གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༥ ཟླ་༣ ཚེས་༡༧ ཉིན་གྱི་བོད་ནང་གི་ཆུ་ཚོད་གསུམ་དང་སྐར་མ་བཞི་བཅུ་ཡས་མས་སུ་བོད་མདོ་སྨད་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ་རྔ་བ་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་སྐལ་བཟང་། རང་ལོ་༡༩ ཡིན་པ་ཁོང་གིས་ལག་པ་གཡོན་པས་༸གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་། ལག་པ་གཡས་པས་རླུང་རྟ་གཏོར་བཞིན་”བོད་ལ་རང་དབང་དགོས།”ཞེས་སྐད་འབོད་གནང་ཡོད་ཀྱང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་མི་སྣ་བསླེབས་ནས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པས། ད་ལྟ་གང་དུ་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡིན་སོགས་ཤེས་ཐབས་བྲལ།
བློ་བཟང་སྐལ་བཟང་ལགས་ནི་ཕ་ཡུལ་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མ་ཡིན་ཞིང་། ཕ་ཚེ་རིང་དང་། མ་བདེ་ཆེན་གཉིས་ལ་བུ་བུ་མོ་གསུམ་པའི་གཉིས་པ་དེ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་འཛིན་གྲྭ་ཁ་ཏོག་གོང་མ་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༣ ཚེས་༡༧ ལ།
རྩོད་པ་མེད་ས་ནས་ཅིག་རྩོད་རྒྱུ་མང་བའི་བཙན་བྱོལ་ཚོགས་སྡེ་ཁྲོད་ཀྱི་ལྕི་བ་མ་བཏང་ཙམ་གྱི་མི་དེ་ཚོས་སྐྱེས་བུ་འདི་ཚོའི་བློས་གཏོང་ལ་བསམ་ཤེས་ཏོག་ཙམ་བྱས་ནས་ཅིས་མི་ཆོག
ཡང་གཅིག་ཐོན་སོང་། སྐྱོ་བ་ལ། རྔ་བ་ནས་རྒྱལ་གཅེས་གང་བརྒྱ་ཆ་རྨེའུ་རི་བ་དང་གཅའ་སྡེ་བ་ནས་བྱུང་བཞིན་པ་འདྲ། ཡུལ་ཚོ་དེ་གཉིས་རྔ་བའི་གཏེ་གནས་རེད་དམ།
བོད་ནས་བོད་མི་ལྷག་བསམ་ཅན་དེ་ཚོས། ཉེ་འཆར་ཨ་རིར་བོད་པའི་བྱེད་སྟངས་དེ་མ་ཤེས་པར་འདྲ། དེ་ལས་ད་ལས་འགུལ་འདྲ་མིན་གཡུག་ན་ཡག་ཤོས་རེད། རྗེས་མར་སུམ་བཅུ་དུས་དྲན་ཀྱང་དགོས་པ་མི་འདུག
ལོ་ཆུང་དཔའ་བོ་འདི་ཚོའི་བློས་གཏོང་ལ་དུས་དང་གནས་སྐབས་ཀུན་རྗེས་དྲན་ཞུ།
དཔའ་བོའི་ངོ་སོ་དགུང་ལ་བསྟོད།