ཤར་ཕྱོགས་ཁུག་རྟ།
འདིར་ངེད་ས་གནས་དབུ་མའི་ལམ་ལས་འགུལ་ཁང་གི་དོན་སྙིང་ལྡན་པའི་ལས་འགུལ་འདིར་ཡི་རངས་ཞུ་བ་དང་ཞོར་དུ་བརྗོད་རྒྱུར། བོད་ཐོག་མཁྲེགས་འཛིན་ཅན་གྱི་དཔོན་རིགས་ཀྲུའུ་ཝེ་ཆོན་གྱི་ཉེ་བའི་ཁུངས་བྲལ་སྒེར་གྱི་གཏམ་འཆལ་དེར་ངོ་རྒོལ་དང་། ཀྲུའུ་ཡི་གཞི་རྩ་བྲལ་ཞིང་དངོས་ཡོད་དང་མི་མཐུན་པའི་བསམ་ཚུལ་དེ་རིགས་ལ། པེ་ཅིང་གཙོས་རྒྱལ་ནང་གི་ས་ཁུལ་གང་སར་རྒྱ་རིགས་ཤེས་ལྡན་པ་མང་པོས་སྐྱོན་བརྗོད་དང་། རྒྱལ་ཁབ་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་གྱི་འཕྲལ་ཕུགས་གང་སར་ཕན་མེད་དུ་ངོས་འཛིན་བྱེད་བཞིན་པའི་སྐབས་འདིར། འདི་ནས་ཀྱང་ཁོང་གི་བཟི་གཏམ་དེར་བདག་པོ་རྒྱག་འདོད་གཏན་ནས་མ་བྱུང་།
སྐུ་ཞབས་ཀྲུའུ་ཡི་དེ་སྔའི་འཐབ་ཕྱོགས་གཅིག་གྱུར་གྱི་འཛིན་སྐྱོང་གནས་བབ་དང། དམིགས་བསལ་བོད་ཕྱོགས་སྐུ་ཚབ་དང་འབྲེལ་མོལ་བྱས་པའི་རྒྱུད་རིམ་བཅས་ལ། དེང་སང་པེ་ཅིང་གི་བསྐྱར་ཞིབ་དེ་སྤྱི་མཚུངས་འགྲོ་ངེས་པའི་རླུང་ཡན་གང་སར་ལྡིང་བའི་སྐབས་འདིར། སྐུ་ཞབས་མཆོག་ལ་ཁྲོ་ཚིག་སྨྲས་ཏེ་སྐུ་རླུང་ཇེ་ཆེར་བཏང་འདོད་ཡེ་ནས་མེད་ལ། གཉིས་སྨན་དབུ་མའི་ལམ་ལ་ཕྱེད་རང་བཙན་ཟེར་བ་ནི་འགྱུར་ཏེ། ཁ་སང་མགོ་བསྐོར་གཏོང་བྱེད་ཅེས་བསྒྲགས་འདུག་པ་ནི་ལན་མེད་པའི་ལན་རང་ཡིན་ནའང། སྐུ་ཞབས་མཆོག་ལ་མགོ་བསྐོར་ཅི་ཞིག་ཐེབས་པ་ཡིན་ནམ་སྙམ་ནས་གད་མོ་ཡང་དབང་མེད་དུ་ཤོར་བར་གྱུར།
འདི་ནས་དུས་རབས་ཀྱི་འགྲོས་དང་རླབས་ཆེན་སྐྱེས་བུ་དག་གི་ལམ་སྟོན་དང་འགྲོགས་ཏེ། རྒྱལ་སྤྱི་དང་རྒྱལ་ནང། མི་རིགས་ས་ཁུལ་གང་སར་རེ་བ་དང་གསོན་ཉམས་འབར་བའི་སྲིད་འཛིན་ཞིས་ཀྱི་གཞུང་གསར་པས། གོང་ས་མཆོག་གི་སྐུ་ཚབ་གསར་པའི་མཉམ་འབྲེལ་མོལ་གནང་རྒྱུར་ཞི་བའི་རེ་འདུན་ཤུགས་ཆེར་སྒྲོག་བཞིན་པ་ཡིན་ལ། བོད་མི་ཚོས་ཀྱང་ཀྲུའུ་ཡི་གཏམ་འཆལ་ལག་ཏུ་འཕྱར་ནས་རྒྱ་བོད་གཉིས་སྨན་དབུ་མའི་ལམ་ལ་སྐྱོན་འདོགས་བྱེད་པར་ཧེབ་ལངས་པའི་གསར་ཁང་དང། མི་ཁ་ཤས་ཀྱི་བྱེད་བབ་ངོས་ཟིན་པ་གནང་སྟེ་དབུ་མའི་ལམ་གྱི་དར་ཆ་མཐོན་པོར་སྒྲེང་རོགས། བོད་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ།
2015། 3། 14། ཉིན། ཤར་ཕྱོགས་ཁུག་རྟས།
The Drunk Talk of Zhuwei Qun
Sharchok Kuhta
Here I rejoice at the meaningful movement by the regional office of The Middle Way Movement, and in passing would like say that I protest against the recent baseless stray talk on Tibet cause, by the hardliner leader Zhuwei Qun.
During this time of criticism, from many educated Chinese people of Beijing and other areas of China towards the non-factual and baseless opinions of Zhuwei Qun, and at a time when his opinions are being considered by them as useless for the country’s stability and racial harmony—both at present and in the long run—from here too we do not have any reasons at all to adopt his inebriated talk. At this time when there is a whirlwind speculations of standard reviews going to be done by Beijing on the doings of Zhuwei during his tenure of administration of The United Front, and especially with the process of Dialogues with Delegates on Tibet, I do not at all have any intention to speaking out of wrath, nor to make him more enraged.
His pronouncement yesterday that the mutually beneficial Middle Way is for befooling—a changed tune from earlier remark of it as “semi independence”—is a rebuttal without response; yet, I had no choice but to laugh thinking what befooling he had been under.
From here I express a strong hope of peace that President Xei’s new government, with hope and glory internationally and domestically—and of race—will continue the peaceful dialogue with the new Representatives of His Holiness the Dalai Lama, by going parallel with modes of time, taking guidance from inspirational personalities.
Tibetans should recognise the activities of the media and few person who rushe in criticising the mutually beneficial, to both Chinese and Tibetans, The Middle Way, by raising the banner of Zhuwei’s distorted talk. And, Tibetans should hoist high the flag of The Middle Way.
Bod-gyal lo! Um-la-lam goal-lo!
3/14/2015
ད་ཚར་ཤག གོང་ས་མཆོག་གིས་ཀྱང་དགོངས་པ་བསྐྱུར་དུ་བཞེས་རན་འདུག
རྒྱ་ནག་གཞུང་གི་དམིགས་བསལ་སྐུ་ཚབ་ཀྲུའུ་གདོང་ལ་ཐོན་ནས་དབུ་མའི་ལམ་ཁྱོན་ཡོངས་ནས་བསྙོན་འབྱིན་བྱས་ཟིན་པའི་ཁར། གོང་སའི་ཡང་སྲིད་ཐག་གཅོད་དབང་ཆའང་རྒྱ་ནག་དབུས་གཞུང་ལས་ཏཱ་ལའི་བླ་མ་འདུ་བའི་མི་སུ་གང་ལའང་མེད་ཅེས་ཚིག་ཐག་ཆོད་པོས་འཐུས་མི་ཚོགས་ཆེན་སྒང་འཛམ་གླིང་སྟེང་བསྒྲགས་པ་རེད། འདི་ནི་རྒྱ་ནག་གཞུང་འབྲེལ་སྲིད་བྱུས་གཏན་འབེབས་ཀྱི་ཚོགས་ཆེན་རེད། འདི་ལྟ་བུའི་སྲིད་བྱུས་གསར་པ་མིན་ན་གང་ལ་གསར་པ་ཞེས་འབོད་དགོས་སམ།
དབུ་ལམ་པ་ཡིན་ཟེར་མཁན་ཚོས་བོད་ནང་ཁུལ་དཀྲུགས་ཤེས་པ་ལས་རྒྱ་ནག་གཞུང་ལ་འཕྲད་སྐབས་སྤྲང་པོས་དངུལ་ལོ་མཐོང་བ་ལྟར་གྱུར་དོན་ཅི་ཡིན་ནམ།
ཀརྨ་ལགས།
རྒྱ་ཕྱོགས་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ཀྱང་ཚིག་ཐག་བཅད་མེད་དམ། སྐུ་མཁྱེན། གང་ཡིན་སར་ཤེས་མ་ཤེས་བར་ནས་ཁྱི་སྟུག་འཕེན་གི་མ་འདུག ཧཧཧ
ད་མགོ་རྙོག་ཀི ངོ་མ་མགོ་རྙོག་ཀི ཞིའི་པར་འདི༸གོང་ས་མཆོག་གི་མཉམ་ཅི་ཕྱིར་སླེབས་སམ། ང་ཚོས་མགོ་སྒུར་བ་མང་དྲགས། ཅི་ཙམ་སྒུར་དུ་བཅུག་ན་སྒུར་རྒྱུ་ཡིན་པ་འདྲ།
ངས་བསམ་ན་བཟི་ཡ་ངོ་མ་དེ་ཤར་ཁུག་བཟི་འདུག་བསམ་་ཧཧཧཧ དེ་རིང་སྐར་ལྔའི་དར་དམར་ག་བ་ཡོད། ཞི་ཅིན་ཕིན་ཡོད་ན་དར་དམར་དེདགོས་རེད་བ། ད་ལས་རྒྱུ་མང་ན་ཆགས་སྒོ་མང་ཟེར་བ་ལྟར་རེད།
སཏྱེ་བ་ཛ་ཡ་ཏེ། བདེན་པ་ཉིད་རྟག་ཏུ་རྒྱལ་བར་འགྱུར་རོ།
ཁ་སང་དེ་རིང་གི་བྱེད་སྟངས་ལ་བལྟས་ན་དབུ་མ་བ་ཚོ་ཡང་སྐུ་ར་ཏོག་ཙམ་སྦེར་ཡོད་པའི་བཟོ་ལྟ་འདུག་ག
དབུ་མ་དང་རང་བཙན། ང་ཡིན་ཁོ་ཡིན་ག་ཚོད་ལབ་རུང། རྒྱ་ལ་ལབ་ཐོབས་མཁན། ལན་འདེབས་ཤེས་མཁན། ཤར་ཁུག་ཨ་མའི་བུ་ཁྱེད་རང་རེད། མུ་མཐུད་ཤུགས་རྒྱོབ། དབུ་མ་པ་ཤུགས་རྒྱོབ། མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་ཟམ་ཆེན་ཏེ་སྐུ་ཚབ་གནང་རོགས། བོད་མིའི་མགོ་ཁྲིད་གནང་རོགས། ཡིན་གདའ། རྒྱལ་བའི་དགོངས་གཞི་ཁོ་ནའི་ཆེད་དུ་རང་ཉིད་བློས་གཏོང་མཁན། ཆོས་སྲིད་རླུང་རྟ་ཏི་སེ་གངས་དང་མཉམ་པར་ཤོག དབུ་མའི་ལམ་རྒྱལ་ལོ།
རྒྱ་ལ་མགོ་གུས་དབུ་མའི་་ལམ་།
རྒྱ་ཡི་་རྐུབ་ལྡག་དབུ་མའི་ལམ་།
ཧ་ཧ་ཧ་གོང་མཆོག་དང་རྒྱ་དཔོན་མཉམ་དུ་བཞག་པ་དབུ་མའུ་ལམ་།
ཕོ་གི་བླ་རྩོང་།
མོ་གི་གཡུ་བཅག་།
ཧ་ཧ་ཧ་
རྒྱལ་སྤྒིའི་མདུན་བོད་པ་ཚང་ངོ་ཚ་།
ད་བཙན་བྱོལ་སྤྒི་ཚོགས་ནང་རྒྱ་ཡི་སོ་པ་ཡོད་པ་ཐག་ཆོག་།
སྔོམ་གྱི་ཁ་དཔེ་ལ་རྟ་ཨེ་བཙོང་ལབ་དུས་མ་བཙོང་ན། རྟ་ཨེ་ཉོ་ལབ་དུས་ཉོ་ལེ་མིན་ཟེར། ཧཧཧཧཧཧ དབུ་ལམ་པ་ལ་ཁ་ཕྱོགས་དང་འཐབས་རྩོད་འདི་ཡིན་ཟེར་བ་གཅིག་ཀྱང་མེད། ཡོད་པ་དེ་རང་བཙན་དང་དོལ་རྒྱལ་གཉིས་ལ་རེད།
“ཟླ་བ་གཅིག་གི་སྔོན་རྒྱ་དམར་གཞུང་ཚབ་ལ་མགོ་བཏགས་ནས་པེ་ཅིན་ལ་སོང་ཚུར་ཡོང་སྟེ་ལས་འགུལ་ཨང་དང་བོ་མི་དམངས་མདུན་རྩོམ་འཁྱོག་འདི་སྤེལ་སྟངས་ལ་ལྟོས་ན།” དངོས་གནས་མི་ཟེར་རྒྱུ་ཞིག་མི་འདུག ཧེ་ཧེ།
ཤར་ཁུག་གིས་འབྲི་དོན་ཤེས་མ་སོང་ཡང་། འཕྲེད་དར་འདི་ལ་རྒྱབ་སྐྱོར་ཡོད། གཉིས་སྨན་མྱུར་ཕན་ཤོག། །།
ད་མི་ཟེར་བ་འདི་རང་དོན་གྲུབ་ནས་གཞན་དོན་སྒྲུབ་པར་ཚུར་རྒྱ་གར་ལ་སླེབས་རེད།
སཏྱམེ་བ་ ཛ་ཡ་ཏེ། བདེན་པ་ཉིད་རྟག་ཏུ་རྒྱལ་བར་འགྱུར་རོ། སྔོན་མར་མ་ཡིག་ཆད་པར་ཞུས་དག་བྱས་སོ།
ཧཧཧཧ་ད་ནི་རྒྱུ་འབྲས་གོ་ལྡོག་སོང་བ་རེད། རྒྱ་གར་ན་རྒྱ་མིའི་རྒྱུགས་རྒྱུ་ནང་རུལ་བ་མང་དུ་རེད་ཤག། གསུན་བཅུ་དུས་དྲན་མི་དགོས་ཟེར་བ་དང་བོད་རང་བཙན་མི་དགོས་ཟེར་མཁན་འདི་འདྲ་མང་བོ་བྱུང་གི་ཡོད་པ་ནི་ང་ཚོ་ཚར་བཞིན་པའི་ངོ་རྟགས་རང་རེད་དོ།་ཐན་བྱཚང་གི་སྐད་འདིས་རྒྱ་མིའི་ལས་འཆར་དངོས་གནས་རྡ་རམ་ས་ལ་བཏང་འདུག་བསམ།
ཀྲུའུ་ཡི་སྐད་ཆ་འདིས་སྟེངས་ནས་དབུ་མའི་ལམ་གྱིས་ཁོ་ཚོ་འདུག་མི་བདེ་བ་བཟོ་ཡི་ཡོད་པ་གསལ་པོ་རེད། འཇིག་རྟེན་གྱི་དཔེ་ལ། ལུས་མི་བདེ་ས་དེར་ཡང་ཡང་ཐུག སེམས་མི་བདེ་བ་དེ་ཡང་ཡང་བཤད་ཅེས་པ་ལྟར་རེད། ཁོས་འདི་ལྟར་བཤད་དོན་ཡང་གཅིག་ནས་བོད་མི་ཚོ་དབུ་ལམ་ལ་ཡིད་ཆེས་མེད་པ་བཟོ་ཐབས་དང་། གཉིས་ནས་དབུ་ལམ་གྱི་འགལ་ཟླར་ལང་མཁན་ཚོས་དབུ་ལམ་ལ་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་གཏོང་ནས་བོད་པ་ནང་ཁུལ་གཅིག་སྒྲིལ་གྱི་ནུས་པ་ཁ་འཐོར་གཏོང་ཐབས་ཀྱི་གཡོ་ཇུས་ཤིག་རེད།
ཨ་ཁ། ཡང་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་འགྲན་བཙུགས་པ་རེད། སྲིད་སྐྱོང་མཆོག་དེ་སྔ་པེ་ཅིན་ལ་ཕེབས་མྱོང་སྟབས། ཤར་ཁུག་ལགས་ཀྱིས་ཀྱང་འཇོན་ཐང་ཅིག་བསྟན་ཏེ་འགྲན་བཙུགས་པ་ཐག་ཆོད་རེད། xxxx
བཀུར་འོས་ཁ་བརྡ་རྩོམ་སྒྲིག་པ་མཆོག་གང་དེར།
ཕྲན་གྱི་དྲ་མིང་དང་གཅིག་པ་ཡིན་པ་བོད་ཀྱི་བུ་ཟེར་བ་ཅིག་ནས་གོང་དུ་ཚངས་དབྱངས་རྒྱ་མཚོ་ལགས་དང་ཤར་ཕྱོགས་ཁུག་རྟ་ལགས་གཉིས་སུ་སྐྱོན་འཛུགས་མང་པོ་བྱས་འདུག་པས།མི་དེ་ཕྲན་དང་མི་གཅིག་པ་གཏན་ནས་མིན་པ་དང་།ངེད་གཉིས་བསམ་ཚུལ་ཡང་ཤིན་ཏུ་ཐ་དད་པར་སོང་ཕན་ཚུན་འཁྲིག་ཐེབས་གཞིར་གྱུར་ཙམ་ལས་མ་འདས་སྟབས།ཁྱེད་ཁ་བརྡ་ཚང་གིས་རབ་ཡིན་ན་ངེད་གཉིས་ཀའི་དྲ་མིང་དེ་མེད་པར་བཟོ་རོགས་གནོང་།ཡང་མིན་ན་ངེད་གཉིས་ནས་གཅིག་གི་དྲ་མིང་གསལ་བཤད་དང་བཅས་མེད་པ་བཟོ་རོགས།།སྐུ་མཁྱེན།།
ཧ་ཧ་་་ལོང་རྟོགས་ལགས། དབུ་མའི་ལམ་གྱིས་ཁོ་ཚོ་འདུག་མི་བདེ་བ་ཞིག་བཟོ་ཡི་ཡོད་ན་་་བོད་རང་བཙན་གྱིས་ཁོ་ཚོ་ལ་ན་ཟུག་བརྒྱབ་ཀིན་ཡོད་ཀྱི་རེད་བ། ཁོས་དེ་འདྲ་བཤད་དོན་བོད་མི་ཚོ་དབུ་མའི་ལམ་ལ་ཡིད་ཆེས་ཡོང་ཆེད་དུ་བཤད་ཀྱི་ཡོད་རེད། ཁྱོད་ལྟ་བུ་ཚོས་སྐད་ཆ་བཤད་བདེ་ཆེད་དུ་རེད། ལྟོས་དང་བོད་མི་ཚོ་་རྒྱ་གཞུང་གི་དཔོན་རིགས་ཚོས་སྐད་ཤོར་གྱི་འདུག་ག དབུ་མའི་ལམ་གྱིས་ཁོ་ཚོ་འདུག་མི་བདེ་བ་ཞིག་བཟོ་གི་ཡོད་རེད་ད་་་་ཟེར་ནས་ཁྱོད་ཚོས་བཤད་ཆོག་གི་རེད་བ།
ཁྱོད་ཀྱིས་བཤད་བཞིན་པ་ཡང་རེད་འདུག་ག དབུ་མའི་ལམ་ལ་མ་ཕྱིན་ན་ཁྱོད་ཚོས་བོད་ཆེན་པོའི་རྒྱལ་ཁབ་རྩ་མེད་བཟོ་ཐུབ་ཐབས་མེད་པ། བོད་མི་ནང་ཁུལ་དུ་འགལ་ཟླ་ལོངས་དགོས་ན་ཨང་དང་པོར་ཁྱོད་ཚོའི་གྲལ་ཡིན་པ། བོད་རང་བཙན་འདོད་མཁན་ཚོ་བདུད་ལྟ་བུ་དང་། བོད་རང་བཙན་གྱི་འབོད་སྒྲ་བསྒྲག་མི་ཆོག་ཟེར་མཁན་ཁྱོད་ཚོས་གྲལ་ཡིན་པ། བོད་ལྷག་བསམ་ཅན་ཚང་མ་རྒྱང་རྒྱང་ནས་ཕུད་མཁན་ཁྱོད་ཚོ་ཡིན་པ།
ཁྱོད་ལ་ཆབ་སྲིད་ཀྱི་གོ་རྟོགས་མི་འདུག་ག རྒྱལ་རབས་ལོ་རྒྱུས་ལ་ཤེས་ཚོད་མི་འདུག ཆོས་འཇིག་རྟེན་གཉིས་ཀྱི་ཕྱོགས་ནས་ཤེས་ཚོད་ལངས་མི་འདུག་ག་་་་དམངས་གཙོའི་ལུང་པའི་ནང་དུ་མི་ཚེ་ཡུན་རིང་བསྐྱེལ་མྱངས་བའི་ཉམས་མྱོང་ཙམ་མེད་པར་འདྲ། བོད་ཆེན་པོའི་རྒྱལ་ཁབ་འདི་བོད་མི་དམངས་ལ་བདག་པ་ལས་ཁྱོད་ལྟ་བུའི་རྒྱ་དགའ་བ་རེ་གཉིས་ལ་བདག་སོང་བ་ཞིག་མ་རེད་ད། བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་དབང་རང་བཙན་གྱི་ཆེད་དུ་སྔ་ཡང་ཕ་མེས་ཡང་ཚོས་སྲོག་བཏངས་ནས་ཡོང་བ་རེད་ལ་་་རྗེས་སུ་ཡང་སྲོག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་སླེབས་ཀིན་རེད་ད།
ལོང་རྟོགས་་་་དེང་སང་དྲ་རྒྱ་དར་རྒྱས་ཡོད་པའི་དེང་རབས་རེད་ད། བརྡ་འཕྲིན་དྲ་བ་འདིའི་ནུས་ཤུགས་ཀྱིས་སྒེར་གཅོད་པ་མགོ་གཏིང་ལོག་གི་ཡོད་པ་དང་། སྲིད་དོན་པ་ཚོས་མི་དམངས་མགོ་སྐོར་བཏང་མ་ཐུབ་ནས་སྲིད་དབང་སྒེར་འཛིན་ལམ་ལུགས་རྩ་མེད་འགྲོ་བཞིན་ཡོད་པའི་དུས་རབས་རེད།
ངའི་སེམས་ཁུང་གི་བོད་མི་རིགས་འདི་ཡང་རྨོངས་གཉིད་ལས་སད་འོང་བཞིན་ཡོད་ལ་་་་ཉིན་རེ་ནས་ཉིན་རེར་རྟོག་སད་པ་མང་རེ་འགྲོ་གི་ཡོད། ཆོས་ལུགས་དང་ཆབ་སྲིད་ཀྱིས་མགོ་སྐོར་གཏོང་ཁག་རེ་འགྲོ་གི་ཡོད། ཤེས་སོང་ངམ། ཁྱོད་ཀྱིས་རྒྱ་ནག་དམར་ཕྱོགས་པའི་འགྲོ་སྟངས་ཙམ་དང་རྡ་ས་སྒྲིག་འཛུགས་ཀྱི་ཆབ་སྲིད་ཙམ་མ་གཏོགས་མ་ཤེས་ན་་་ནུབ་ཕྱོགས་རྒྱལ་ཁབ་ཤིག་ནང་དུ་མི་ལོ་ཅོ་ལྔ་ཉིས་ཤུ་ཞིག་མི་ཚེ་བསྐྱེལ་མཁན་རྒྱུགས་དང་་་་རང་བཞིན་གྱི་གོ་རྟོགས་སད་འོང་གི་རེད།་་་་ཧཧཧ་་
ཅོ་རི། གནས་ལུགས་ཚིག་གཅིག་མེད་པའི་ཉོག་བཤད་དེ་ཚོ་ལ་ལེན་འདེབས་རྒྱུའི་དུས་ཚོད་མེད། ཁྱོད་ལ་མཚོན་ན་རྟག་པར་དྲྭ་རྒྱའི་ནང་ལ་འཛུལ་ནས་ནང་ཁུལ་དཀྲུག་པའི་ཉོག་བཤད་རྒྱག་རྒྱུ་དེ་རང་ཁ་གསོ་ཐབས་ཀྱི་ཆད་ལས་ཡིན་པས་ཉོག་བཤད་བྱེད་རྒྱུའི་ཁོམ་པ་ཡོད་རྒྱུ་རེད། འོན་ཀྱང་ང་ལ་མཚོན་ན་སློབ་སྦྱོང་དང་ལས་རིགས་གཉེར་ནས་འཚོ་བའི་མདིན་ལམ་བཙལ་དགོས་པ་ལས་ཉིག་ཉོག་བྲིས་ནས་པད་ཤག་སྤྲོད་མཁན་ཞིག་མེད། འོན་ཀྱང་རང་ཉིད་བོད་པ་ཞིག་ཡིན་པས་གནས་ལུགས་རྒྱུ་མཚན་གྱི་ཐོག་ནས་བཤད་མཁན་ཞིག་ཡོད་ན་དགའ་སྒྲུབ་མུ་མཐུད་ནས་བྱེད་ཆོག
ལོང་རྟོགས་་་ཁྱོད་ལྟ་བུའི་བོད་རང་བཙན་གྱི་འཐབ་རྩོད་རྩ་མེད་བཟོ་མཁན་དང་བོད་མི་ཉམ་ཆུང་ཚོ་ལ་གཉའ་གནོན་སྤྲད་མཁན་ཚོ་ལ་དངུལ་སྤྲོད་མཁན་མེད་ན་སུ་ལ་དངུལ་སྤྲོད་མཁན་ཡོད་དམ། གནས་ལུགས་ཟེར་བ་ཞིག་ཁྱོད་ཀྱིས་སྔ་ཡང་བཤད་མྱངས་མེད་ལ་རྗེས་སུ་བཤད་ཤེས་ཀྱི་རེད་བསམས་ཀིན་མེད།
ངས་རེ་བ་ལ་ཁྱོད་དྲ་ཐོག་ཏུ་དྲང་བདེན་གྱི་དགྲ་བོ་དང་ཉམ་ཆུང་གི་གཉའ་གནོན། སྒེར་གཅོད་པའི་ལག་གཡོག་བྱེད་མཁན་མ་འོང་རོགས་བྱོས། བོད་མི་རིགས་ཀྱི་མདུན་ལམ་ལ་གནོད་ཀྱི་འདུག དུས་ཚོད་མེད་ན་ཡག་ཤོས་རེད་་ཁ་བཙུམ་ནས་སྡོད།
ཅོ་རི། བོད་རིགས་ཀྱི་ཐོབ་དང་ཡོངས་རྫོགས་དངུལ་དང་རྗེ་མཁན་ཁྱོད་ཚོ་དོལ་ཕྲུག་ཚོ་རེ་ད། ཁྱོད་ཚོས་རང་བཙན་ཟེར་ཡོང་དུས་ང་ནི་གད་མོ་ཤོར་ནས་གྲོད་གོག་ཡང་ན་ཡོང་གི་འདུག ངས་གནས་ལུགས་བཤད་ཡོད་མེད་དྲ་གྲོགས་ཚོས་ཤེས་ཀྱི་རེད། ཁྱོད་རང་གིས་བཤད་མ་སོང་ཟེར་ཡང་ངའི་སྐད་ཆ་ལ་གནས་ལུགས་མེད་པ་ཆགས་འགྲོ་ཡི་མ་རེད། ངའི་རེ་བ་ལ། ཁྱོད་རང་བོད་ཀྱི་ཤ་ཁྲག་རུས་གསུམ་ལས་མཆེད་པ་ཞིག་ཡིན་པའི་ཆ་ནས་བོད་རིགས་ནང་ཁུལ་དཀྲུག་ནས་རང་ཉིད་ཀྱི་ཁེ་ཕན་སྒྲུབ་རྒྱུ་མཚམས་འཇོག་བྱེད་རོག སྦྱིན་བདག་གི་སྡེར་མ་སྐྲུས་ནས་རང་ཁ་ཨེ་སོས་ལྟ་རོག
# 13 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།:
March 16th, 2015 at 2:28 AM
སཏྱམེ་བ་ ཛ་ཡ་ཏེ། བདེན་པ་ཉིད་རྟག་ཏུ་རྒྱལ་བར་འགྱུར་རོ། སྔོན་མར་མ་ཡིག་ཆད་པར་ཞུས་དག་བྱས་སོ།
མཁས་དབང་འཇམ་དཔལ་ལགས། ་་་་་མེ་བའི་དོན་གང་ཡིན་ནམ། རྟག་ཏུ་འདི་ངེས་པར་དགོས་སམ། ཡང་། འགྱུར་ཅིག་ དང་། འགྱུར་རོ། གཉིས་གང་འགྱུར་བཟང་ངམ་། ལགས།
23 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
March 18th, 2015 at 12:38 AM
# 13 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།:
March 16th, 2015 at 2:28 AM
སཏྱམེ་བ་ ཛ་ཡ་ཏེ། བདེན་པ་ཉིད་རྟག་ཏུ་རྒྱལ་བར་འགྱུར་རོ། སྔོན་མར་མ་ཡིག་ཆད་པར་ཞུས་དག་བྱས་སོ།
མཁས་དབང་འཇམ་དཔལ་ལགས། ་་་་་མེ་བའི་དོན་གང་ཡིན་ནམ། རྟག་ཏུ་འདི་ངེས་པར་དགོས་སམ། ཡང་། འགྱུར་ཅིག་ དང་། འགྱུར་རོ། གཉིས་གང་འགྱུར་བཟང་ངམ་། ལགས།
ཀརྡོ་གཉེར་ཕྱག་པ་་མཆོག་ལ་ཞུ་བ། ལེགས་སྦྱར་སྐད་དུ། ཨ་ཡིག་མཐའ་ཅན་གཉིས་སུ་དབྱེ། ཕོ་རྟགས་དང་། མ་ནིང་རྟགས་སོ། སཏྱ། ཞེས་པ་མ་ནིང་རྟགས་ཡིན་པར་རྣམ་དབྱེ་དང་པོའི་རྐྱེན་སྦྱར་འབྲས་ཀྱིས་སསྟྱམ་ཞེས་རྣམ་དབྱེ་དང་པོ་ཡིན།
འདིར་མ་ཡིག་ལ་སྲོག་མེད་ཀྱི་རྟགས་བཟོ་མ་ཐུབ་པར་དགོངས་དག། ཨེ་བ། ཁོ་ནའམ་ཉིད་ཅེས་པའི་སྐད་དོད་ཡིན་ཅིང་། སཏྱམེ་བ་ ཛ་ཡ་ཏེ། རྒྱལ་ལོའམ་རྒྱལ་བར་འགྱུར་རོ། ཞེས་སོ། རྟག་ཏུ། ཞེས་པ་དོན་ལ་ཡོད་ཀྱང་། ཚིག་དངོས་ལ་མེད་པ་བྲིས་ཤོར་བར་ཁྱེད་སྤྱན་རས་ཡངས་པས་གཟིགས་པ་བདེན་ནོ། འདིར་གནས་ལུགས་བཤད་པ་ལས་སྨོན་ཚིག་མ་ཡིན་པས། འགྱུར་རོ་ཞེས་པ་བཟང་ངོ་།
་
འགྱུར་ཅིག ཅེས་འ་སྔོན་འཇུག་ཡོད་པ་ནོར་འཁྲུལ་ཡིན།
འདྲེན་པའི་དཔལ་དུ་བདག་གྱུར་ཅིག ཅེས་པ་རྨ་མེད་པའོ། དེ་ལྟར་ཐུགས་ལ་ཞོག་ཅིག