ཆང་སྐྱེས།
—-གསུམ་བཅུའི་དུས་དྲན་ཉིན་ཨ་རིར་བྱུང་བའི་བརྙན་པར་ཞིག་ལ་བལྟས་རྗེས
བརྙན་པར་ཐུང་ཐུང་འདི་ལ་ལྟ་ཞོར་ལྟ་ཞོར་ཏུ
ངོ་གདོང་གི་སྐྱི་པགས་ཚ་བས་བསྲེགས་སོང
ཡིད་སེམས་ཀྱི་དབང་བོ་དྲན་པ་ཐོར་སོང
ནམ་རྒྱུན ས་ཡ་དྲུག་གི་ལས་དབང་ཕྲག་ཏུ་འཁུར་བའི་དཔའ་རྒོད་ཚོ
དབྱངས་གསལ་སོ་བཞིའི་ཚེ་སྲོག་གི་དབུགས་རྒྱུན་སྲུང་བའི་དམ་པ་ཚོ
རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་སློབ་དམར་བོ་སྙིང་བཞིན་གཅེས་བའི
ཁྱོད་དང་ཁྱོད་ཚོ
ཁྱེད་ཅག་ངའི་ཡིད་སེམས་ཀྱི་རི་ལུང་རྩེ་ན
རི་བོ་ཧི་མ་ལ་ཡ་ཇི་བཞིན་བརྗིད་ཉམས་སྟོང་གིས་བཞུགས་ཡོད་ལ
ཕོ་བྲང་པོ་ཏ་ལ་ལྟར་གཟི་འོད་འབུམ་གྱིས་འཁྱིལ་ཡོད
ཡིན་ནཡང ང་རང་ནོར་འདུག
རྒྱུ་མཚན་ནི་ང་ཁྱེད་ཅག་ལ་ཆ་རྒྱུས་མེད་པས་སོ
དོན་ངོ་མ ཁྱེད་ཅག་ནི་ས་ཡ་དྲུག་གི་དར་ཆ་སྟོང་བའི་དབྱིངས་སུ་བསྒྲེངས་ཏེ
རང་དོན་རྐྱང་རྐྱང་འབད་པའི
ཆབ་སྲིད་པ་རྣལ་མ་ཁྱུ་ཞིག་རེད
ཁ་དཔེ་ལ
ནང་བཀྲ་མ་ཤིས་ན ཕྱིའི་དོན་མི་འགྲུབ་ཟེར་བ་བཞིན
ཁྱེད་རྣམས་པས་མཐུན་སྒྲིལ་གྱི་ལག་གདངལྷོད་པར
བཞུད་སོང་བའི་ཁྱོད་དང་བདག་གི་ཕུ་ནུ་མིང་སྲིང་ཞིག་བློ་ཕམ་བྱུང་ཡོད་ངེས
གཉའ་གནོན་དང་དཀའ་སྡུག་གི་འོག་ན་ཨུ་ཚུགས་ཀྱིས་འཚོ་བའིགཞི་ལུས་སྤུན་ཟླ་ཚོའི
སྤོབས་པ་ཞུམ་ཡོད་སྲིད
དམར་བོ་ཤོག་ཁག་གི་སྲིད་དོན་པ་ཚོའི་བསམ་དོན་འགྲུབ་ཡོད་ལགས
གོ་ལ་ཟླུམ་པོའི་མི་མང་ལ་དགོད་ཁ་བསླངས་ཡོད་འདུག
ངའི་སེམས་ཀྱི་དམ་པ་ཚོ
ཁྱེད་ཅག་གིས་འཛམ་གླིང་ཡོང་ལ་ལྟད་མོ་བཞག་འདུག
རྒྱ་ཟས་ཟ་མཁན་རེ་ཟུང་གིས་ཆེད་དམིགས་བཟོས་པ་ཨེ་ཡིན་ནམ་སྙམ་་་་དེ་མིན་ད་བར་དེ་འདྲའི་རྙོག་གླེང་ཞིག་ཡོང་ཡོད་པ་མ་རེད་་་་
བོད་རང་བཙན་ཁ་ནས་འདོན་ཆོག་གི་མེད་ན་དབུས་བོད་མིའི་སྒྲིག་འཛུགས་ནས་བཅའ་ཁྲིམས་ནང་བཀོད་ནས་མི་མང་ངོ་སྤྲོད་བྱེད་དགོས་པ་རེད་། ང་ཚ་མི་ཡུལ་དུ་རང་བཙན་བརྩོད་དུ་ཡོང་མེད་ན་ག་རེ་བྱེད་དུ་ཡོང་བ་རེད་གསལ་བཤད་གནང་དང་།
བརྙན་ཐུང་དེ་ཐེང་མང་བལྟས་ཀྱང་རྒྱུ་མཚན་ཁ་གསལ་མ་རག རྙོག་ཟིང་དེ་དབུ་ལམ་པ་དང་ཏང་བཙན་པ་གཉིས་ཀྱི་བར་ལ་ཡོང་ཡོད་པ་འདྲ་། རྙོག་ཟིང་གི་བྱེད་གཏེ་ནི་རེ་བའི་ནང་འཆི་ལ་རེ་བའི་ནང་ཡོད་ཚད་བརླགས་པའི་ཕུང་རྒན་མེག་ལོར་གན་ཇི་རུ་གནས་བཅའ་བའི་རོང་རྒན་དག་གི་ཕབ་ཕྲུག་ཚོ་ཡིན་པ་ལ་ཐེ་ཚོམ་མེད། གང་ལ་ཟེར་ན་ཁོ་ཚོས་ཁ་ནས་རྒྱལ་བ་རིན་པོ་ཆེ་ཟེར་ནས་སྤྱི་དོན་དང་ལ་རྒྱ་མཐུན་བསྒྲིལ་སོགས་གཏོར་བརླག་བཏང་པས་ངན་གོམ་ཡོད།
སུམ་དུས་ཐེངས་༥༦ པའི་དྲན་གསོ་ཞུ་སྐབས་ལོ་ལྔ་ཅུ་ང་དྲུག་སྔོན་གྱི་འབོད་སྐད་དེ་རྒྱག་དགོས་པ་ལས་སྐད་འབོད་གསར་པ་ཞིག་བོས་བ་ཡིན་ན་སུམ་ཅུའི་དུས་དྲན་མ་རྫོ་ན་ཡག
གནའ་ནས་ད་བར་བོད་མིའི་གྲངས་འབོར་ས་ཡ་དྲུག་ཟེར་བ་དེ་ཁྲིམས་ཀྱིས་གཏན་འབེབས་ཡིན་ནམ། ཡང་ན་གནའ་ནས་ད་བར་བོད་མིའི་མི་འབོར་ཞིབ་གཤེར་གཏན་ནས་བྱས་མ་མྱོང་བ་ཡིན། དེ་ལྟར་ན་གྲྭ་བཙུན་གྱི་ཞལ་གྲངས་ལས་སྐྱ་བོའི་གྲངས་གསལ་ཁ་མེད་པ་འདི། ལྷ་ཆོས་ལ་དགག་མཁན་ཚོས་ཅི་ལས་ཀྱིན་ཡོད་དམ།