ཡོང་ཁུངས། བོད་ཀྱི་བང་ཆེན།
ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་བླ་མས་སྡུག་སྤངས་དགེ་སྒྲུབ་ཀྱི་ལམ་ནས་རྒྱལ་ཁབ་ཁ་བྲལ་གྱི་ལངས་ཕྱོགས་མཚམས་འཇོག་དང་། མི་མགོ་སྐོར་གཏོང་བྱེད་ཀྱི་དབུ་མའི་ལམ་ཞེས་པ་མཚམས་འཇོག བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་རང་སྲེག་དང་གཏོར་བཤིག་གི་ལས་འགུལ་མཚམས་འཇོག་པའི་རེ་བ་ཡོད་ཅེས་བརྗོད་འདུག
ཕྱི་ཟླ་༣ པའི་ཚེས་༡༡ ཉིན་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་ཆེན་ཐེངས་གསུམ་པའི་གསར་འགོད་ལྷན་ཚོགས་ཐོག རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བརྗོད་དོན། “ཉེ་བའི་ལོ་ཤས་རིང་ཏཱ་ལའི་བླ་མ་རྒྱལ་སྤྱིའི་ཐོག་ཡང་ཡང་བསྐྱོད་བཞིན་ཡོད་ཀྱང་། ཁོང་མཇལ་མཁན་གྱི་མི་དང་ཁོང་གིས་ཐུག་འཕྲད་བྱ་སའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོའི་སྐོར་ལ་དོ་སྣང་ཆུང་ནས་ཆུང་དུ་འགྲོ་བཞིན་ཡོད། རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་རྒྱབ་སྐྱོར་དང་། བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་དོན་ཚན་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱས་ཡོད་སྟབས། བོད་ཀྱི་གནས་སྟངས་ཀྱང་བཟང་ནས་བཟུང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་ཏཱ་ལའི་བླ་མ་རྒྱལ་སྤྱིའི་ཐོག་རིན་ཐང་ཆུང་ནས་ཆུང་དུ་འགྲོ་བ་དང་། ཡང་ནས་ཡང་དུ་འགུལ་བསྐྱོད་མི་ཐུབ་པའི་རྩ་བའི་རྒྱུ་རྐྱེན་རེད།”
ཀྲུའུ་ཝེ་ཆོན་གྱིས་“ལོ་ཤས་སྔོན་ཏཱ་ལའི་བླ་མས་ད་དུང་ཁོང་གི་ཤུགས་རྐྱེན་བེད་སྤྱོད་དེ་བོད་ཁུལ་ས་ཆ་འགར་མི་ཁ་ཤས་རྒྱུད་སྐུལ་གྱིས་རང་སྲེག་བྱས་ཡོད་ཀྱང་། ད་ལྟ་མཐའ་ན་དེའང་སྒྲུབ་མི་ཐུབ་པར་གྱུར་ཡོད། མི་ཁ་ཤས་ཀྱིས་བཟང་ངན་མ་ཤེས་པར། གནས་སྟངས་དེ་ལྟ་བུའི་འོག་ད་དུང་ཏཱ་ལའི་བླ་མར་ཐུག་འཕྲད་དང་། ཁ་ལག་མཉམ་དུ་ཟ་བ་ནི་དོན་དངོས་སུ་ཁོང་ཚོས་ཁ་བྲལ་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཞིང་། ལྷག་པར་དུ་རྒྱ་ནག་མི་དམངས་ཀྱི་སེམས་ལ་ཕོག་ཐུག་བཏང་ཡོད།”
ཀྲུའུ་ཝེ་ཆོན་གྱིས་བརྗོད་རྒྱུར། དབུས་གཞུང་གིས་ཏཱ་ལའི་བླ་མ་དང་ལྷན་དུ་ཁོང་སྒེར་གྱི་མདུན་ལམ་གནད་དོན་ཕུད་པའི་གཞན་བོད་ཆེན་པོ་ཞེས་པ་དང་། ཆེས་མཐོའི་རང་སྲིད་རང་སྐྱོང་ཟེར་བ། བོད་ཀྱི་ལོ་རྒྱུས་ཀྱི་གོ་གནས་དང་ད་ལྟའི་གནས་སྟངས་སོགས་གང་གི་ཐོག་ལའང་གྲོས་མོལ་བྱ་མི་སྲིད།
དེ་བཞིན་ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་བླ་མས་ཡང་སྲིད་ལམ་ལུགས་མཚམས་འཇོག་བྱ་རྒྱུའི་སྐོར་བརྗོད་པ་དེས། ཆབ་སྲིད་དང་ཆོས་ལུགས་གཉིས་ཀར་རྒྱལ་འགལ་བྱས་ཡོད་ཟེར།
“ཏཱ་ལའི་བླ་མས་བསྐྱར་དུ་ཡང་སྲིད་འཁྲུངས་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ་ནི་དོན་དངོས་སུ་གཡོ་སྒྱུ་ཞིག་རེད། གང་ལགས་ཤེ་ན། བཙན་བྱོལ་བོད་གཞུང་ཟེར་བའི་འགོ་ཁྲིད་རྣམས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་མུ་མཐུད་གནས་པ་དང་། ཡང་སྲིད་མུ་མཐུད་འཁྲུངས་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་དེའི་ཐོག་ལ་སྐྱོན་བརྗོད་གང་ཡང་བྱས་མེད། དེར་བརྟེན་དོན་དངོས་སུ་དེ་ནི་ཟློས་གར་ཞིག་འཁྲབ་པ་དང་འདྲ་བར། གླེང་གཞི་དེ་བེད་སྤྱོད་ནས་དབུས་གཞུང་མགོ་སྐོར་དང་། འཛམ་གླིང་མི་མང་མགོ་སྐོར། རུ་ཚོགས་(དབུས་བོད་མིའི་སྒྲིག་འཛུགས་)ཀྱིས་མུ་མཐུད་དུ་ཏཱ་ལའི་བླ་མའི་མིང་སྟངས་འཛིན་ཐུབ་པ་བྱས་ཏེ། ཁོང་ཚོའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ངན་ཇུས་ལ་ཞབས་ཞུ་སྒྲུབ་ཆེད་རེད།”
སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་ནག་སྲིད་གཞུང་གིས་ཉེ་བའི་ཆར་མི་རིགས་སྲིད་ཇུས་ལ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་སྲིད་མིན་སྐོར་དྲིས་སྐབས། ཀྲུའུ་ཝེ་ཆོན་གྱིས་“རྒྱ་ནག་གསར་པ་དབུ་བརྙེས་ཏེ་མི་ལོ་༦༠ ལྷག་རིང་ལག་བསྟར་གྱིས་བདེན་དཔང་བྱས་པ་བཞིན། རྒྱ་ནག་གི་མི་རིགས་སྲིད་ཇུས་སྤྱིའི་ཆ་ནས་ཡང་དག་པ་དང་། ལམ་ལྷོངས་བྱུང་བ། མི་རིགས་སྲིད་ཇུས་ཀྱི་གྲངས་ཉུང་མི་རིགས་ཀྱི་རང་ཁྱིམ་རང་བདག་དང་། དཔལ་འབྱོར་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་སྲུང་སྐྱོབ་ཀྱི་རེ་འདུན་བཅས་བསྐངས་ཡོད་པ་མ་ཟད། དེ་དང་དུས་མཚུངས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱུང་ཡོད་”ཅེས་སོགས་བརྗོད་དེ། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་སྔ་ཕྱིར་བར་གསུམ་དུ་སྐྱོན་འཛུགས་དང་། དམའ་འབེབས་བྱེད་བཞིན་པའི་ཚིག་བརྗོད་དག་བསྐྱར་ཟློས་བྱས་འདུག།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
ད་ཡིན་ན་བྱས་མི་འདུག་གོང་ས་མཆོག་དབུས་པའི་དབུ་ལམ་པ་རྣམ་ལ་གདམ་ཁ་ཡང་ཐ་གང་ཡོད་ན། རྒྱ་གཞུང་གིས་དབུ་མ་ཟེར་བ་དོན་དངོས་ཐོག་རྒྱ་གཞུང་གི་དབང་འོག་འཛུད་རྒྱུ་ཡང་ངོས་ལེན་མེད་པ་བཟོས་ཚར་བ་རེད་དབུ་ལམ་པ་ཁྱོད་དང་ཁྱོད་ཚོ་འདྲ་བ་ལ་རྒྱ་གཞུང་གིས་གོ་སྐབས་སྦྱིན་གྱི་མ་རེད། ལར་ནས་དེང་སང་གླེང་མོལ་ལ་དབུ་ལམ་ཡང་དོར་ནས་གོང་ས་མཆོག་རི་བོར་རྩེ་ལྔར་ཕེབས་རྒྱུ་དེ་བོད་མི་རྒྱ་ཁོངས་ལ་འདུ་བའི་ཆ་རྐྱེན་རེད་ཟེར་གྱི་འདུག ད་མི་ལོ་ང་དྲུག་དེ་གང་གིས་ཆེད་གང་འདྲ་མྱང་ག་ཚད་ཤོར་། རི་བོ་རྩེ་ལྔ་མཇལ་བ་ལས་རྒྱ་གར་རྡོར་རྗེ་གདན་མཇལ་ན་བྱིན་བརླབས་ཇེ་ཆེ་རེད་ལ་རྟོག་པ་ཇེ་ཐོ་རེག་སྲིད། ཡིནའང???????????
ཉེ་ཆར་ནེའུ་ཡོག་ཏུ་གསུམ་དུས་སྐབས་དགྱ་དགའི་གླེང་རྙོག་བཟོ་མཁན་གྱི་བོད་མི་སྒེར་གཅོད་པ་ཡ་མཚན་ཅན་དེ་དག་གིས་བློ་མཐུན་ཀྲོའུ་ཝེ་ཆོན་གྱི་གཏམ་འདིར་ངེས་པར་ལྟོས་ཤོག
རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་བོད་རིགས་ནང་ཁུལ་དུམ་གཅོད་དང་འགལ་ཟླ་བཟོ་མཁན་གྱི་དགྱ་གྲོགས་མགོ་གཉིས་ཅན་ཚོས་བློ་མཐུན་ཀྲོའུ་ཝེ་ཆོན་གྱི་གཏམ་འདིར་ངེས་པར་ལྟོས་ཤོག
བོད་ཀྱི་བསྟན་སྲིད་གཉིས་ཀར་གཏིང་ནག་གི་འཆར་གཞི་ལྡན་པའི་སྒོ་ནས་རྩ་བསྣུབས་བྱེད་མཁན་དགྱ་གཞུང་གིས་དབུ་ལམ་ཅན་ཚོར་བསྐྱར་དུ་རྒྱ་མདུད་བཏབ་པ་འདིར་ངེས་པར་ལྟོས་ཤོག
ད་དབུ་ལམ་པ་དེ་ཚོ་xxx ད་ཁྱེད་ཚོ་རྒྱ་དམར་འོག་ལ་མགོ་འདོག་ས་རག་ས་མ་རེད་ཡ།
དབུ་མའི་ལམ་ཟེར་བ་དེ་འགྲུབ་ཡ་ཡོད་པའི་སྲིད་ཇུས་ཤིག་ཡིན་ཟེར་ནས་ཁ་བདེ་པོ་བཤད་བསྡད་མཁན་ཚོས་ལན་རྒྱབ་དགོས་པའི་དུས་ལ་བབ་འདུག་ག ཁ་ནང་མཛུབ་མོ་བཅུགས་ནས་སྡད་ན་ཡག་པོ་མ་རེད་བ། དད་ལྡན་བོད་རིགས་མི་དམངས་མགོ་སྐོར་གཏོང་ཡ་མཚམས་བཞག་ནས་གསལ་བཤད་བྱེད་དགོས་པའི་དུས་ལ་བབ་འདུག་ག
ཅིག་འགྲུབ་ཡ་ཡོད་མདོག་མདོག་དང་། གཞིས་བྱེས་མཉམ་འཛོམ་མགྱོགས་པོ་ཡོང་མདོག་མདོག་བཤད་ནས་དད་ལྡན་མི་དམངས་མགོ་སྐོར་གཏོང་གྱི་མཚམས་མ་བཞག་པ་ཡིན་ན་མཇུག་འབྲས་ངན་པ་ཡོང་གི་རེད་ད། དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་མང་པོ་རྒྱ་དགའ་མ་བཟོས་པ་ཡིན་ན་མ་འོངས་ཕུགས་རྒྱང་རིང་པོའི་བོད་མི་རིགས་ཀྱི་མདུན་ལམ་ལ་གནོད་ཀྱི་རེད་ད། བོད་མི་རིགས་ཀྱི་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་མེད་པའི་རྒྱ་དགའ་མ་ཤ་སྟག་ཆགས་སོང་བ་ཡིན་ན་བོད་བརླག་འགྲོ་གི་རེད་དོ།
རྒྱ་དགའ་མ་དེ་དག་ལ་བོད་རང་བཙན་མཁོ་ལེ་མ་རེད། བོད་ཆེན་པོའི་རྒྱལ་ཁབ་དགོས་ལེ་མ་རེད། བོད་མི་རིགས་ཀྱི་ལ་རྒྱ་ཡོད་ལེ་མ་རེད། ཕག་པ་དང་གཅིག་པ་རེད་ད།
རྒྱ་ལོ་དོན་འགྲུབ་ཟེར་བའི་མི་རྒན་xxདེས་ཏུན་ཞོ་ཕིང་གིས་རང་བཙན་མིན་པ་ཐམས་ཅད་གྲོས་མོལ་བྱེད་ཆོག་ཟེར་གི་འདུག་ཅེས་པའི་སྐད་ཆ་དེ་དག་ཁུངས་བསྐྱེལ་རན་འདུག་ག
དཔྱད་གཏམ། གསར་འགྱུར། བསམ་ཚུལ་བཅས་གང་གླེང་ཐམས་ཅད་ང་དང་ཁྱེད་ཀྱི་ཐོག་ཏུ་ཕྱིན་པ་དེ། རང་སྣང་མཐོ་ཞིང་བདག་ཏུ་འཛིན་པའི་བློས་བསྐྱེད་པ་ཡིན་པས། བདེན་པར་མ་གྲུབ། རྩོད་གཞི་མེད་པར་རྐང་བཙུགས་ནས། ཨུ་ཚུགས་བརྒྱབས་ནས། ལུས་ངག་འདར་ནས། ཚིག་མཚོན་བཏབ་ནས་རྩོད་པ་དེ། གཅིག་ན་ཀུ་རེ་ཡིན་སྲིད། གཉིས་ན་ཁོག་གི་མེ་ཡིན་སྲིད།
གསུམ་ན་ནང་རུལ་བ་ཡིན་སྲིད། བཞི་ན་ཕྱོགས་རེ་བ་ཡིན་སྲིད། གང་ལྟར་མང་གཙོའི་གཞུང་ནང་ཅི་བཤད། ཅི་བསམ། རང་དབང་ཚད་མཐོ་རེད། ཅི་ལས་ཟབ་ན་མ་གཏོགས། ཁྲིམས་ལ་ཐུག་ཡོང་།
xxx ད་ཁ་བཙུམ་དགོས་ན་དབུ་ལམ་ཚོ་བཙུམ་དགོས་ས་རེད། དབུ་ལམ་ཟེར་བའི་ལང་ཕྱོགས་དེ་བོད་མི་རིགས་ཀྱི་ཁྱད་དུ་མིན་པ་གསལ་པོ་རེད། ཁྱེད་ཚོའི་ལྟས་ན་དབུ་ལམ་ཟེར་བའི་མགོ་འདོག་རིང་ལུགས་དེ་ག་རེའི་ཁྱད་དུ་རེད་བསམ་་་་་་་་་
ཀྲུའུ་ཝེན་ཆོན་དང་། ད་ལྟའི་རྒྱ་གཞུང་གིས། ཡང་ན་རྒྱ་ཞིང་གི་བོད་རང་བཙན་སྤྲོད་དགོས་རེད། ཡང་ན། ཁ་བྲལ་འགྲོ་འདོད་མེད་ན། གཉིསསྨན་དབུས་ལམ་ཁས་བླངས་དགོས་རེད། དེ་གཉིས་གང་རུང་མ་བྱུང་གི་བར་དུ། གཞིས་བྱེས་གཉིས་ཀའི་ན་ལ་རང་བཙན་ལེན་འདོད་དང་། དབུས་ལམ་ཐོབ་འདོད་འདི་མུ་མཐུད་ནས་གནས་རྒྱུ་ནི། ཆོས་ཉིད་ཅིག་རེད་སྙམ་ལགས། དེས་ན། པོ་ལོ་དེ་རྒྱ་གཞུང་གི་ལག་ཏུ་ཡོད་རེད་དོ།།
གསར་འགོད་པ་ལགས་སུ་དགོངས་འགལ་མེད་པ་ཞུ། དབྱིན་ཡིག་ནང་ནས་བོད་ཡིག་ནང་བསྒྱུར་བ་ཡིན་ན་ཚིག་དོན་མང་པོ་ཞིག་ལ་ནོར་འཁྲུལ་ཤོར་འདུག དེ་བཞིན་དུ་རྒྱ་ཡིག་ནང་ནས་ཚུར་བསྐྱུར་བ་ཡིན་ནའང་ཨེ་ཤེ་ཡའི་རྒྱ་ཡིག་དང་བསྡུར་ན་ཚིག་དང་ནང་དོན་གང་ཐད་ནས་མགོ་མ་འཚོས་པའི་གནད་དོན་མང་པོ་ཞིག་འདུག མ་གཞི་རྒྱ་ནག་དམར་གཞུང་གི་ནམ་རྒྱུན་གྱི་བཤད་སྟངས་ཙམ་ལས་གནས་ཚུལ་གསར་པ་གང་ཡང་མི་འདུག་ལ་བསྒྱུར་སྟངས་ཀྱི་ཆ་ནས་ཀྱང་ཚིག་དོན་མགོ་མ་འཚོས་པ་དང། ནང་དོན་གྱི་ཆ་ནས་གནད་དོན་ངོས་མ་ཟིན་པ་སོགས་ཅི་སྙིད་ཅིག་འདུག་པས་དཀྲོག་གཏམ་དུ་མི་འགྱུར་བའི་རེ་བ་ཡོད།
བོད་མིའི་བསྒྲིག་འཛུགས་བློ་སྟོབས་ཆེན་པོ་རེད་ཡ། བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ཁས་མ་བླངས། བོད་མ་འོངས་པར་རྒྱ་ནག་གི་ཆ་ཤས་བྱ་ཆོག་ལབ་ན། རྒྱ་ནག་གཞུང་གིས་བོད་དེ་འཕྲོག་བཅོམ་བྱས་སོང་། མ་འོངས་པར་མ་འཕྲོག་པར་བརྩིས་ཆོག་ཟེར་བ་དང་གཅིག་མཚུངས་རེད།
ད་རྒྱ་ནག་གིས་མོག་མོག་ནང་བཞིན་ཟོས་བཞག་པ་དེ་བཞུ་ནུས་མི་ནུས་རང་ལ་གཏུགས་འདུག རྒྱ་ནག་གི་གྲོད་པུའི་མེ་དྲོད་ཀྱི་མ་བཏུབ་ན་རྒྱ་ནག་འཆི་སྲིད། བོད་པ་མོག་མོག་བཞིན་བསྡད་པ་ཡིན་ན་སྐྱག་པར་འགྱུར་སྲིད། ཨ་རིའི་བོད་པར་རང་བཙན་དགོས་ཀྱི་འདུག བོད་ཀྱི་བོད་པར་རང་དབང་དགོས་ཀྱི་འདུག
ང་རང་ཀྲུ་ཝན་ཆུན་ལ་དགའ་པོ་ཡོད། ཁོང་མི་དྲང་པོ་ཞིག་རེད། དཔེར་ན། ཁོང་གིས། “དབུས་གཞུང་གིས་ཏཱ་ལའི་བླ་མ་དང་ལྷན་དུ་ཁོང་སྒེར་གྱི་མདུན་ལམ་གནད་དོན་ཕུད་པའི་གཞན་བོད་ཆེན་པོ་ཞེས་པ་དང་། ཆེས་མཐོའི་རང་སྲིད་རང་སྐྱོང་ཟེར་བ། བོད་ཀྱི་ལོ་རྒྱུས་ཀྱི་གོ་གནས་དང་ད་ལྟའི་གནས་སྟངས་སོགས་གང་གི་ཐོག་ལའང་གྲོས་མོལ་བྱ་མི་སྲིད།”ཅེས་ལོ་མང་པོ་བཤད་སོང་།
ཡིན་ནའང་། སྔོན་མ་ང་ཚོའི་དམིགས་བསལ་སྐུ་ཚབ་དེ་ཚོས། ཚུར་ཡོང་ནས་བོད་པ་དང་ཕྱི་རྒྱལ་བ། དེ་བཞིན་རྒྱལ་བ་རིན་པོ་ཆེར། རྒྱ་ནག་གཞུང་གིས་དབུ་མའི་ཐོག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་བོད་པའི་དཀའ་ངལ་སེལ་འདོད་འདུག་ཅེས་རྫུན་ཤ་སྟག་བཤད་ནས། ཁོང་ཚོ་སྒེར་གྱི་གོ་གནས་ཉར་ཐུབ་ཆེད་དང་། དམིགས་བསལ་སྐུ་ཚབ་ཀྱི་རྐུབ་སྐྱག་དེ་ལ་ཇི་ཙམ་གྱི་བསྲ་བརྟན་ཡོང་རྒྱུར་ཐབས་ཤེས་དུ་མ་བྱས་སོང་ལ། ལོ་མང་པོ་ཉར་སོང་། ད་ལྟ་ཁ་སྟབས་འདི་རེད། xxx
རྒྱ་རི་རིན་པོ་ཆེས་ད་དུང་ཀྲུང་དབྱང་ལ་འབྲེལ་བ་བྱོས་དང་ལྟོ་སྟེར་གྱི་རེད་ཅེས་ཡང་སེ་རྒྱལ་བ་རིན་པོ་ཆེ་འདུག་ཆུག་གི་མིན་འདུག ཁོང་ག་དུས་རྒྱལ་བ་རིན་པོ་ཆེ་མཇལ་ནའང་ཀྲུང་དབྱང་དང་འབྲེལ་བ་བྱེད་དགོས་རེད་ཅེས་གསུངས་ནས། རྒྱལ་བ་རིན་པོ་ཆེ་རྒྱ་རི་རིན་པོ་ཆེ་དང་མཇལ་ཁ་གནང་རྗེས་མར་གཤམ་ལ་སྐད་ཆ་གཅིག་གསུངས་བ་སྟེ། རིན་པོ་ཆེ་འབྲེལ་བ་བྱེད་དགོས་རེད་ཅེས་ཡང་ཡང་གསུངས་ཀྱི་འདུག ད་འབྲེལ་བ་གང་འདྲ་ཟེར་བྱེད་དགོས་སམ་ལྟ་བུ་རེད།
རྒྱ་རི་རེན་པོ་ཆེ་ལགས་ད་ཆ་ག་རེ་གནང་གི་ཡོད་དམ་
ལྷོ་བ་ལགས། གོང་དུ་བོད་སྒྱུར་དེ་རྒྱ་དབྱིན་གྱི་མ་རྩོམ་དག་གི་བརྗོད་བྱ་དང་ཚིག་སྦྱོར་སོགས་དང་མ་འཚམས་པ་དང་ལྡོག་ཕྱོགས་ཀྱི་རིགས་འདུག་ན། འདི་དང་དེ་ཞིག་དག་པའི་ནོར་བཅོས་སམ་ངེས་འཛིན་གྱིས་བཤད་དགོས་པ་ལམ་མ་ཡིག་དང་མཐུན་གྱི་མི་འདུག། ཞེས་སྤོམ་བཤད་དེས་ཅི་ཡང་མི་ཕན། དེ་ནས་རྩོམ་ཡིག་འདིའི་བརྗོད་བྱ་དང་འབྲེལ་ནས་གླེང་རྒྱུ་དེ་རེད། དེ་ནི་བོད་རྒྱ་དཀའ་རྙོག་དང་གྲོས་མོལ་སྐོར་དེ་རེད།
༡༽ རྒྱ་བོད་གྲོས་མོལ་ལམ་འབྲེལ་བ་སྐོར་གྱི་གནས་ཚུལ་བྱུང་ཁུངས་དངོས་ནི། ༡༩༧༩ ལོར་རྒྱལ་ལོ་དོན་འགྲུབ་དང་ཏིང་ཞོའོ་ཕིན་གཉིས་ཀྱི་བར་ཐུབ་ཕྲད་སྐབས་ནས་སྐད་ཆ་འགོ་འཛུགས་ནས་བྱུང་བ་ཞིག་རེད། དེ་ཡང་ཏིང་གིས་བོད་རང་བཙན་མིན་པའི་རྒྱ་བོད་དཀའ་སྙོག་གང་ཞིག་ཡིན་ཡང་གྲོས་མོལ་དང་ཐག་བཅོད་ཡོང་གི་རེད། ཞེས་ཏིང་གིས་རྒྱལ་ལོ་དོན་འགྲུབ་ལ་གསུངས་བྱུང་ཟེར་ནས་རྒྱལ་ལོ་ནས་གོང་ས་མཆོག་་ལ་ཞུས་ནས་གོང་ས་མཆོག་ནས་ཀྱང་བཀའ་མོལ་དེར་ཚད་འཛིན་བྱས་ནས་རིམ་པའི་བོད་གཞུང་བཀའ་ཤག་དང་གྲོས་ཚོགས་བཅས་ལ་བཀའ་སློབ་དང་ལམ་སྟོན་ཡང་ཡང་དང་སྐུ་ཚབ་ཡང་སྔ་རྗེས་མང་པོ་ཕྱིན་སྡོད་པ་རེད། སྐུ་ཚབ་སྔ་རྗེས་དག་གིས་གོང་ས་མཆོག་གི་རྒྱ་ནག་གཞུང་ལ་ཞུ་རྒྱུ་བཀའ་སློབ་རྣམས་རྒྱ་ལ་སྐྱེལ། རྒྱ་ནག་ཐབ་ཕྱོགས་བཅིག་སྒྱུར་དཔོན་རིགས་ཀྱི་བཤད་པའི་སྐད་ཆ་དག་གོང་ས་མཆོག་ལ་ཚུར་སྐྱེལ་རྒྱུ་གཙོ་བོ་བྱས་ནས་ཕེབས་སྡོད་པ་རེད། འོན་ཀྱང་སྐུ་ཚབ་རྣམ་པར་རྒྱ་གཞུང་དང་གོང་ས་མཆོག་གི་བར་ལེན་ཕར་སྤྲོད་ཚུར་ལེན་བྱེད་རྒྱུ་ལས་རང་འདོད་དང་བོད་མི་དམངས་ཀྱི་ངོ་ཚབ་ཀྱི་ཐོག་ནས་སྐད་ཆ་བཤད་རྒྱུ་འགན་དང་ཐོབ་ཐང་གཉིས་ཆ་མེད་པ་རེད། སྐབས་རེར་སྐུ་ཚབ་རྣམ་པས་གོང་ས་མཆོག་གི་བཀའ་ལེན་སྤྲོད་རྒྱུ་དེས་རྒྱ་གཞུང་ལ་གསལ་པོ་ཡོང་གི་མེད་པའི་སྐོར་སྐུ་ངོ་འཇུ་ཆེན་ལགས་ནས་བཀའ་མོལ་མང་པོའི་ནང་ནས་ཐོན་འདུག།
༢༽ ཏིང་གིས་བོད་རང་བཙན་མ་ཡིན་པའི་རྒྱ་བོད་དབར་དཀའ་སྙོག་གང་ཡིན་ཡང་གྲོས་མོལ་ཡོང་སྐོར་བཤད་པ་ནི། བོད་པའི་སྤྱི་ཚོགས་ནང་ནས་རྒྱལ་ལོ་དོན་འགྲུབ་ཁོ་ན་མ་གཏོག་གཞན་བོད་མི་སུ་ཅིག་གི་ཤེས་ཀྱི་མེད་ལ། སྐུ་སྒེར་ཡིག་ཚང་དང་བཀའ་ཤག་སོགས་བཙན་བྱོལ་བོད་མིའི་གཞུང་ལ་གོང་ཞུས་ཏིང་གི་སྐད་ཆའི་སྐོར་ཁྲིམས་ལུགས་སར་བདེན་སྤོང་ཐུབ་པའི་ཡིག་ཆ་ན་གཅིག་ཀྱང་ད་ཕན་དུ་སྟོན་རྒྱུ་མེད་སོང་བ་རེད། དེས་ནི་མི་རིགས་ཞིག་དང་རྒྱལ་ཁབ་ཞིག་གི་ཆབ་སྲིད་སྐོར་གྱི་གྲོས་མོལ་དེ་མི་སྒེར་གཅིག་ཁོ་ནའི་ཁ་རྒྱུན་ཙམ་ལ་རྟེན་པའི་ལོ་རྒྱུན་ནག་པོ་ནག་རྐྱང་དུ་གྱུར་པ་རེད།
༣༽ རྒྱ་བོད་དབར་གྱི་གྲོས་མོལ་ལམ་གོང་ས་མཆོག་དང་རྒྱ་གཞུང་བར་གྱི་གྲོས་མོལ་དང་འབྲེལ་ཐུབ་བྱེད་སའི་དངོས་ནི། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་དཔོན་རིགས་དག་རེད། དཔོན་རིགས་དེ་དག་གིས་བཤད་ཚུལ་ནི། ཏིང་དང་རྒྱལ་ལོ་གཉིས་བར་རང་བཙན་མིན་པའི་རྒྱ་བོད་དབར་དཀའ་སྙོག་སེལ་རྒྱུ་ཡོད་སྐོར་དེ་ང་ཚོས་ཧ་གོ་ཡི་མེད། རྒྱ་དང་བོད་བར་གྱི་དཀའ་སྙོག་ཞིག་མེད། བོད་མི་རྣམས་ནི་བདེ་སྐྱིད་དང་མཛའ་མཐུན་ངང་ཀྲུང་གོའི་མི་སེལ་སྤྱིར་མཚུངས་ཀྱི་གནས་ཡོད་པས་་གྲོས་མོལ་དགོས་དོན་གང་ཡང་མེད། གོང་ས་མཆོག་གི་སྐུ་སྒེར་གྱི་གནས་དོན་དང་འབྲེལ་བའི་རྒྱ་ནག་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་ཚེ། ཏཱ་ལེ་དང་ཏཱ་ལེའི་སྒྲིག་འཛུགས་ཀྱིས་ཀྲུང་གོ་དང་ཁ་བྲལ་གྱི་བྱ་སྤྱོད་ཡོངས་རྫོགས་མཚམའ་འཇོག་གིས་མིན་རྒྱལ་གྱི་སྤང་དུ་ལོག་རྒྱུ་འདོད་ན་རྒྱ་ནག་གིས་སྒོར་མོ་ཕྱེ་ནས་ཡོད་ཟེར་ནས་འགྱུར་བ་མེད་པར་ལོ་མང་གོང་ནས་གསལ་གསལ་དག་དག་བཤད་སྡོད་རེད།
༤༽ བཙན་བྱོལ་དུ་དབུ་མའི་ལམ་གྱི་སྲིད་ཇུས་ཚ་ཚ་འུག་འུག་ཏུ་སྤེལ་ནས་བོད་མིའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་གནམ་སའི་ལྟ་བུའི་འགྱུར་རིམས་བཞིན་དུ་རྒྱ་ནག་གིས་བོད་ཐོག་ལ་དམ་སྒྲགས་དང་སྡུག་རྩུག་ཡང་ཆེ་ནས་ཆེ་རུ་ཕྱིན་པ་རེད། དེས་དབུ་ལམ་གྱིས་བོད་རྒྱ་གྲོས་མོལ་ལམ་ཞི་མཐུན་ག་ཚོད་ཐུབ་ཀྱི་ཡོད་མེད་རྟོགས་ཐུབ་པ་ཞིག་རེད། སྐབས་ཞིག་ལ་གོང་ས་མཆོག་རྒྱ་ནག་ལ་ཕེབས་འདོད་ཡོད་ན་ཕེབས་ཆོག་རྒྱུའི་སྐོར་རྒྱ་གཞུང་གིས་བཤད་མྱོང་ཡོད་ཀྱང་ད་ཆར་གོང་ས་མཆོག་གིས་ང་རྒྱ་ནག་ལ་གནས་སྐོར་ཕེབས་འདོད་ཡོད་ཞུས་ཀྱང་དེར་བདག་པོ་རྒྱབ་ཀྱི་མེད་ཁར་དེ་ལས་ལྡོག་ཏེ་མཚན་སྨད་སྣ་ཚོགས་ཀྱིས་དམའ་འབོད་གཏོང་བཞིན་ཡོད། བརྒྱད་བཅུ་གྱ་ལྔ་ཡར་སྔོན་གྱི་རྒྱ་བོད་བར་གྱི་གནས་སྟངས་དང་ཉིས་སྟོང་གི་རྗེས་ནས་རྒྱ་བོད་བར་གནས་སྟངས་ལ་དཔྱོད་ཞིབ་ཟབ་ནན་གྱིས་དབུ་ལམ་གྱི་རྒྱུད་རིམས་འདིས་རྒྱ་བོད་ཞི་མཐུན་སོགས་གནས་སྟངས་དངོས་ལ་བསམ་ཞིབ་དགོས་རྒྱུ་ནི་མི་རིགས་ཞིག་གི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད།
༥༽ རང་བཙན་འཐབ་རྩོད་བྱེད་ན། དྲག་ལས་དང་གྲོས་མོལ་འགྲོ་ས་མེད་པ་དང་། དབུ་ལམ་རྩོད་ཞི་བ་དང་གྲོས་མོལ་འགྲོ་ས་ཡོད་ཚུལ་གྱི་སྐད་ཆ་དང་། དབུ་ལམ་གྱིས་རྒྱ་བོད་དཀའ་སྙོགས་སེལ་རྒྱུར་ཐག་ཉེར་ཡིན་ཚུལ་སོགས་བཤད་བཞིན་པ་ནི། བདེན་དང་གནད་ལུགས་མེད་པས་རེ་བ་ཙམ་རེད། གལ་སྲིད་དབུ་ལམ་གྱིས་རྒྱ་བོད་བར་ཞི་མོལ་དང་དཀའ་སྙོག་སེལ་བ་ལ་མི་ཤུགས་དང་རྒྱུ་ཤུགས། གོ་མཚན་དང་དམག་མི་དགོས་ཀྱི་མེད་ན། རང་བཙན་འཐབ་རྩོད་ཀྱིས་བོད་ཀྱི་དཀའ་སྙོག་སེལ་བར་དེ་དག་ངེས་པར་དགོས་པས་གནད་ཞིག་སུ་ལ་བཤད་རྒྱུ་ཡོད་དམ། མདོར་ན། དེ་གཉིས་དབར་མྱུར་ལམ་སོགས་ཀྱིས་ཁྱད་པར་མཐོང་རྒྱུ་མེད་ཁར། མི་རིགས་ཀྱི་ལོ་རྒྱུས་རྩ་མེད་མི་གཏོང་རྒྱུ་ལ་བསམ་ན་རང་བཙན་ལེགས་སོ།།
་་་་་་་་་་་་་་་་་་་་་་་་་་་ གལ་སྲིད་དབུ་ལམ་གྱིས་རྒྱ་བོད་བར་ཞི་མོལ་དང་དཀའ་སྙོག་སེལ་བ་ལ་མི་ཤུགས་དང་རྒྱུ་ཤུགས། གོ་མཚན་དང་དམག་མི་དགོས་ཀྱི་མེད་ན། རང་བཙན་འཐབ་རྩོད་ཀྱིས་བོད་ཀྱི་དཀའ་སྙོག་སེལ་བར་དེ་དག་ངེས་པར་དགོས་པས་གནད་ཞིག་སུ་ལ་བཤད་རྒྱུ་ཡོད་དམ། མདོར་ན། དེ་གཉིས་དབར་མྱུར་ལམ་སོགས་ཀྱིས་ཁྱད་པར་མཐོང་རྒྱུ་མེད་ཁར། མི་རིགས་ཀྱི་ལོ་རྒྱུས་རྩ་མེད་མི་གཏོང་རྒྱུ་ལ་བསམ་ན་རང་བཙན་ལེགས་སོ།། ་་་་་་་་་་་་་་ ཟེར།། །།
འདི་བདེན་པ་ཡིན་ན། ཡང་རང་བཙན་ཕྱོགས་སུ་འགྲོ་འདོད་ཡོད་དེ་་་་་་་་་་་ ཧཧཧ། ད་ཁག་པོ་མིན་འགྲོ་ཨ།། །།
མཆན་༡༡ /༡༣ གཉིས་ཀྱི་བསམ་འཆར་ལ་རྒྱབ་སྐྱོར་གཙང་མ་ཡོད། ད་ནི་མཆན་བུ་བ་རྣམས་ཀྱི་བསམ་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་བཞིན་འདུག སྔོན་མ་ཡིན་ན་འདི་ལྟ་བའི་བསམ་འཆར་ཤོད་མཁན་རེ་ཟུང་ཞུག་མ་གཏོགས་མེད་དེའི་ནང་ནས་ཀྱང་ཁ་ཐུག་ཤོད་མཁན་ནི་དྲ་གྲོགས་ཅོ་རི་གཅིག་པོ་ཡིན། སྐབས་དེ་དུས་འདི་ལྟར་བཤད་ན་ལྟ་ལོག་ལོག་སྤྱོད་པ་དོལ་འདྲེ་ལས་སོགས་ཀྱིས་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱས་མྱོངས། ད་ནི་མི་དེའི་རིགས་ནི་འཇམ་ཅག་གེར་ཕྱིན་སོང།
མི་རིགས་ཀྱི་ལོ་རྒྱུས་རྩ་མེད་མི་གཏོང་རྒྱུ་ལ་བསམ་ན་རང་བཙན་ལེགས་སོ།། ་་་་་་་་་་་་་་ ཟེར།། །།
འདི་བདེན་པ་ཡིན་ན། ཡང་རང་བཙན་ཕྱོགས་སུ་འགྲོ་འདོད་ཡོད་དེ་་་་་་་་་་་ ཧཧཧ། ད་ཁག་པོ་མིན་འགྲོ་ཨ།
འདི།
མི་རིགས་ཀྱི་ལོ་རྒྱུས་རྩ་མེད་མི་གཏོང་རྒྱུ་ལ་བསམ་ན་རང་བཙན་ལེགས་སོ།། ་་་་་་་་་་་་་་ ཟེར།། །།
འདི་བདེན་པ་ཡིན་ན། ༼ང་༽ཡང་རང་བཙན་ཕྱོགས་སུ་འགྲོ་འདོད་ཡོད་དེ་་་་་་་་་་་ ཧཧཧ། ད་ཁག་པོ་མིན་འགྲོ་ཨ།། །།
ཉེ་འཆར་ཉིའུ་ཡོག་ཏུ་དབུ་ལམ་ཁ་ལ་ཁྱེར་མཁན་རྒྱལ་ཚོང་པ་ཁག་ལ་ཞེན་པ་གཏེང་ནས་ལོག་བྱུང་།
ཀྲུའུ་ཝེན་ཆུན་གྱི་བཀའ་ཆ་དེ་གསར་པ་གང་ཡང་མིན་པར་མ་ཟད་རྒྱ་ནག་གཞུང་ནས་ནམ་རྒྱུན་འདོན་བཞིན་པའི་ཁ་འདོན་དེ་རང་རེད། ཡིན་ན་ཡང་ང་ཚོས་བསམ་གཞིགས་བྱ་དགོས་པ་ཞིག་ལ་ད་ལྟའི་རྒྱ་གཞུང་འདི་ལ་རེ་བ་བརྒྱབ་ནས་གྲུབ་འབྲས་ལག་རྩེར་གསོན་པ་ཞིག་ཡོང་གི་ཡོད་མེད་དེ་རེད། དེ་སྔོན་སྐུ་ཚབ་ཚོགས་པ་རྒྱ་ནག་ལ་སྔ་རྗེས་ཐེང་མང་ཕེབས་ནས་གྲུབ་འབྲས་གང་ཙམ་ཐོན་འགྲབ་ཡོད་པའི་བཀའ་མོལ་གྱིས་ང་ཚོར་མགྱོག་མྱུར་གཞིས་བྱེས་ལྷན་འཛོམས་དང་། རང་དབང་གི་དགའ་སྟོན་མྱོང་བའི་ཚོར་སྣང་ཟབ་མོ་ཞིག་སྦྱིན་ཡང་ཀྲུའུ་ཝེན་ཆོན་གྱི་གཏམ་བཤད་དང་རྩོམ་རེ་ཐོན་རིམ་བཞིན་སྐུ་ཚབ་ཚོགས་པའི་བཀའ་མོལ་རྣམས་བྱིས་པར་བྱི་རིལ་གཏེར་བ་གསལ་སྟོན་བྱས་པས་ང་ཚོའི་རེ་བར་ཡང་ཆུ་འཁྱགས་ཤོས་ཡོད། འདས་པའི་བྱུང་རིམ་འདི་དག་ལ་བསམ་བློ་ཞིབ་ཕྲ་བཏང་ན་རྒྱ་གཞུང་ལ་ཆབ་སྲིད་ཀྱི་དགོས་མཁོ་ཡོད་དུས་སྐུ་ཚབ་ཚོགས་པ་གདན་འདྲེན་ཞུས་ཏེ་གསོལ་སྟོན་ཟབ་རྒྱས་ཐོག་སྐུ་ཚབ་ཚོའི་ངོས་ནས་ཀྱང་ད་ལན་རྣམ་འགྱུར་ཡག་པོ་འདུག་ཅེས་ཞལ་རས་འཛུམ་གྱིས་ཁེང་ཞིང་། རྒྱ་ལྕོག་སྟེང་དུ་བོད་དེ་གུང་ཁྲན་ཏང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་་ལ་སྡོད་ཀྱི་ཡིན་ཞེས་མཇལ་དར་དང་་ལྷན་དུ་ཕུལ་སྟེ་ཚུར་ཕེབས་རྗེས་གསར་འགོད་པ་ཚོར་འོ་ད་བཀའ་མོལ་ཡག་པོ་བྱུང་སོང་གསུངས་ནས་ཡང་གནས་སྐབས་འཇམ་ཐིང་ངེར་སྡོད་པ་རེད། ད་ང་ཚོས་དེ་ལྟར་བྱས་་ནས་ནམ་ཉིན་ཕུད་ཐབས་བྱེད་ན་འགྲིག་པ་ཞིག་ཡིན་ནམ། གྲུབ་འབྲས་ཐོན་ཡས་མེད་ན་གཞིས་ལུས་བོད་མི་རྣམས་ལ་བཀའ་མོལ་དྲང་པོ་གསུངས་དགོས་པ་ཞིག་རེད། དོན་མེད་དུ་སྐུ་ལུས་བཞུགས་མེར་ཕུལ་བཅུག་ནས་དགོས་པ་ཨེ་ཡོད།
ད་ཡིན་ན་རྒྱ་ཕྲུག་ཚོ་ལ་གོ་སྐབས་ཤིག་རག་འདུག་ག ད་ཁོ་ཚོས་ཡང་ཁ་གནམ་ལ་གདང་ནས་བོང་བུའི་སྐད་ལྟ་བུ་མང་པོ་ཞིག་རྒྱག་ཐག་ཆོད་རེད། གང་ལྟར་ཁྱོད་ཚོས་བོང་སྐད་ཇི་ཙམ་རྒྱབ་ཀྱང་ཉན་མཁན་སུ་ཡང་ཡོང་གི་མ་རེད། ཧཧཧ
ལུང་རྟོགས་ལགས། མི་ཤེས་ཤེས་མདོག་བསྟན་མ་ཡོང་། ཀྲུའུ་ཟེར་མཁན་དེ་རྒྱ་རི་རིན་པོ་ཆེ་ལ་ཐེངས་དགུར་འཕྲད་མཁན་དང་། བོད་དོན་ཡིན་ནམ་གང་ཡིན་མི་ཤེས་པ་དག་བཤད་མཁན་གྱི་མི་དེ་རེད། ཁོ་ལས་རྒྱ་ནག་ནང་བོད་ཀྱི་སྲིད་བྱུས་ཀྱི་ཚབ་མཚོན་ཐུབ་མཁན་ཡོད་པ་མ་རེད། ད་ལྟོས་དང་། དབུ་མའི་ལམ་བསྙོན་འབྱིན་དང་། ཡང་སྲིད་ཐག་གཅོད་ཀྱི་རྒྱ་གཞུང་ལས་སུ་ལའང་མེད་ཚུལ་འཛམ་གླིང་སྟེང་བསྒྲགས་པ་རེད། ད་ལྟ་བཙན་བྱོལ་བར་ལྷག་པ་ནི་གནས་ལུགས་ཀྱི་ལམ་ནས་བཤད་སྟངས་འདི་ལྡོག་ཐུབ་མིན་ལ་ཐུག་ཡོད། འདི་ནི་ལུང་རྟོགས་མྱུལ་མ་ཡིན་མིན་དང་བློ་གསལ་སྨྱོན་པ་ཡིན་མིན་གྱི་སྐད་ཆ་ལྡོམ་པོ་ཞིག་མ་རེད།
ཉན་མཁན་ལོང་རྟོག་རང་ཉིད་བྱུང་འདུག། དེ་ལས་ལྷག་སུ་དགོས་རེད། རང་མཐོ་ཅན་གྱི་མི་འདིའི་གྲལ་ལ་ཞེན་པ་ལོག་གིན་ངོ་མ་ཡིན།། དགོངས་པ་མ་འཚང་ལུང་རྟོགས་ཡིན་ན་འདྲ། ལོང་རྟོག་ཡིན་ན་འདྲ།
རྒྱ་གཞུང་གི་སྐད་ཆ་ནམ་རྒྱུན་བཤད་འདུག་པ་རང་འཇགས་ཡིན་ན་ད་ཡག་པོ་རྩ་བ་ནས་མ་རེད། གང་ཡིན་ཟེར་ན་དབུ་མའི་ལམ་གྱི་ནུས་པ་གང་ཡང་མ་ཐོན་པ་རེད། མ་གཞི་དབུ་ལམ་པ་འདི་ཚོའི་ཐོག་མར་ལངས་ཕྱོགས་བཟུང་ས་དེ་འཇའ་ཚོན་ནང་བཞིན་རེད་འདུག་བ། འཛམ་གླིང་ཐོག་་་ཏིང་ཞོ་ཕིང་་གི་སྐད་དེ་ལ་བདེན་དཔང་ན་གཅིག་སྟོན་ཡ་མེད་པའི་འཆལ་གཏམ་ཁོ་ན་རེད་འདུག་བ། འདི་དང་འདི་འདྲ་བ་མང་པོ་བྱས་སྐྱེན་བོད་འདི་འདི་འདྲ་ཞིག་ལ་གྱུར་སོང་བ་རེད།
མ་ཤེས་ཤེས་མདོག་བྱེད་མཁན་ཁྱོད་ཚོ་རེད་ད། ཀྲུའུ་ཡི་སྐད་ཆ་འདི་གསར་པ་གང་ཡང་མ་རེད། ཁོ་ཚོས་རྟག་པར་བཤད་བཞིན་པ་དེ་བསྐྱར་བཤད་བྱས་པ་ཙམ་ཞིག་རེད། འདི་ལྟར་བཤད་དགོས་དོན་ཡང་དབུ་མའི་ལམ་གྱིས་ཁོ་ཚོ་འདུག་མི་བདེ་བ་ཞིག་བཟོ་ཡོང་གི་ཡོད་པའི་རྟག་མཚན་ཕྱིར་མངོན་པ་རེད།
ཕོ་སུ་ཞེན་པ་ལོག་ན་སྡུག་གྱོང་གྱིས། རང་ཉིད་ཀྱིས་རང་ཉིད་ལ་མཐོང་བཞག་མི་ཤེས་ཤིང་། རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་མེད་པའི་མི་བུ་དག་ནི་དུད་འགྲོ་དང་ཁྱད་པར་ཅི་ཡང་མེད།
ཁྱོད་ཚོས་རང་ཉིད་རང་བཙན་པ་ཡིན་མདོག་གིས་ཁ་ནས་དབུ་ལམ་གྱིས་མ་འགྲིག་པ་བཤད་ཀྱང་། ཞེ་འདོད་ངོ་མ་ནི་དབུ་ལམ་གྱི་ནུས་པ་བཅོག་ཐབས་བྱེད་ནས་ཨ་ཞང་ཚང་གི་འདོད་དོན་སྒྲུབ་རོག་བྱེད་བཞིན་ཡོད་པ་མི་ཤེས་མཁན་སུ་ཡོད།
ལོང་རྟོག། ཀྲུའུ་ཝེ་ཡིས་སྐད་ཆ་གསར་པ་བཤད་ཀྱི་མེད་ན་དབུ་མའི་ལམ་གྱིས་ནུས་པ་ཐོན་གྱིན་མེད་རྟགས་རེད། བོད་ཀྱི་ལོ་རྒྱུས་ཀྱི་གོ་གནས་དང་ད་ལྟའི་གནས་བབ་སོགས་གང་གི་ཐོག་ལ་གྲོས་མོལ་བྱེད་མི་སྲིད། ཞེས་བཤད་པ་དེ་ཡང་ཁྱེད་ལ་སྐད་ཆ་རྙིང་པ་རེད་དམ། དེ་དབུ་མའི་ལམ་གྱི་མཐུན་ཕྱོགས་དང་གྲུབ་འབྲས་རེད་དམ། མི་ཁྱེད་ཚོ་ནི་ཕྱི་ནང་དང་འཇམ་རྩུབ་མི་ཤེས་པའི་ཀླད་སྟོང་རྒྱ་ཞེན་པའི་གྲལ་ཞིག་རེད། བོད་རིགས་ཞིག་གིས་ཀྲུའུ་ལྟར་བཤད་པ་ཡིན་ན་ཁྱེད་ཚོའི་གྲལ་གྱིས་མི་བཤད་དགུ་བཤད་ཀྱིས་ནང་དམེ་ཚོད་ལས་འདས་པ་བཟོ་རྒྱུ་ཡིན་པ་ནི་གཞི་གྲུབ་པ་རེད།
དབུ་ལམ་གྱིས་རྒྱ་ལ་ནུས་པ་གཏི་འབྲུ་ཙམ་ཡང་ཐོན་གྱི་མེད་ཁར་བོད་མིའི་ནུས་པ་ཁ་འཐོར་བཟོ་བཞིན་པ་དེ་བོད་ཀྱི་རྒྱལ་རབ་ལོ་རྒྱུས་སུ་ནག་ཉེན་གྱི་གནས་བབ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག་གོ།
གངས་ཕྲུག་ལགས་ཀྱིས་བསམ་བློ་གཏོང་གཞི་ཆེ་བའི་དགོངས་ཚུལ་ཡག་པོ་བརྗོད་འདུག དོན་དངོས་སུ་དེ་ལྟར་རེད། དགྱ་ལ་ཁེ་ཕན་ཆེ་ཤོས་སུ་གྱུར་པའི་དབུ་ལམ་གྱི་ལངས་ཕྱོགས་བཟུང་བ་ནས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ནུས་ཤུགས་ཆུང་དུ་ཕྱིན་འདུག་པས་མ་ཚད། བཙན་བྱོལ་སྒྲིག་འཛུགས་ཀྱི་དབང་ཐང་གོ་སྐབས་སོགས་ཀྱང་ཉམས་དམས་སུ་ཕྱིན་འདུག་པ་དངོས་ཡོད་རེད།
ཀྲུའུ་ཝེ་ཆོན་ལགས། ཆོས་མེད་ཀླ་ཀློ་ཡིན་ཙང་། ཡང་སྲིད་སྐོར་ལ། དམར་འཐོམས་བརྒྱབ་ནས། སྨྱོ་ལབ་རྒྱག་བཞིན་པ་ཡོད་པ་ལ། དེ་ལ་ཁ་ཡ་བྱ་ཡ་གང་ཡང་ལྷག་མི་འདུག་སྙམ་ལགས།
ཀརྡོ་ལགས། ཀྲུའུ་ཝེ་ཡིས་བཤད་པར་ཁ་ཡ་བྱེད་འདོད་མེད་ན། དབུ་ལམ་གྱིས་རྒྱ་དང་ཞི་གྲོས་ཇི་ལྟར་དགོས་སམ། བོད་ཀྱི་ཆོས་ལུགས་དད་མོས་ཀྱི་གནད་དོན་སྐོར་རྒྱ་རྒན་སུ་དང་ཞི་གྲོས་དགོས་སམ། བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་མི་རིགས་ཀྱི་གནས་དོན་ཡོངས་རྫོགས་ལ་ཐད་ཀར་སྟངས་འཛིན་བྱེད་མཁན་ནི་རྒྱ་ནག་དབུས་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དང་མི་རིགས་ཆོས་ལུགས་ལས་དོན་ཁང་གི་ལས་བྱེད་རྣམས་རེད། ཀྲུའུ་ཝེ་ནི་དེ་སྔོན་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་གཙོ་འཛིན་བྱས་པ་རེད་ལ། ད་ལྟར་ཀྲུང་དབྱངས་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་གཙོ་འཛིན་རེད། རྒྱ་བོད་དབར་གྲོས་མོལ་བྱེད་པར་གོང་གསལ་ལྷན་ཁང་གཉིས་ཀྱི་དཔོན་རིགས་དག་དང་མ་འབྲེལ་བར་རྒྱུད་ལམ་གཞན་ཞིག་གཞི་མ་གྲུབ་པ་རེད། དེས་ན་ཁོ་ཚོའི་སྐད་ཆ་ལ་ཡ་མ་བྱེད་ན་རྒྱ་བོད་ཀྱི་གནད་དོན་སྐོར་རྒྱ་དམར་མཉམ་དུ་ཡ་བྱེད་སའི་རྒྱ་རྒན་ཞིག་ཡོད་ནི་མ་རེདོ། དབུ་ལམ་ཞི་གྲོས་པ་ཚོས་དེ་ཙམ་གྱི་གནད་ཡང་མ་ཤེས་པ་རེད་དམ། ཧཧཧཧ
དྲ་གྲོགས་ཚོ།
གལ་སྲིད་རྒྱ་གཞུང་གིས། སང་ཉིན་དབུས་ལམ་དྲིལ་སྒྲོག་བྱུང་ན་ཡང་། དེ་རིང་གི་མཚན་དགུང་གི་བར་ཁ་བྲལ་སོགས་ཀྱི་སྐྱོན་འཛུགས་བྱ་རྒྱུ་ཡིན་པ་དེ་ཤེས་པར་བྱས་ནས། ཁོང་ཚོས་གང་བཤད་པ་དང་། གང་བྱེད་འདོད་པ་གཉིས་ཁྱད་འབྱེད་དགོས་པ་མང་པོ་ཡོད་དགོས་པདག་ཤེས་དག་ལ་ཡང་ཤེས་པ་གལ་ཆེའོ།།
གངས་ཕྲུག ད་བར་དུ་བོད་དོན་གྱི་ཐོག་ལ་ནུས་པ་གང་ཅུང་ཟད་ཅིག་ཐོན་པ་ཐམས་ཅད་དབུ་ལམ་གྱི་ནུས་པ་ཡིན་ཟེར་ཆོག བོད་རྒྱ་བར་ལ་སྐད་ཆ་བཤད་པའི་གོ་སྐབས་ཐེང་འགའ་རེ་བྱུང་བ་དེ་ཡང་དབུ་ལམ་ལ་སོང་བའི་གྲུབ་འབྲས་རེད་ལ། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་རྒྱ་མི་གང་འཚམས་ཤིས་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟན་པ་དེ་དག་ཀྱང་དབུ་ལམ་གྱི་ནུས་པ་རེད། ཨ་རི་དང་ཡོ་རོབ་སྤྱི་མཐུན་སོགས་ཀྱིས་རྟག་པར་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་དང་། འོན་ཀྱང་དབུ་མའི་ལམ་ནས་བོད་རྒྱ་གཉིས་སྨན་གྱི་ལས་འགུལ་རྒྱབ་སྐྱོར་ཡོད་ཅེས་བཤད་དང་བཤད་བཞིན་པ་ལོང་བ་མིན་ན་མཐོང་ཚོད་ཡིན་ལ་འོན་པ་མིན་ན་གོ་ཚོད། རང་བཙན་ཡིན་ཟེར་མཁན་ཚོད་ད་བར་དུ་སྟན་རྒྱུ་ཡོད་པའི་གྲུབ་འབྲས་ཅི་ཞིག་བླངས་ཡོད་པ་རེད། ཁྱོད་ཚོས་གྲུབ་འབྲས་ལེན་རྒྱུ་ལས་ལྡོག་སྟེ་རང་བཙན་རྩོད་དགོས་ས་རྒྱ་ལ་མི་རྩོད་པར་རྒྱལ་བ་རིན་པོ་ཆེས་དབུས་པའི་དབུ་ལམ་པ་ཚོ་ལ་རྩོད་བཞིན་པ་མ་ཡིན་ནམ། ཀྲུའུ་ཡིས་དབུ་ལམ་ལ་སྐྱོན་བརྗོད་བྱེད་པ་འདི་གཅིག་ནས་དབུ་ལམ་གྱིས་ཁོ་ཚོ་འདུག་མི་བདེ་བ་བཟོ་ཡོང་གི་ཡོད་པའི་རྟགས་མཚན་རེད་ལ། གཉིས་ནས་དབུ་ལམ་ལ་རེ་བ་མེད་པའི་རྣམ་འགྱུར་ཞིག་སྟན་ནས་ཁྱོད་ཚོ་ལྟ་བུའི་ཤེས་མེད་འགའ་རེ་དབུ་ལམ་གྱི་འགལ་ཟླར་ལངས་སུ་བཅུག་ནས་བོད་པ་ནང་ཁུལ་དཀྲུག་ཐབས་དང་དབུ་ལམ་གྱི་ནུས་པ་ཉམ་དམེས་གཏོང་ཐབས་ཀྱི་གཡོ་ཇུས་ཞིག་མཐེན་པ་རེད། ཁྱོད་ཚོས་བསམ་བློ་འདི་ཙམ་ཡང་གཏོང་མ་ཤེས་ན་ཆབ་སྲིད་བཤད་ཁུལ་བྱེད་པ་ཡ་ཆ།
ལོང་རྟོགས་xxxx
དབུ་མ་རྩོད་དགོས་ས་རྒྱ་མི་ལ་མི་བརྩད་པར་བོད་རང་བཙན་འབོད་མཁན་ཚོ་ལ་བརྩད་དགོས་དོན་ཅི་རེད་དམ། རྒྱལ་བཙོང་བ་ཚོས་རྒྱ་མི་ལ་ལན་མི་བརྒྱབ་པར་བོད་མི་རྣམས་ལ་བརྙས་བཅོས་བྱེད་དགོས་དོན་ཅི་རེད་ཨ།
ནུབ་ཕྱོགས་པའི་རྒྱབ་སྐྱོར་ཏོག་ཙམ་རེག་པ་དེ་དབུ་མའི་ལམ་གྱི་གྲུབ་འབྲས་རེད་ཨེ། སྙིང་རྗེ་ཨ་་་ཁྱོད་ཚོ་ལ་དེ་ལས་ཅང་གྲུབ་འབྲས་འདྲ་སྟོན་གྱི་མེད་པེ། བཙན་བྱོལ་སྒྲིག་འཛུགས་ཀྱིས་བོད་རང་བཙན་བརྩད་ཀྱི་ཡོད་ན་རྒྱབ་སྐྱོར་དེ་ལས་མང་བ་རེག་གི་རེད། ཤེས་མེད་འདི་ཚོས་ཅི་བཤད་འདི་བཤད་མི་འདུག་ག
ལུང་རྟོག། རྒྱ་ཡིས་བོད་ཐོག་སྡུག་ནས་ངན་དུ་འགྲོ་བཞིན་པ་ནི་དབུ་མེད་ལམ་གྱིས་ངན་འབྲས་རེད། བོད་མི་ལར་རྒྱ་ཅན་ལ་ནང་དམེ་བཟོ་བཞིན་པ་ནི་དབུ་མེད་ལམ་གྱིས་ཇུས་ངན་རེད། ཀྲུང་དབྱངས་ཀྱིས་འཛམ་གླིང་ཁྱོན་ལ་སྒོར་མོ་ཕྱེ་ནས་མི་སེལ་འགྲོ་འདུག་རང་དབང་ཕྲན་ཙམ་ཡོད་པ་དེ་བོད་ལ་ཡོད་པ་ནས་མེད་པ་བཟོས་པ་དེ་དབུ་མེད་ལམ་གྱིས་ངན་འབྲས་རེད། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་ཚོས་རྒྱ་དམར་སར་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་རྒྱབ་སྐྱོར་ཡོད་ཚུལ་མ་ཎི་བཏོན་པ་ཚུལ་གྱིས་རྒྱ་ནག་ལ་ངོ་དགའ་ཡིས་ཚོང་རྫས་གྱུར་པ་ནི་དབུ་མེད་ལམ་གྱིས་ངན་འབྲས་རེད། གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་འཐབ་ཕྱོགས་ཅིག་གྱུར་གྱི་ལས་བྱེད་མཉམ་དུ་བོད་ཕན་འབྲས་བུ་ཕྲ་མོ་ཙམ་ཡང་མེད་པའི་ཐུབ་ཕྲད་བྱས་པ་ནི་དབུ་མེད་ལམ་གྱིས་རེ་སྟོངས་འབྲས་བུ་རེད། བོད་པ་ལས་རྒྱ་མི་ལ་ངོ་དགའ་དང་ཞི་གྲོས་ཀྱི་བྱ་སྤྱོས་སྤེལ་བཞིན་པ་ནི་དབུ་མེད་ལམ་གྱིས་ངན་འབྲས་བླ་ན་མེད་པ་དེ་རེད། བོད་མི་ནང་ཁུལ་དུང་བུ་ཁ་འཐོར་དང་སྤྱི་སེམས་མེད་པ་བཟོ་བཞིན་པ་ནི་དབུ་མེད་ལམ་གྱིས་མཐའ་ཐུབ་ཀྱི་དམིགས་ཡུལ་རེད། རྒྱ་དམར་གྱིས་བོད་ལ་སྡུག་གྱོང་ག་ཚོད་བཏང་ཀྱང་བཟོད་སྒོམས་ཀྱི་ཞི་གྲོས་ཐུབ་ལ། བོད་མིའི་ཚིག་མཐོར་དམན་ཙམ་ལ་འབུར་འཇོམས་བཟོ་བཞིན་པ་ནི་དབུ་མེད་ལམ་གྱི་ཁྱད་ཆོས་དང་རང་བཞིན་རེད། རྒྱ་མི་བརྒྱ་ཕྲག་ཁ་ཤས་ལ་འབྲེལ་བ་བཟོ་ནས་བོད་མི་སྟོང་ཕྲག་མང་པོ་བོད་པའི་སྤྱི་ཚོགས་ས་ནས་ཕྱིར་འབུད་བཏང་བཞིན་པ་ནི་དབུ་མེད་ལམ་གྱི་བྱས་རྗེས་རེད། ད་དུང་མངས་་་་་་་་་་་་་
ཧཧཧ སྨྱོ་བཤད་ཟེར་ན་འདི་འདྲ་ལ་ཟེར་བ་རེད། ཁ་ནས་ཐོན་ཚད་གནས་ལུགས་རེད་བསམ་སོང་ངམ། ཤ་ཚ་མི་ཁྱོད་ཚོ་ལྟ་བུའི་ཧམ་པ་ལས་གནས་ལུགས་བཤད་ཤེས་ཀྱི་མ་རེད། རྒྱ་གཞུང་གིས་རྟག་པར་ཁྱོད་ཚོས་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་འདུག དའི་ཕྱིར་ན་གྲོས་མོལ་བྱེད་ཀྱི་མིན་ཟེར་བཞིན་མི་འདུག་གམ། འདིས་སྟེང་ནས་བོད་ཐོག་ལ་སྡུག་ནས་ངན་དུ་འགྲོ་བཞིན་པ་དབུ་རང་སུས་ངན་འབྲས་ཡིན་པ་གསལ་པོ་སྟན་ཡོད། བོད་མི་ལ་རྒྱ་ཅན་ནང་དམེ་བཟོས་པའི་ལོ་རྒྱུས་མེད། ནང་དམེ་བཟོ་མཁན་ནི་དོལ་རྒྱལ་ཚོགས་པ་རེད་ལ་ཁོ་ཚོ་ལ་རྒྱ་ཅན་རེད་ཟེར་བ་ཡིན་ན་གད་མོ་རྐུབ་ནས་ཤོར་ཡོང་། ཀྲུང་དབྱང་ཀྲུང་དབྱང་ཟེར་སྟངས་ལ་ལྟས་ན་ཕལ་ཆེར་ཀྲུང་དབྱང་ཀྱི་ལས་སྣེ་ཞིག་ནམ་སྙམ་པ་ཞིག་འདུག ཧཧཧ ཁོ་ཚོས་བོད་མི་ལ་འགྲོ་འདུག་ཀྱི་རང་དབང་འཕྲོག་པ་དེ་བོད་མི་དཔའ་བོ་དཔའ་མོ་ཚོས་དབུ་མའི་ལམ་ནས་རང་ཉིད་ཀྱི་ཐོབ་ཐང་རྩོད་པའི་དབང་གིས་བྱུང་བ་རེད། དེས་ན་དེ་དབུ་ལམ་གྱི་འབྲས་བུ་ཡིན་འབྲས་བཟང་ཡིན་པ་ལས་འབྲས་ངན་ཅང་མ་རེད། འཛམ་གླིང་གི་རྒྱལ་ཁབ་ཚོས་ཚེ་སྔར་ནས་དུས་ད་བར་དུ་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པ་ལས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པའི་ལོ་རྒྱུས་མེད། རྒྱ་བོད་གྲོས་མོལ་ལ་གྲུབ་འབྲས་མ་བྱུང་བ་ནི་རྒྱ་གཞུང་གི་བསམ་པ་མ་དག་པར་ངོ་ཚ་ཁྲེད་མེད་ཀྱི་ལས་བྱས་པའི་འབྲས་བུ་རེད། འོན་ཀྱང་ཁྱོད་དང་ཁྱོད་ལྟ་བུ་དག་གིས་རྒྱ་ནག་གི་ཉེས་པ་དེ་དབུ་ལམ་ལ་བཀལ་སྟངས་འདིས་སྟེང་ནས་ཀྱང་གོང་དུ་བཤད་པ་ལྟར་ཀྲུང་དབྱང་ཀྱི་ལས་སྣེ་ཞིག་ཡིན་པ་སྟན་འདུག བོད་པ་ལས་རྒྱ་མི་ལ་དགའ་མཁན་ནི་དོལ་རྒྱལ་བ་དང་ཀྲུང་དབྱང་གི་ལས་སྣེ་ཚོ་རེད། ཁོ་ཚོས་ཉེས་པ་ཡོད་ཚད་དབུ་ལམ་ལ་གཡོག་ནས་མཐའ་མ་དབུ་མའི་ལམ་གྱི་སྟོན་པ་ནག་པོ་བཟོ་བསམ་གྱི་ཡོད་པ་མི་ཤེས་མཁན་སུ་ཡོད། བོད་མི་ནང་ཁུལ་ཁ་བྲལ་དུམ་བུར་བཟོ་བསམ་མཁན་ཡང་རྒྱ་དངུལ་གྱི་ཁེ་ཕན་ཟ་མཁན་དེ་དག་རེད། རྒྱ་ནག་གིས་བོད་ལ་སྡུག་པོ་ག་ཚོད་གཏོང་ཡང་དེ་ལ་ཚིག་གཅིག་མི་བཤད་པར་ད་དུང་ཀྲུང་དབྱང་དང་ཀྲུང་དབྱང་ཞེས་ངོ་དགའ་བཤད་བཞིན། ནང་ཁུལ་དབུ་ལམ་དང་དེའི་སྟོན་པ་ལ་དགྲ་ཡི་དྭངས་མར་རྩི་མཁན་ཡང་གོང་གསལ་གྱི་མི་དེ་དག་རེད། རྒྱ་ནག་གཞུང་ལ་འབྲེལ་བ་བཟོས་ནས་བོད་ཀྱི་ཕ་ཆུས་གནམ་ལྕགས་རལ་གྲི་ཤ་ལྟོག་ནས་ཤ་དང་རྗེ་མཁན་ཡང་རང་བཙན་ཁ་ལ་ཁྱེར་བའི་དོལ་ཕྲུག་དང་རྒྱ་ཕྲུག་ཚོ་རེད།
ཅོ་རི་xxxx རང་བཙན་རྩོད་དགོས་ས་རྒྱ་གཞུང་ལ་མི་རྩོད་པར་དབུ་ལམ་པ་ལ་རྩོད་དགོས་དོན་ཅི་རེད། རྒྱ་ནག་ལ་ཚིག་གཅིག་མི་བཤད་པར་ནང་ཁུལ་རྐྱང་རྐྱང་ལ་སྡིག་མཁན་དེ་དག་རྒྱལ་བཙོང་མིན་ན་ཅི་ཡིན། རང་བཙན་ཟེར་མཁན་ཚོ་ལ་གྲུབ་འབྲས་རྐང་གཅིག་ཀྱང་སྟན་རྒྱུ་མེད་པཱ། བཙན་བྱོལ་སྒྲིག་འཛུགས་རང་བཙན་ལམ་ལ་སོང་ན་རྒྱབ་སྐྱོར་དེ་ལས་མང་བ་རག་པའི་རྒྱུ་མཚན་ཅི་ཞིག་ཡོད། རྒྱུ་མཚན་མེད་པའི་གཟའ་བཤད་དེ་ཚོ་ལ་ཉན་ལོང་མེད་དོ།
xxལོང་རྟོགས་ཉོན་ཨ།
༡༩༥༩་ནས་བདུན་ཅུ་དོན་གྲངས་བར་དུ་བོད་རང་བཙན་འཐབ་རྩོད་བྱས་སྐབས་སུ་ཨ་རི་གཞུང་གིས་གོ་ལག་ཆ་དང་རྒྱུ་དངོས་པོས་རྒྱབ་སྐྱོར་བྱས་ཡོད། ཀློ་དམག་སྒར་གྱི་དམག་མི་རྣམས་ལ་དམག་སྦྱོང་སློབ་ཁྲིད་བྱས་ཡོད། རྒྱབ་སྐྱོར་མིན་ན་ཅི་རེད་་་་ཨ་་་ཤེས་མེད།
ཀློ་དམག་སྒར་གྱི་དམག་མིའི་གོ་ལག་ཆ་ཡོངས་རྫོགས་ཨ་རི་གཞུང་གིས་རོགས་རམ་སྤྲད་པ་རེད། དེང་སང་དབུ་མའི་ལམ་ཟེར་བའི་་སྲིད་ཇུས་གླུད་རྫས་འདྲ་བ་དེར་འཛིན་དུས་དམག་རོགས་དང་ལག་ཆ་རོགས་རམ་བྱེད་མཁན་འདུག་གམ། མེད་པ།་་་ཧཧ
དབུ་མའི་ལམ་ལ་ཕྱིན་པ་ནས་བཟུང་ནུབ་ཕྱོགས་པའི་ཚོང་རྫས་བྱས་པ་ལས་རྒྱབ་སྐྱོར་ཚོད་ལྡན་བྱས་མཁན་སུ་ཡང་མེད་པ། དམག་དང་གོ་ལག་གྱིས་རྒྱབ་སྐྱོར་གཡུགས་ཞོག
ཕྱི་འཇམ་ནང་ནང་རྩུབ་ངོ་མ་དེ་དབུ་མའི་ལམ་གྱི་xxཚོ་རེད། བོད་མི་ནང་ཁུལ་དང་ཐུག་དུས་ཁྱོད་ཤི་ང་གསོན་མ་གཏོགས་གྲོས་མོལ་དང་མཐུན་ལམ་མི་བྱས། རྒྱ་གུན་ཁྲན་དང་ཐུག་དུས་སྐྱག་པ་བཟའ་གྱི་མིན་པ་བྱས། སྙིང་རྗེ་་་ཨ་་་་་རྒྱལ་བཙོང་ཁྱོད་ཚོ། མི་རབས་ནས་མི་རབས་ལ་དག་ཐབས་མེད་པའི་ནག་ཉེས་ཅན་ཁྱོད་ཚོ།
ལུང་རྟོགས་ལགས། ཀྲུང་དབྱངས་ཞེས་པའི་མིང་ཚིག་དེ་ཙམ་གྱི་བློར་བཟོད་ཀྱི་མེད་ན། ཀྲུང་དབྱངས་གཞུང་དང་ཞི་མོལ་དང་ཀྲུང་དབྱངས་སྲིད་གཞུང་གི་འོག་ཏུ་ཇི་ལྟར་འགྲོ་རྒྱུ་ཡིན་ནམ། རྒྱ་གཞུང་གིས་དབུ་མའི་ལམ་ནི་ཁ་ཞེན་མི་མཚུངས་པའི་བྱ་ཐབ་རེད། བཤད་སྡོད་པ་དེར་མཐུན་སྦྱོར་མ་སྐྲུན་རོགས། རང་བཙན་དང་དབུ་མའི་སྐོར་གླེང་སར་དོལ་རྒྱལ་དང་དོལ་ཚོགས་ཞེས་དྲེད་ཡོང་བ་ནི་རྩ་བ་བོར་ནས་ཡན་གར་གླེང་བ་ཞིག་མ་རེད་དམ།
བོད་པ་གཅིག་གིས་གཅིག་ལ་དམའ་འབེབས་དང་མཐོང་ཆུང་མ་བྱེད་པར་བྱེད་པར་མཐུན་སྒྲིལ་གྱི་སྒོ་ནས། བོད་སྐད་དང་། བོད་རིག་གཞུང་ལ་སྦྱང་བརྩོན་མཛོད་ཞུ་བ་ཡིན། འདི་ཡིས་རང་ཉིད་དང་བོད་སྤྱི་ལ་ཕན་ནོ།
རྒྱ་གཞུང་གི་ངན་སེམས་དེ་ཤེས་དགོས།
རྒྱ་གཞུང་གི་གདུག་རྩུབ་ལ་ངོ་རྒོལ་བྱེད་དགོས།
རྒྱ་གཞུང་གི་གཡོ་བྱུས་ལ་གཟབ་དགོས།
རྒྱ་གཞུང་དང་། རྒྱལ་དམངས་གཉིས་ཀྱི་ཁྱད་པར་འབྱེད་ཤེས་དགོས།
འོནད་ཀྱང་།
རྒྱ་གཞུང་གི་འཆར་གཞི་བཟང་པོར་རྒྱབ་སྐྱོར་བྱེད་དགོས།
རྒྱ་གཞུང་གི་རྩ་ཁྲིམས་ཁྲིམས་ལ་དོ་སྣང་དང་། འོས་འགན་འཁྱེར་དགོས།
རྒྱ་གཞུང་གི་འཆར་གཞི་ལ་རེ་འདོན་བྱེད་ཐུབ་པར་བརྩན་དགོས།
རྒྱ་གཞུང་གི་ལས་བྱེད་གསར་པར་རེ་བ་བརྒྱབ་དགོས།
ལོང་རྟོག་གམ་ལུང་རྟོགས་ཞེས་པའི་མིང་ཅན་ལ་རྒོལ་བའི་ཟུར་མཆན་མང་པོ་ཁ་བརྡ་ཚང་གིས་སྲུབ་འགྲོ་ཡི་འདུག། དེར་རྒྱུ་མཚན་དང་གནད་ལུགས་གང་ཡོད་དམ། ལུང་རྟོགས་མིང་ཅན་དེ་ཁ་བརྡ་དྲ་རྒྱ་གཙོ་སྐྱོང་བ་ཡིན་ནམ། ཡང་ན་གནད་དོ་གཞན་ཞིག་རེད། འདིར་ཁ་བརྡ་ཚང་གིས་ལན་ཞིག་གནང་རོགས།
ཅོ་རི་ཉོན་ཨ། ཨ་རིས་གཞུང་གིས་གློ་དམག་སྒར་ལ་རྒྱབ་སྐྱོར་བྱེད་དུས་རྒྱ་ནག་ད་ལྟ་ནང་བཞིན་སྟོབས་ཆེན་ཆགས་མེད་པ་རེད་ལ། ཨ་རྒྱ་གཉིས་བར་ལ་ད་ལྟ་ལྟ་བུའི་ཚོང་འབྲེལ་ཡང་མེད་པ་རེད། དེའི་རྗེས་ནས་རྒྱ་ནག་ཆབ་སྲིད་དང་དམག་དོན་དཔལ་འབྱོར་སོགས་ཀྱི་སྟོབས་ཤུགས་ཆེར་རྒྱས་ནས་རྒྱལ་ཁབ་ཆུང་ཆུང་ཚོ་སྐྲག་དགོས་པ་དང་། ཆེན་པོ་ཚོས་བཏུན་དགོས་པ་ཆགས་སོང་བ་རེད། དེའི་རྐྱེན་གྱིས་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མེད་སོང་བ་རེད་ལ་རྒྱལ་ཁབ་ཚང་མ་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་མཁན་ཆགས་སོང་བ་རེད། ད་ཤེས་ཨེ་སོང་། དེང་སང་དབུ་མའི་ལམ་ལ་འགྲོ་མཁན་ཚོས་ཞི་བའི࿒འཐབ་རྩོད་བྱེད་ཀྱི་ཡོད་པ་ལས་དྲག་པོའི་འཐབ་རྩོད་བྱེད་ཀྱི་མེད་པས་གོ་ལག་གི་རོག་རམ་ཡོད་དོན་ག་ལ་ཡོད། གནས་ལུགས་འདི་ཙམ་ཡང་མི་ཤེས་སམ། འོན་ཀྱང་དབུ་ལམ་ནས་བོད་དོན་སེལ་ཐབས་ལ་རྒྱབ་སྐྱོར་ཡོད་ཅེས་སྟོབས་ཆེན་ཨ་རི་དང་ཡུ་རོབ་སོགས་བོད་དོན་ཐོག་ལ་སྐད་ཆ་ཅུང་ཟད་རེ་བཤད་ནུས་མཁན་ཚང་མས་བཤད་བཞིན་པ་རེད་ལ་འདི་ཡང་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཅི་ལ་མིན། དབུ་མའི་ལམ་པ་ཚོས་བོད་མི་ནང་ཁུལ་ལ་ཁྱོད་ཤི་ང་གསོན་བྱེད་ཀྱི་ཡིན་ཟེར་བ་ཞིག་གོ་མ་མྱོང་། དོལ་རྒྱལ་ཚོགས་པ་ལ་ཟེར་བ་ཡིན་ན་ནི་དབུ་ལམ་པ་ཙམ་མིན་པར་བོད་མི་བསམ་ཡོད་ཚང་མའི་ལངས་ཕྱོགས་གཅིག་གྱུར་རེད་ལ། འདི་ལྟར་བྱེད་དགོས་དོན་ཡང་མིག་ན་ལག་པས་བཟོས་པའི་དཔེ་བཞིག་ཁོ་རང་ཚོས་ཚོད་མ་ཟིན་པས་རེད།
ཚ་ཕྲུག་རྒྱལ་ལགས། ང་ཚོས་རྒྱ་གཞུང་དང་ཞི་མོལ་བྱེད་ནས་རྒྱ་ནག་གི་འོག་ལ་སྡད་ཀྱི་ཡིན་ཟེར་བ་འདི་རྒྱ་ལ་དགའ་དྲག་ནས་མ་རེད། འདི་མ་གཏོགས་གདམ་ཁ་གཞན་ཞིག་མེད་སོང་བས་རེད། རྒྱ་གུང་ཕྲན་གྱིས་བོད་ས་བཙན་འཕྲོག་བྱས་པས་མ་ཚད་བོད་མི་ས་ཡ་གཅིག་ལྷག་དམར་གསོད་དང་། བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བཏང་བ་རེད། དེས་ན་བསམ་ཡོད་སུ་ཞིག་ཡིན་ཡང་རྒྱ་གཞུང་ལ་དགའ་མི་སྲིད་པ་རེད། འོན་ཀྱང་སྐབས་དང་དུས་ལ་བཏུན་ནས་རང་ཉིད་ལ་ཁེ་ཕན་ཅུང་ཟད་ཙམ་ཡིན་ཡང་ཨེ་ཐོབ་ལྟ་དགོས་པ་ལས། ང་ཚོ་སྔ་མོའི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པས་ད་དུང་ཡང་དེ་དགོས་ཤེས་ཨུ་ཚུགས་མཐར་སྐྱེལ་བྱས་ནས་སྡད་པ་ཡིན་ན། མཐའ་མ་བོད་ཞེས་པའི་མིང་ཙམ་ཡང་མི་ལྷག་པའི་དུས་ཚོད་གཅིག་ཤར་མི་སྲིད་པ་རེད། ཆབ་སྲིད་ཅེས་པ་འདི་ནི་མིག་མང་རྩེ་བ་དང་གཅིག་པ་ཡིན་པས་དང་པོ་ཁེ་ཕན་ཆུང་ཆུང་རེ་ཨེ་རག་ལྟས་ནས་རིམ་པ་བཞིན་ཆེ་རུ་གཏོང་དགོས་པ་ལས། དང་པོ་ནས་ཆེན་པོ་ཞིག་ལ་རྔམས་སྡད་མཐའ་མ་ཤོར་རྒྱུ་ཉག་ཅིག་རེད། འདིར་ཕུ་དཀྲུག་མདའ་དཀྲུག་བྱེད་སྡོད་མཁན་འདི་ཚོ་མང་པོ་ཞིག་དོལ་རྒྱལ་བ་ཡིན་པས་ངས་དོལ་རྒྱལ་སྐོར་མ་བཤད་རང་བཤད་རེད།
གངས་ཕྲུག ཁ་བརྡ་དྲ་རྒྱ་འདི་གནས་ལུགས་དང་རྒྱུ་མཚན་བཤད་ནས་བདེན་པ་སྡར་ས་ཞིག་རེད་མ་གཏོག་སྐད་ཆའི་གད་སྙིག་སྤུང་ས་ཞིག་མ་རེད་ད། ཁ་བརྡའི་དྲ་བདག་ཚོ་ཡང་སུས་བདེན་པ་བཤད་ཀྱི་འདུག་སུས་ཧམ་བཤད་བྱེད་ཀྱི་འདུག་ལྟ་ཤེས་མཁན་གྱི་རྣམ་དཔྱོད་ཅན་རེད། དེས་ན་ཁོང་ཚོས་བདེན་པ་ལ་རྒྱབ་སྐྱོར་དང་ཧམ་བཤད་ལ་ཚོད་འཛིན་གནང་གི་ཡོད་པ་རེད། དེ་ཤེས་པར་གྱིས་ལ་རྗེས་མ་ནས་གནས་ལུགས་མེད་པའི་ཧམ་བཤད་དང་ཚིག་མཚོན་གྱི་རིགས་འདིར་ཁྱེར་མ་ཡོང་ན་ཡག་གི་རེད།
ལུང་རྟོགས་ལགས། རྒྱ་ནག་དང་ལྷན་དུ་གྲོས་མོའི་རྒྱུད་རིམ་དང་དམིགས་ཡུལ་བཅས་ཀྱི་སྐོར་ངས་ཁྱོད་ལ་བྲིས་ཀྱི་མེད་ལ། ངས་དེའི་སྐོར་སྐུ་ཉིད་ལས་ཤེས་རྟོགས་བཟང་བ་མེད་ན་སྐྱོ་བ་རང་དང་ཡིན་ཚུལ་མི་འདུག་པས་འགྲེལ་བཤད་གནང་མི་དགོས། གལ་སྲིད་དེའི་སྐོར་འགྲེལ་བཤད་ཞིག་ངར་དགོས་པའི་སྐབས་སུ་གོང་དུ་སྐུ་ཉིད་ཀྱིས་བཤད་སྡོད་པ་དེས་ངར་ཕན་གྱིན་མ་རེད། ཆབ་སྲིད་དམིག་མངས་རྩེད་སྟངས་སྐོར་གྱི་བཀའ་མོལ་དེའི་རིགས་ཀྱིས་རྒྱ་གཞུང་ལ་དོགས་པ་དང་རྣམ་རྟོག་གིས་རྒྱལ་བོད་གྲོས་མོལ་ལ་འགོག་རྐྱེན་གྱི་སྐྱོན་རྩར་འགྲོ་རྒྱུ་རང་རེད། ཕྱེད་རང་བཙན་དང་། རྣམ་པ་འགྱུར་བའི་རང་བཙན་ཞེས་བཤད་སྡོད་པར་མཐུན་རྐྱེན་རེད། དྲ་ཐོག་འདིར་དོལ་རྒྱལ་རིགས་ཡིན་ཡང་ཆོག། བརྗོད་གཞི་དང་འབྲེལ་བའི་གནད་ལུགས་ཀྱིས་གླེང་བརྗོད་གནང་རྒྱུ་ལས་གནས་སྐབས་ཡོད་ཚོད་ལ་དོལ་རྒྱལ་དོལ་རྒྱལ་ཞེས་གླེང་སྡོད་པ་དེས་ཕན་ལས་གནོད་པ་མི་ཆེ་བའི་ངེས་པར་མི་འདུག།
ཁྱོད་ལ་བྲིས་ཀྱི་མེད་ལ། དྲིས་ལ་བཅོས།
དྲ་གྲོགས་ཚོ། ལོ་རྒྱུས་བདག་པོ་རྒྱག། བོད་ནང་གི་བོད་ཀྱི་སྐད་ཡིག་ལ་བོད་ས་གནས་ས་ཐོག་གི་གཞུང་ཡིིག་བཀོལ་སྤྱོད་དང་པོར་འཇོག་དགོས་པའི་འཐབ་རྩོད་བྱེད། ཆེས་མྱུར་དུ་ཐོབ་རེ་ཡོད་པ་ནི་འདི་ཡིན། དེ་ནས་ལམ་དང་བདག་དབང་བརྩད་ན་ཆོག་གི་རེད།
ལོང་རྟོགས་ཉོན་ཨ་་་་་ཁྱོད་ཀྱིས་ཁ་བརྡའི་དྲ་ཐོག་གི་དཔྱོད་མཆན་པ་ཚོའི་སྐད་ཆ་ལ་ཉན་མཁན་ཡོད་མ་རེད་ཅེས་བཤད་སོང་ཡང་བདེན་པ་མ་རེད་བསམས་ཀྱི་ཡོད། དེང་གི་ཆ་བོད་ཀྱི་རིག་གཞུང་ལ་མཁས་པའི་བོད་མི་ཟེར་ནའང་འདྲ། ཆབ་སྲིད་དང་ལོ་རྒྱུས་མཁས་པའི་བོད་མི་ཟེར་ནའང་ཆོག འཛམ་གླིང་ཤར་ནུབ་ཡོངས་རྫོགས་ལག་མཐིལ་ནང་དུ་བལྟས་པ་ལྟར་ཟེར་ནའང་རེད། བོད་མི་མཁས་པ་མང་པོས་བསམ་ཚུལ་གསུངས་ཀྱི་ཡོད་རེད།
ཁྱོད་ལྟ་བུའི་སྒེར་གཅོད་ཀྱི་གོམ་གཤིས་མ་དོར་བའི་མི་དང་། དམར་ཕྱོགས་པའི་རྐུབ་གཡོག་བྱེད་མཁན་ཚོས་ཉན་འདོད་མེད་ནའང་ཉན་དགོས་པ་དང་། བལྟ་འདོད་མེད་ནའང་བལྟ་དགོས་པ་ཆགས་ཡོད་རེད། ཅིའི་ཕྱིར་་་ཟེར་ན་་་དེང་རབས་འདིའི་བོད་མི་རིགས་ཀྱི་མཁས་དབང་དང་རྣམ་དཔྱོད་ཅན་ཚོའི་བཤད་པའི་སྐད་ཆ་དེ་དག་བོད་མི་རིགས་ཀྱི་ཆེད་དུ་གལ་ཆེན་རེད།
ཉོན་ཨ་་་ཤེས་མེད་ཁྱོད་ཀྱིས་ཉོན་ཨ། དེང་སང་རྒྱ་ནག་ཡར་རྒྱས་ཕྱིན་པ་ལྟར་འཛམ་གླིང་གི་རྒྱལ་ཁབ་ཚང་མ་ཡར་རྒྱས་ཕྱིན་ཡོད་རེད། སྔོན་མ་དམག་ཆེན་གཉིས་པའི་སྐབས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཀའ་ངལ་ཆེན་པོ་ཡོད་རེད། ལོ་རབས་ལྔ་བཅུའི་ནང་དུ་རྒྱ་ནག་གཅིག་པོ་སྐྱོ་བོ་དང་ཡར་རྒྱས་མེད་མཁན་མ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ད་ལྟ་དང་བསྡུར་ན་སྐྱོ་པོ་རེད།
རྒྱ་གར་ཡང་ཡར་རྒྱས་ཧང་ཅང་ཡག་པོ་ཕྱིན་ཡོད་རེད། དཔལ་འབྱོར་དང་དམག་དོན། ཆབ་སྲིད་དང་མི་དམངས་ཀྱི་རང་དབང་སོགས་ཀྱི་ཐོག་ཏུ་རྒྱ་ནག་ལས་ཡག་གི་རེད། རྒྱ་གར་གཞུང་རྒྱ་ནག་ལ་སྐྲག་གི་ཁོ་རང་མ་རེད། ཕྱོགས་གང་མང་ནས་རྒྱ་ནག་ལས་ལྷག་པ་མེད་ནའང་སྐྱོ་བ་རྩ་བ་ནས་ཡོད་མ་རེད། ཤེས་སོང་ངམ།
རྒྱ་ནག་དམར་གཞུང་ནང་སྙིང་རུལ་བའི་སྟག་མོ་ཞིག་རེད། ཁོ་མགྱོགས་པོ་ཤི་ཡི་རེད། ཧོང་ཀོང་དང་ཐད་ཝན། བོད་དང་ཡུར་ཧོར། ནང་སོག་དང་མ་ཁོ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་བཅས་ཚང་མ་གུན་ཁྲན་དམར་པོའི་དགྲ་ཟླ་རེད།
འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཚོས་རྒྱ་ནག་ལ་ཕར་བསྟུན་དགོས་པ་ལྟར་རྒྱ་ནག་གཞུང་གིས་ཚུར་བསྟུན་དགོས་པ་དེ་ཡང་ལྡོག་ཏུ་མེད་པའི་རྟེན་འབྲེལ་ཆོས་ཉིད་ཤིག་ཡིན་པ་ལས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚང་མ་རྒྱ་ནག་གཞུང་གི་དབང་འོག་ཏུ་བསྡུས་སོང་བ་ལྟ་བུ་མ་རེད།
བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སྔ་ཡང་བྱུང་མྱངས་ལ་དེང་སང་ཡང་ཡོད། མ་འོངས་པ་ལའང་ཡོང་ངེས་རེད། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མི་འདུག་ཅེས་པའི་སྐད་ཆ་དེ་དག་རྒྱལ་བཙོང་བ་ཚོས་བཤད་བསྡད་པའི་སྐད་ཆ་ཙམ་ལས་དོན་གནས་པའི་སྐད་ཆ་མ་རེད་དོ།
ཅོ་རི་ཉོན་ཨ། ངོ་མ་མི་ཤེས་མེད་ཀྱི་སྐད་ཆ་བཤད་སྟངས་འདི་འདྲ་རེད། ལྟོས་ཨ། བོད་ཀྱི་རིག་གཞུང་དང་རྒྱལ་སྤྱིའི་ཆབ་སྲིད་ལ་མཁས་པའི་བོད་མི་ཚོས་བསམ་ཚུལ་ལོས་གསུང་ཁོང་ཚོ་མཁས་པ་ཡིན་པས་སོ། འོན་ཀྱང་ཁྱོད་ཅོ་རི་དང་མཐུན་པའི་བསམ་ཚུལ་གསུང་གི་ཡོད་ཟེར་ན་གད་མོ་རྐུབ་ནས་ཤོར་ཡོང་། ཁོང་ཚོ་ཕལ་མོ་ཆེས་གོང་ས་མཆོག་ལ་གུས་སྐུར་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས། ཁོང་ལ་ཁ་གཏོང་ནས་དོལ་རྒྱལ་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དངོས་ཡོད་གནས་ཚུལ་རེད། བོད་མི་རིགས་ཀྱི་མཁས་དབང་རྣམ་དཔྱོད་ཅན་རྣམ་ཀྱིས་གང་འདོད་པ་ནི་ང་དང་ང་ལྟ་བུ་དག་གི་འདོད་ཕྱོགས་དང་གཅིག་མཚུང་ཡིན་པས་དེ་དག་ཉན་འདོད་མེད་བཞིན་དུ་ཉན་དགོས་པའི་གནད་དོན་མ་རེད། ཉན་འདོད་མེད་བཞིན་དུ་ཉན་དགོས་མཁན་ནི་ཁྱོད་དང་ཁྱོད་ལྟ་བུའི་བོད་མི་སྤྱི་ཡོངས་ཀྱི་བསམ་ཚུལ་དང་ལྡོག་ཕྱོགས་ལ་འགྲོ་མཁན་ཁ་ཤས་རེད། འཛམ་གླིང་ཡར་རྒྱས་ཕྱིན་ཡོད་ཀྱང་ཡར་རྒྱས་ལ་ཆེ་ཆུང་ཡོད་པ་རེད། རྒྱ་ནག་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་པ་ཁྱོད་ཀྱིས་མ་ཤེས་སམ། དེས་ན་རྒྱལ་ཁབ་ཆེ་བ་ཚོས་བཏུན་དགོས་ཀྱི་ཡོད་པ་རེད་ལ་ཆུང་བ་ཚོ་སྐྲག་དགོས་ཀྱི་ཡོད་པ་རེད། རྒྱ་གར་གཞུང་རྒྱ་ནག་ལ་སྐྲག་གི་ཡོད་མེད་ས་མཚམས་ཀྱི་གནས་ཚུལ་ལྟོས་དང་གསལ་པོ་རེད། རྒྱ་དམག་རྟག་པར་རྒྱ་གར་གྱི་ས་མཚམས་ནང་ལ་འཛུལ་གྱི་ཡོད་ཀྱང་རྒྱ་གར་གཞུང་གིས་ད་དུང་ཁ་སྙན་པོ་རེ་བཤད་ནས་སྡད་མི་འདུག་གམ། རང་ཉིད་ཀྱི་ས་མཚམས་སྲུང་མི་ཐུབ་མཁན་ཞིག་གིས་བོད་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་ཐུབ། རྒྱ་ནག་འགྱོག་པོ་ཤི་ན་ང་ཚོ་ལ་དགོས་རྒྱུ་དེ་རེད། འོན་ཀྱང་རྒྱ་ནག་འགྱོག་པོ་ཤི་བའི་རྒྱ་མཚན་ཡང་དག་ཅིག་དགོས་པ་ལས་ཁ་ནས་ཤི་ཡི་རེད་ཟེར་བ་ཙམ་གྱིས་ཕན་ཐོག་མེད་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཚང་མ་ཕན་ཚུན་བཏུན་དགོས་པའི་དབང་གིས་རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་ཁ་གཏད་ལ་ལང་ནས་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་མ་རེད་ཟེར་བ་ཡིན། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་སུ་འདུག་གཅིག་ཁྱེར་རྒྱུ་འདུག་ན་ང་ཕམ་པར་རྩི་ཆོག
སྒུག་་་ཨ་་་མགོ་སྟོང། ལན་རྒྱག་འོང་་་དང་པོ་ཕྱི་ལ་འགྲོ་དགོས་ཀྱི་འདུག