བློ་གྲོས་རབ་བརྟན།
བཀུར་འོས་བཀའ་བརྒྱུད་སྤྱི་འཐུས་དགེ་སློང་བསྟན་པ་ཡར་འཕེལ་གྱིས། གྲོས་ཚོགས་ར་བ་ནས་སྤྱི་འཐུས་ཚོགས་གཙོ་མི་གསོད་མཁན་ཡིན་པའི་སྐྱོན་འཛུགས་བྱས་སོང་། དེའི་དབང་་གིས་ཚོགས་གཙོ་སྤེན་པ་ཚེ་རིང་ལས་གནས་དགོངས་ཞུ་གནང་སོང་། དེ་དགོངས་པ་མ་ཞུས་ནའང་འཕུད་དགོས་པ་ཆགས་ཡོད་དེ། ཚོགས་གཙོ་མི་གསོད་མཁན་ཞིག་བོད་མི་ལ་མི་དགོས་ལ། མདོ་སྨད་མི་དམངས་ལ་དེ་བས་ཀྱང་མི་དགོས།
མི་གསོད་མཁན་གྱི་ཉེས་འཛུགས་མཁན་དེ་མི་དཀྱུས་མ་ཞིག་མ་རེད། རྟེན་གྱི་ཆ་ནས་བཤད་ན་དགེ་སློང་ཞིག་རེད། དགེ་སློང་ཞིག་གིས་སྐྱག་རྫུན་ཤོད་ཀྱི་མ་རེད་ལ། མི་ལ་ཧམ་བཤད་དང་གནོད་དེ་བས་ཀྱང་སྐྱེལ་གྱི་མ་རེད། དེ་གཅིག་རེད། གཉིས་ནས་ཁོ་སྤྱི་འཐུས་ཤིག་ཡིན་དུས་བོད་མིའི་བདེ་སྡུག་ལ་འགན་ཁུར་མཁན་ཞིག་རེད། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་གཙོས་ཡོད་ཚད་ཀྱི་ཆེ་མཐོང་མཐོ་རུ་འདེགས་མཁན་ཞིག་ཡིན་པ་སྨྲོས་མེད་རེད། ཁོང་གིས་གང་བྱུང་མ་བྱུང་གྲོས་ར་ནས་སྐད་ཆ་མི་བཤད་པ་དེ་གསལ་བོ་རེད། དེར་བརྟེན་དངོས་ཡོད་གནས་ཚུལ་རྣམས་རེ་རེ་བྱས་ནས་ཁུངས་སྐྱེལ་ར་སྤྲོད་ཡོང་ངེས་པ་རེད། དེ་ནི་ང་ཚོ་དགོས་པ་དེ་རེད།
གྲོས་ཚོགས་གྲོལ་རྗེས། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཟླ་གཅིག་གཉིས་ནང་ཚུད་དུ་ཁྲིམས་ཁང་བརྒྱུད་ཚོགས་གཙོ་སྤེན་པ་ཚེ་རིང་གི་ནག་ཉེས་ར་སྤྲོད་ངེས་པར་དུ་བྱེད་དགོས། དེ་ལྟར་བྱེད་ངེས་ཀྱང་ལོས་ཡིན། ཚོགས་གཙོས་མི་བསད་པ་ར་སྤྲོད་བྱུང་ན། སྤེན་པ་ཚེ་རིང་ལ་ཁྲིམས་ཐག་ནན་པོ་གཅོད་རྒྱུ་རེད། དེའི་ཉིན་མོ་རང་ལ་མདོ་སྨད་མི་མང་ནས་བོད་མི་མང་ལ་དགོངས་དག་ཞུ་ངེས་ཡིན་ལ། རྒྱུ་མཚན་ནི་སྤེན་པ་ཚེ་རིང་སྤྱི་འཐུས་ལ་བསྐོ་མཁན་མདོ་སྨད་པ་དག་ཡིན་པས་སོ།།
གལ་ཏེ། སྤྱི་འཐུས་བསྟན་པ་ཡར་འཕེལ་ལ་གོང་དུ་བཤད་པ་ལྟར་སྤེན་ཚེའི་ནག་ཉེས་ཁྲིམས་ཐོག་ནས་ར་སྤྲོད་བྱེད་མ་ཐུབ་པ་དང་། ཡང་ན་ཁུ་སིམ་མེར་བསྡད་ན་ཚོགས་གཙོར་ཉེས་པ་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན་ལ། བསྟན་འཕེལ་གྱིས་ངོས་ནས་ཚོགས་གཙོ་གཙོས་བོད་མི་ཚོར་དགོངས་སེལ་དང་འབྲེལ། ལས་གནས་ནས་དགོངས་པ་ཞུ་དགོས་པ་མ་ཟད། ཉེས་མེད་ཉེས་འཛུགས་བྱས་པ་ཡིན་པས་ཁྲིམས་ལྟར་ཐག་གཅོག་བྱེད་དགོས།
འདི་ནི་ང་སྡོད་སའི་མདོ་སྨད་པ་མང་པོའི་རེ་བ་དང་དགོས་འདུན་ཡིན་པས། བསྟན་འཕེལ་ནས་དེ་ལྟར་གནང་བར་སྒུག་ནས་ཡོད་ལ། མདོ་སྨད་ཆོལ་ཁས་ཀྱང་དེ་དོན་དགོངས་པ་བཞེས་དགོས་ངེས་རེད།
སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་སྤྱི་རྒྱུ་སྒེར་བདག་དང་ལྐོག་ཟ་རུལ་སོང། མི་བསོད་ཁྲག་སྦྱོར་བྱེད་མཁན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ར་བ་འདིའི་ནང་དུ་ཡོད། ཞེས་ཡོངས་སྒྲགས་བྱས་ནས་བཤད་པ་རེད། དེར་ཚོགས་གཙོ་སྤེན་པ་ཚེ་རིང་གི་མི་བསད་མཁན་དེ་ང་ལ་ལབ་པ་རེད། ཟེར་ནས་ཁོང་རང་ཉིད་ཀྱིས་རང་ངེས་ལེན་པ་རེད། གལ་སྲིད་ཚོགས་གཙོ་སྤེན་ཚེ་ལགས་ཀྱིས་རང་ངོས་ལེན་པ་དེ་བདེན་པར་དག་གསལ་བྱེད་རྒྱུར་བློ་སྤོབས་ཡོད་ན་ཐབ་ལམ་ཡོད་རྒུ་སྤྱོད་ནས་བསྟན་པ་ཡར་འཕེལ་ཁྲིམས་སར་སྐྱེལ་དགོས་རྒྱུ་དེ་སྤེན་པ་ཚེ་རིང་ལགས་ཀྱིས་འོས་འགན་ཡང་རེད།
སྤྱི་འཐུས་འདི་རིགས་ཀྱིས་ནམ་ཡང་ནང་ཁུལ་ལ་འཁྲུག་ཟིང་དང་རྩོད་རྙོག་སློང་གི་རེད། དེ་ཁོ་རང་ཚོའི་རིག་གཞུང་དང་གཤིས་ཀ་རེད། ཆོས་ཟབ་ས་ལ་བདུད་ཟབ།
ཧ་ཅང་བློ་ཕམ་རེད
ཕྱག་ལས་འདི་ཚོགས་གཙོ་སྤེན་པ་ཚེ་རིང་གི་རེད། བཀའ་བརྒྱུད་སྤྱི་འཐུས་ནས་ཚོགས་ཐོག་ཏུ་གསལ་བཤད་ཡག་ཐག་ཆོད་གནང་སོང་། ད་ག་རེ་ལྷག་ཡོག་རེད་ལབ་ན། ཚོགས་གཙོའི་ཟླ་ཤས་ནང་སོ་སོ་མི་གསོད་མིན་པ་ར་སྤྲོད་དགོས་པ་དང་། སྐབས་དེར་བཀའ་བརྒྱུད་སྤྱི་འཐུས་རང་བཞིན་གྱི་ཕྱི་ལ་ཐོན་གྱི་རེད། གལ་སྲིད་སྔར་ལྟར་ཚོགས་གཙོར་གྲགས་འགུལ་མེད་སོང་ན། དེ་ལྟར་ཡིན་པར་ངོས་འཛིན་བྱེད་རྒྱུ་ལས་ལྷག་ཡོག་མ་རེད།
རེད་རེད། ནག་ཉེས་དེ་འཛུགས་ས་མདོ་སྨད་པ་ཞིག་ཡིན་པ་ཡག་རེད། ཆོལ་ཁ་གཞན་གཉིས་གང་རུང་གི་ཚོགས་གཙོ་ཞིག་ལ་མདོ་སྨད་པ་ཞིག་གིས་ཉེས་པ་དེ་འདྲ་བཙུགས་ན་ཚར་རེད་ད། སྤྱིར་བཏང་ནས་བཙན་བྱོལ་ནང་ཨ་མདོ་བ་ཚོ་བོད་པ་ཚོའི་མིག་ནང་གི་ཚེར་མ་ཡིན་པ། རྒྱུ་མཚན་རྒྱ་སོག་གི་རྒྱུད་པ་ལ་ངོས་འཛིན་བྱེད་པས་སོ།།
བཙན་བྱོལ་ནང་ཐ་ན་ཨ་མདོ་ཕོ་སར་ཞིག་བོད་པ་བུ་མོ་ཞིག་དང་དགའ་རོགས་ཙམ་ཆགས་ནའང་ནང་མི་དང་ཕ་ཡུལ་གཅིག་པ། བོད་པ་གཅིག་པ་ཚོས་གནོན་ཤུགས་དང་རྒྱུད་སྐུལ་འོག་ཁ་འཐོར་བཏང་བ་གྲངས་ཀྱིས་མི་ཆོད།
ཕྱི་རྒྱལ་མི་སྣ་ཅིག་ལ་བོད་པ་ཚོ་འཕྲད་ཙམ་གྱིས་ཨ་མདོ་ཚོ་ངན་རབས་སྡུག་རབས་དང་བློ་མེད་རབས། བོད་པ་མིན་རབས་སོགས་བཤད་དེ་ཕྱི་མི་ཚོའང་འཕྲད་ཙམ་གྱིས་ང་ཨ་མདོ་ལ་མི་དགའ་ལབ་རྒྱུ་ཞེ་གཅིག་བཟོས་ཡོད།
ཨ་མདོ་མི་ཞིག་ཅུང་འཇོན་ཡོང་དུས་ནས་མཉམ་རུབ་བྱས་ཏེ་མེད་པར་བཟོ་ཐབས་བྱེད། ཨ་མདོ་སློབ་ཕྲུག་འགའ་ཨང་དང་གཉིས་ཐོབ་ཡོང་ནའང་ཐབས་ཤེས་བཙལ་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་གཏོང་ཡ་བཀག་ཐབས་དང་ཚབ་ལ་མི་གཞན་གཏོང་།
སློབ་གྲ་ནང་ཨ་མདོ་བུ་མོ་ཚོར་བཙན་གཡེམ་བྱུང་ན་གསང་ཐབས་དང་ཁ་བཀག་ཐབས། བཙན་གཡེམ་པ་ལ་ཉེས་པ་སྐར་བཀང་ཡང་མི་གཏོང་།
ཨ་མདོ་ཚོས་རང་ལུས་མེར་བསྲེགས་དང་ལས་འགུལ་སྤེལ་བ་རྣམས་གཞན་གྱིས་མི་ཤེས་ཐབས་སུ། སི་ཁྲན་དང་ཀན་སུ། ཆིན་ཧེ་ཡི་མི་ཚོས་བྱས་ཟེར་བ་ཙམ་མ་གཏོགས། དབྱིན་ཡིག་གི་གཞུང་འབྲེལ་ཡིག་ཆ་ཚང་མའི་ནང་ཨ་མདོ་ཟེར་བའི་མིང་ཟུར་ཙམ་ཡང་མེད་པར་བྱེད།
ལས་བྱེད་འདྲ་བོ་བདམས་ན་དང་པོ་བོད་པ་ཞིག་རག་ཐབས་དང་ཐ་མ་ལས་ཀ་བྱེད་ཐུབ་མཁན་ཅིག་འཚོལ། ཨ་མདོ་ཅིག་ས་མིག་དེར་མི་སླེབས་པར་ལྐོག་གཡོ་ཇུས་ངན་གཏོང་། དེ་འདྲ་རྐྱང་བོད་པ་ཚོས་གནང་བསྡད་པ་རེད། xxxx
སྔོན་མ་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོལ་འཕེལ་ཟེར་མཁན་དེས་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དཀྲུག་ཐབས་བྱས་སོང་ད་ལོ་ཡང་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་མཁན་དེས་ལྷིང་འཇགས་མེད་པ་བཟོས་སོང་དེང་སང་འཇུ་ཆེན་གྱི་མིང་ཡང་སླེབས་ཡོང་གི་འདུག་པས་ད་སྤྱི་འཐུས་ནང་གི་ལོ་མང་པོའི་རྙོག་དྲ་རྣམས་ལ་ལེགས་པར་བསམ་བློ་གཏང་ནས་ལྟས་ཡོང་དུས་xxx་ཚང་མས་ཡིད་གཟབ་གནང་གལ་ཆེ་་་་་་་འོནཀྱང་ང་དེར་ཚོགས་གཙོ་དང་གཞན་སྤྱི་སྒེར་སུ་གང་ལའང་རྒྱབ་བསྐྱོར་ཚུལ་དུ་བྲིས་པ་ཞིག་ཀྱང་མིན།
འོ་འོ་ད་ཡང་འདུག་བ།
གངས་ཕྲུག་དང་ཀར་བློ་གཉིས་ཀྱིས་འཁྱོག་བཤད་བྱས་འདུག ཚོས་གཙོས་ཁོང་ལ་ཟེར་བ་རེད་ཟེར་དགོས་དོན་ཁྱོད་གཉིས་ཀྱིས་མ་ཤེས་པའམ་ཤེས་བཞིན་མ་ཤེས་མདོག་བྱེད་ཀྱི་འདུག ཚོགས་གཙོས་དེ་འལྟར་གསུང་དགོས་དོན་ནི་བསྟན་པ་ཡར་འཕེལ་གྱིས་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་སྐབས་སུ། གྲོས་ཚོགས་ར་བ་འདིས་ནང་ལ་སྤྱི་རྒྱུ་སྒེར་བདག་མཁན་དང་མི་གསོད་ཁྲག་སྦྱོར་མཁན་ལ་ལྐོགས་ཟ་རུལ་སུང་མཁན་ཡོད་རེད་ཅེས་བཤད་པ་རེད། དེའི་རྗེས་སུ་སྤྱི་འཐུས་ཚོགས་གཙོས་བསྟན་པ་ཡར་འཕེལ་གྱི་སྐད་ཆ་དེ་ལ་ཁུང་སྐྱེལ་ཡོད་ན་གྱིས་ཤོགས་དེ་མེད་ན་སྐད་ཆ་དེ་གྲོས་ཚོགས་ཀྱི་ལས་རིམ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། དེའི་ལན་དུ་བསྟན་པ་ཡར་འཕེལ་གྱིས་མི་གསོད་ཁྲག་སྦྱོར་མཁན་ཡོད་པའི་རྒྱུ་མཚན་ནི་མི་འགའ་རེ་ལ་མི་གསོད་ཀྱི་ཉེས་འཛུག་ཕོག་ནས་བཀའ་བློན་ནང་ལ་འགྲོ་མ་ཐུབ་པ་དེ་རེད་ཅེས་གསལ་བཤད་བྱས་པ་རེད། གནས་ཚུལ་དེ་ནི་སྤྱི་འཐུས་ཚོགས་གཙོ་ཚོགས་གཙོ་མིན་པའི་དུས་སུ་བྱུང་བ་ཞིག་ཡིན་པས་སྐད་ཆ་དེ་ཚོགས་གཙོ་ལས་གཞན་སུ་ལ་ཡང་གོ་ས་མེད་པ་རེད།
ཨ་རོགས་ལུང་རྟོགས། ཁྱོད་ཀྱིས་ཡང་ཡང་ཞྭ་དཔེ་ལྷམ་བཀབ་ཀྱིས་གུང་ཁྲན་གྱི་དམངས་གཙོ་་དཔེ་མཚོན་དུ་བཀོད་ནས་ངའི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པའི་ལམ་ལུགས་དེ་ཇི་ལྟར་རེད། བྱས་ན་བསྟན་པ་ཡར་འཕེལ་གྱིས་སྤྲེལ་ལད་ཅན་གྱི་དམངས་གཙོ་དང་ངོ་སྲུང་ཅན་གྱི་དམངས་གཙོ། འཛེམས་ཟོན་ཅན་གྱི་དམངས་གཙོ་ཞེས་བཙན་བྱོལ་གྱི་དམངས་གཙོའི་སྡོམ་ཚིག་དེ་ནོར་མི་འདུག་ག། བྱས་ཙང་ངས་གུང་ཁྲན་གྱི་སྲིད་གཞུང་འོག་དམངས་གཙོ་དང་སྨྲ་བརྗོད་རང་དབང་སོགས་མི་འདུག་ཟེར་ཡུལ་བགྱར་བྱེད་དགོས་འཐུག་སོང་། འོན་ཀྱང་འདི་ན་གཅིག་བཤད་ན་ཡང་བཙོན་ཁང་ལ་འགྲོ་རྒྱུའི་རྒྱུ་བསགས་རབས་ཅི་རེད། མི་འདི་རིགས་ལ་དབང་ཚད་ཞིག་རག་ན། ཡང་ན་ལམ་དབུ་མའི་རང་སྐྱོང་རག་དབང་དུ་བཏང་ན་མི་ཚོས་གུང་ཁྲན་དང་རྐུབ་འབྲེལ་ལག་འབྲེལ་་གྱིས་བཙན་བྱོལ་གྱི་དམངས་གཙོ་ཆུ་ཚོད་གཅིག་ནང་བསྡུ་གསོག་བརྒྱགས་ས་རེད། འདི་ཉེན་ཁའི་རང་བཞིན་རེད།
བསྟན་པ་ཡར་འཕེལ་གྱིས་ཞབས་འདྲེན་ནི་ངོ་མ་ངུ་བྲོ་བ་རེད། ཡིན་ན་དེ་ནི་ཁོ་རྒེར་གྱི་སྐྱོན་ལས་ཆོལ་ཁ་དང་ཆོས་ལུགས་ལ་གཡོགས་མི་ཉེན།
བསྟན་པ་ཡར་འཕེལ་གྱིས་ཞབས་འདྲེན་མ་ཞུས་པས་མི་ཚད་ཞལ་འདེབས་ཞུས་འདུག བློ་སྤོབས་ཆེན་པོའི་ཐོག་ནས་རུལ་སུངས་པ་དེ་རྣམས་ཐེར་འདོན་བྱས་པ་དེས་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་འགན་ཁུར་བའི་སྐད་ཆ་རེད་བསམ་གི བྱེད་ན་གོང་དུ་བྱུང་བའི་གནས་ཚུལ་རྣམས་ང་ཚོའི་སྤྱི་ཚོགས་ནང་བྱུང་ནས་ད་ལྟའི་བར་དུ་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོན་དཀར་ལྷ་མོ་མ་གཏོག་གཞན་རྣམས་ད་དུང་ཡང་གཙང་མ་ཆགས་མ་ཐུབ་པའི་རྒྱུ་མཚན་གང་རེད།
ཨ་རོག་ཞོལ་གཡག་ངས་རང་གི་ལྟ་ཚུལ་བཤད་པ་ལས་འུ་གང་གི་སྨྲ་བརྗོད་རང་དབང་འཕྲོག་མ་མྱོང་ལ་འཕྲོག་རྒྱུའི་ནུས་པ་ཡང་མེད། འོན་ཀྱང་བསམ་ཚུལ་མ་མཐུན་པ་བཤད་པ་ནི་ང་རང་གི་སྨྲ་བརྗོད་རང་དབང་ཡིན་པས་སུས་ཀྱང་འགོག་ཐབས་མེད་པ་རེད། བསྟན་པ་ཡར་འཕེལ་ལ་ཁུང་ལུང་ཡོད་པའི་སྐད་ཆ་ཞིག་བཤད་རྒྱུ་ཡོད་ན་གྲོས་ཚོགས་ར་བའི་ཕྱི་ལོགས་ལ་བཤད་དགོས་པ་རེད། དེ་ནས་ཁྲིམས་ཀྱིས་བརྡ་འདེག་བྱེད་ཀྱི་རེད། གྲོས་ཚོགས་ནང་ལ་གང་ཞིག་བཤད་ཀྱང་ཁྲིམས་ཀྱི་འགན་ཁུར་མི་དགོས་པས་བཤད་ཚད་སྟོང་གཏམ་རེད།
སྤྱི་འཐུས་གྲོས་ཚོགས་རྭ་བའི་ནང་འཇུ་ཆེན་གྱི་རྒྱབ་སྐྱོར་དང་ལྟ་བ་སླེབ་པ་ལས་ལྷག་པའི་རྒྱ་དམར་པོའི་རྒྱབ་སྐྱོར་དང་ལྟ་བ་ཡོང་ཉེན་འདུག་གོ གཟབ་གཟབ་བྱས་ན་དེ་བྱེད་དགོས་ངེས།
སྤྱི་འཐུས་བསྟན་ཡར་གྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མི་གསོད་ལག་དམར་ཞིག་ཡིན་པའི་ཉེས་འཛུགས་བྱས་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ལྡིང་ཆའི་སྟེང་གི་ཉེས་འཛུགས་དེས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་བརྒྱུད་ནས་གཞིས་བྱེས་བོད་མི་མང་པོ་ཞིག་གི་སེམས་པར་བཙན་བྱོལ་བོད་གཞུང་དང་ལྷག་པར་སྤྱི་འཐུས་ལྷན་ཚོགས་ལ་རེ་བས་གྱེར་བའི་མིག་དང་ཡིད་ཆེས་ཀྱིས་གཏད་པའི་སྙིང་དམར་པོ་ཆུ་ནང་དུ་གཡུག་པ་རེད། ད་ལན་གྱི་ཉེས་འཛུགས་དེ་ཆུང་ཆུང་ཞིག་མ་རེད། བོད་ཀྱི་སྤྱི་འཐུས་ཀྱི་མིང་ཁུར་ཅན་ཞིག་གིས་སྤྱི་འཐུས་ཚོགས་མི་གསོད་ལག་དམར་བ་ཞིག་ཡིན་པའི་ཉེས་འཛུགས་བྱས་པ་རེད། མི་འགྱངས་བར་བསྟན་ཡར་གྱིས་སྤེན་ཚེ་ཁྲིམས་ལ་སྦྱར་ཏེ་མི་གསོད་པའི་ཉེས་པ་ཕྱི་གསལ་ནང་གསལ་གཏོང་མ་ཐུབ་ཚེ་བསྟན་ཡར་གྱིས་སྐབས་བབ་བོད་ཀྱི་སྤྱི་འཐུས་ཀྱི་འགན་འཁྲི་ཕྲག་ཏུ་མ་ཁུར་བ་དང་། ༧གོང་ས་མཆོག་གཙོས་རྒྱ་ཆེའི་བོད་རིགས་མི་མང་ལ་ཁྱད་གསོད་དང་མཐོང་ཆུང་བྱས་པར་ངོས་འཛིན་བྱ་རྒྱུ་ཡིན། ད་ཆར་བོད་ཀྱི་སྤྱི་འཐུས་ཚོགས་གཙོ་མི་གསོད་ལག་དམར་བ་ཞིག་ཏུ་སྐྱོན་འཛུགས་བྱས་པའི་སྐོར་རྒྱ་ཡིག་དང་དབྱིན་ཡིག་སོགས་ཕྱིའི་སྐད་རིགས་ཁག་ཏུའང་ཁྱབ་བརྡལ་ཤུགས་ཆེན་འགྲོ་བཞིན་མཆིས། །
ཀི་ཧོ་ཧོ་་་་དོ་ནུབ་ཞ་ཞིང་ཞིས་ཅན་ཕན་གྱིས་སྤྱི་འཐུས་ཚོགས་རའི་ནང་གི་ལྟད་མོར་བལྟས་ནས་བསྡད་འདུག་་་་གདོང་ལ་བལྟས་ན་ཡག་སྣང་ཞིག་སྐྱེས་འདུག་་་་མུ་མཐུད་ཡིན་ད
མཆོག་ཏུ་བཀུར་འོས་པའི་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་རྒྱ་ཆེའི་མི་མང་ལ་ཐུགས་བསམ་བཞེས་ནས་བསྐྱར་དུ་སྲིད་སྟེགས་སྟེང་ལ་ཕེབས་པ་ཧ་ཅང་དགའ་ཡོད། དོན་དངོས་ཐོག་ཚོགས་ཁང་འདིའི་ནང་དུ་ཁ་ཞེ་གཉིས་མེད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་མཁྱེན་རྒྱ་ཡངས་མཁན་ཁྱེད་ལས་ལྷག་ངོ་མ་མེད། ཕྱོགས་ཡོངས་ལ་བལྟས་ན་ཧ་གོ་ངེས་ཡིན། མྱི་ཚེགས་ཁ་ཤས་ཀྱིས་སྤྱི་ཚོགས་ནང་དུ་མཐོང་ཆེ་རུ་འགྲོ་སྐབས་མིག་གི་མ་བཟོད་པར་གནས་ཚུལ་ཆུང་ཆུང་ཞིག་ཆེ་རུ་བཟོ་འདོད་ཡོད་པ་དང་ཁྱབ་བསྒྲགས་ཆུང་ཆུང་ཆེ་རུ་གཏོང་འདོད་ཡོད་པ་དེ་ང་ཚོའི་སྤྱི་ཚོགས་ནང་ལུགས་ཤེས་མེད་ཚོས་འཁྲབ་སྟེང་ཞིག་རེད། བོད་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་བལྟས་ན་འང་ཉོག་འཛིང་གི་ཁོར་ཡུག་ཞིག་ལས་ཚད་ལྡན་གྱི་སྤྱི་ཚོགས་ཤིག་ཧ་ལམ་སུ་གཅིག་གི་བསྐྲུན་ཐུབ་མེད། སུ་ལ་ཡང་ཐུགས་ཕམ་བྱེད་མི་དགོས།
རྒྱ་དམར་པོའི་ལྟ་བ་ནི་རྒྱ་མིའི་རྩ་ཁྲིམས་འོག་ལ་འགྲོ་རྒྱུ་དེ་ལས་ལྷག་ཡོག་མ་རེད་དོ། ད་དུང་འགྱུར་མེད་ཅེས་གསུང་གི་འདུག་ག མ་གོ་མ་ཐོས་མ་གསུང་རོགས།