བ་རེད་འདུག།
རང་བསྲེག་བྱ་བ་རླབས་ཆེན་ངོ་མཚར་ཆེ་། རྒྱལ་ཁབ་མི་རིགས་རྩ་དོན་བསྔོ་བ་ཤོག་། ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་
བཙན་པོའི་སྟོབས་ནི་ཆེར་གྲགས་མོད།།
ཁྲི་དམག་ཁྲི་དམག་ཐད་སོར་ལངས།།
ད་ཆར་ཉམས་པར་ཆེར་གྲགས་མོད།།
ཆིག་རྐྱང་ཁྲི་དམག་ཐད་སོར་བཞེངས།།
གནའ་བོའི་དཔའ་རབས་རྡོ་ལ་བརྐོས།།
ད་ཆར་སབ་སིབ་འུར་ཀྱིས་སྒྲོགས།།
ད་ལྟའི་དཔའ་བོའི་རྣམ་ཐར་དག །
གསེར་ལ་བརྐོས་ཀྱང་ཚིམ་པར་དཀའ།།
ཨ་ཁ་ཁཁ་་ད་གང་དྲག བྱུང་ན་འདི་འདྲའི་གནས་མ་ཡོང་བ་ཤོག་་་
གང་ན་དྲག་གནོན་ཡོད་ས་དེར།།
དཔའ་བོ་འབྱུང་ཞེས་རྒྱ་ཡིས་གླེང་།།
གྲངས་ཉུང་མི་རིགས་ཐམས་ཅད་ནི།།
མི་རིགས་ཆེན་པོས་མནན་ལ་ལྟོས།།
ཨ་ཀྱེ་གླེན་མ་སྙིང་རྗེ་མོ། །
ནོར་འཁྲུལ་ཚབས་ཆེན་ཤོར་བ་དེ། །
དཔའ་བོ་ཞེས་པའི་མིང་སྐམ་པོ། །
ཁྱོད་ལ་སྟེར་འདོད་ཡེ་ནས་མེད། །
དལ་བརྟེན་མི་ལུས་རིན་ཆེན་འདི། །
རྙེད་དཀའ་ཉིན་མོ་སྐར་མ་འདྲ། །
དེ་ཕྱིར་ཆུད་ཟོས་མ་གཏོང་བར། །
དམ་ཆོས་ཡང་དག་སྒྲུབ་ལ་བརྩོན། །
རྒྱལ་ཁབ་མི་རིགས་ལ་རྒྱའི་ཆེད། །
རང་སྲོག་ཕངས་མེད་བཏང་ན་ཡང་། །
ལུགས་དང་མཐུན་པའི་ཆོས་དང་འགལ།
ཐུབ་པའི་ལུགས་ནི་དེ་བས་མིན། །
རང་སྲོག་བཏང་བར་དཔའ་བོ་ཞེས། །
འབོད་པ་དེ་ནི་བསླུ་བྲིད་ཡིན། །
རང་གི་རྣམ་དཔྱོད་རྩལ་བཏོན་ནས། །
རང་བཞན་ཀུན་ཀྱི་དོན་ལ་འབད། །
འདི་ནི་ངེད་ཀྱི་སྙིང་གཏམ་ཡིན། །
ཕ་ཡུལ་དྲྭ་ངོར་དབྱིན་ཡིག་ནང་བཀོད་པའི་གསལ་བཤད་http://www.phayul.com/mobile/?page=view&c=1&id=35832 དང་འདིར་ཀིརྟི་གྲྭ་ཚང་བོད་གནས་འབྲེལ་མཐུད་པས་གསལ་བཤད་གཉིས་ཆ་དོན་མི་འདྲ་བ་རེད་འདུག།
རང་བསྲེག་བྱ་བ་རླབས་ཆེན་ངོ་མཚར་ཆེ་།
རྒྱལ་ཁབ་མི་རིགས་རྩ་དོན་བསྔོ་བ་ཤོག་།
ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་