ཡོང་ཁུངས། བོད་ཀྱི་དུས་བབ།
དེ་རིང་ཕྱི་དྲོར་སྤྱི་འཐུས་གྲོས་ཚོགས་ནང་ཨེ་ཤ་ཡ་ཁུལ་དུ་སྤྱི་འཐུས་གཅིག་གི་ཐོབ་ཐང་གཏན་འབེབས་གནང་སོང་ལ། ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་སྤྲོད་མིན་སྐོར་གཏན་འབེབས་ཐུབ་མ་སོང་།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཅུ་པ་སྟེ། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥།༣༠ སྟེང་སྤྱི་འཐུས་གྲོས་ཚོགས་ནང་། ཇོ་ནང་ལ་ས་དགེ་བཀའ་རྙིང་བོན་བཅས་བོད་པའི་ཆོས་བརྒྱུད་སྤྱི་མཚུངས་ལྟར་སྤྱི་འཐུས་ ༢ དང་། ཨོ་སི་ཊོ་ལེ་ཡ་དང་ཨེ་ཤ་ཡ་(australasia)ཁུལ་དུ་སྤྱི་འཐུས་ ༡ གི་ཐོབ་ཐང་སྤྲོད་མིན་གྱི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༡༨ པའི་ཐོག་བགྲོ་གླེང་གནང་མཐར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་རིགས་ལ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སི་ཊི་ལེ་ཡ་དང་ཨེ་ཤ་ཡ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་གི་ཐོབ་ཐང་སྤྲོད་རྒྱུར་སྤྱི་འཐུས་ ༢༩ ཡིས་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་ཡོད་པ་དང་། ཇོ་ནང་ལ་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ཐད་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༧ ལས་མ་བྱུང་བས་འོས་གྲངས་མ་ལོན་པའི་གནས་སྟངས་འོག་གཏན་འབེབས་ཐུབ་མེད།
གཞན། ཁྲིམས་འཆར་ཡིག་ཆ་དེའི་ནང་གི་གནད་དོན་གཞན་གཉིས་ཀྱི་ཚིག་དོན་ལ་བསྐྱར་བཅོས་བཏང་ཡོད་པ་ནི། དེ་སྔོན་བྱང་ཨ་རིའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པ། བྱང་ཨ་རི་དང་། ཨ་ཕི་རི་ཀའི་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པར་བསྐྱར་བཅོས་དང་། དེ་སྔོན་ཡུ་རོབ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པ། ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པར་བསྐྱར་བཅོས་གནང་སོང་།
ད་རེས་བོད་མི་མང་སྤྱི་ལྷན་ནས་ཇོ་ནང་པ་ལ་ཐོབ་ཐང་མ་སྤྲད་པར་བློ་ཕམ་ཚད་མེད་ཡོད། ད་ཇོ་ནང་པ་ཚང་གིས་ཁྲིམས་ཐོག་ནས་ཐོབ་ཐང་རྩོད་རན་པ་རེད། རྩོད་ཅིག་དང་ ནམ་ཡང་རྒྱབ་སྐྱོར་ཡོད། ཆོས་བརྒྱུད་གཞན་དག་ལ་དགོས་པའི་ཐོབ་ཐང་དེ་ཇོ་ནང་ཚང་ལའང་དགོས་ངེས་ཅན་རེད། མེད་ན་མེད་མཉམ་དང་ཡོད་ན་ཡོད་མཉམ་དགོས་རེད། རང་ཉིད་འགྲིག་ཙམ་བྱུང་ན་གཞན་ལ་བསམ་བློ་མི་གཏོང་བ་འདི་ཧ་ཅང་ཐབས་སྐྱོ་བོ་རེད། ད་དུང་ཁ་རྒྱ་ལ་འཁོར་ནས་བོད་ལ་རང་དབང་རང་བཙན་གང་འདྲ་སེ་ལབ་དགོས་སམ། བོད་མི་མང་སྤྱི་ལྷན་ལ་དངོས་གནས་ཡི་ཆད་ཀྱིན་འདུག
འདི་འདྲའི་གནས་བབ་ཅིག་གི་འོག་ནས་རང་བཙན་དང་ཆེས་མཐོའི་རང་སྐྱོང་གཉིས་ཅི་གང་གི་དམིགས་ཡུལ་མེད་ལ། མ་འོངས་པར་འདི་འདྲའི་གྲོས་ཚོགས་ཀྱིས་གཉའ་ནོན་དང་ཆེད་གསོད་བྱས་ན་ཇོ་ནང་སེར་སྐྱ་འབུམ་ཕྲག་ལས་བརྒལ་བ་དང་གཅིག ཇོ་དགོན་བརྒྱ་ཕྲག་ལས་བརྒལ་བ་དང་གཉིས། ཆོས་བརྒྱུད་ཆེན་པོ་འདིའི་རྗེས་སུ་ཞུགས་པའི་འཛམ་གླིང་མི་མང་སྟོང་ཕྲག་མང་པོའི་དམིགས་འདུན་ནི་སྒྲིག་འཛུགས་འདིའི་གྲིབ་འོག་ནས་རིང་དུ་གྱེས་པའི་དངོས་རྒྱུ་སྟེ། ད་ཐེངས་ཀྱི་བཟའ་ཚང་རྒྱབ་ལ་ལངས་ཡོད་པའི་སྤྱི་འཐུས་ཀྱིས་གཙོར་བྱས་སྤྱི་འཐུས་གྲོས་ཚོགས་ཡིན།
ཆོས་བརྒྱུད་ཀྱི་འཐུས་མི་ཚོས་ཆོས་བརྒྱུད་ཀྱི་མཚན་མཐོང་དང་འབྲེལ་བའི་ཕྱག་ལས་གནང་ན་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་སྤྱི་འཐུས་ཤིག་ངེས་པར་དུ་དགོས། ཡིན་ན་ཡང་དེང་སང་ཆོས་ལུགས་སྤྱི་འཐུས་མང་པོ་ཞིག་སོ་སོར་འོས་སྤྲད་མཁན་གྱི་ཆོས་བརྒྱུད་ཀྱི་མཚན་མཐོང་སོགས་གང་ཡང་བསམ་སེམས་མེད་པར་ཆོལ་ཁའི་འཐེན་འཁྱེར་དུག་ནད་ཀྱིས་མནར་ཏེ་གཡམ་རྒྱུག་དང་ཅལ་འདྲོགས་བྱེད་རྒྱུ་ལས་གཞན་ཕན་ཐོག་གང་ཡང་མེད་ཐོག་མཚན་ཤས་བཟོ་རོགས་རང་རེད་འདུག
གཞིས་བྱེས་ཇོ་ནང་བ་ཡོངས་ལ་མྱ་ངམ་དང་བཅས་སེམས་གསོ་ཞུ་ཞུ།
ཇོ་ནང་པ་ལ་ཆོས་རྒྱུད་སྤྱི་འཐུས་ཀྱི་ཐོབ་སྟངས་མ་སྤྲད་པ་དེར་བློ་ཕམ་ཆེན་པོ་བྱུང། ཇོ་ནང་པ་ཚོས་ད་ནི་ལམ་ཁ་གཞན་ཞིག་བསྟེན་རྒྱུའི་དུས་ལ་བབས་སོང།
ཇོ་ནང་ཚང་ལ་སྤྱི་འཐུས་ཐོབ་ཐངདགོས་ན། འབྲུག་པ་བཀའ་བརྒྱུད་ཚང་ལའང་དགོས། དེ་ཀ་ནང་བཞིན་འབྲི་གུང་དང་བཀའ་གདམས་པ། ཤངས་པ་བཀའ་བརྒྱུད་སོགས་བླ་བརྒྱུད་ཙག་ཙུག་མང་བོ་ཞིག་ལ་དགོས་པར་སྣང་ངོ་། ད་དངོས་གནས་ཡིད་སྐྱོ་ཡི་འདུག ཆོས་བརྒྱུད་རྣམ་དག་ཅིག་ཡིན་ན་གོ་ཐོབ་ཀྱི་ག་རེ་བྱེད། རང་རང་ས་ནས་ཉམས་ལེན་ཡག་པོ་གྱིས། དེས་མ་ཆོག་པ་ག་རེ་ཡོད་པ་རེད། མ་འོང་པ་རིམ་པར་ཆོས་བརྒྱད་ཚང་མའི་སྤྱི་འཐུས་མེད་པ་བྱེད་དགོས་རེད། །
དེ་རིང་ནི་མི་ཚེའི་ནང་གི་ཆེས་བློ་ཕམ་ཆེ་ཤོས་ཀྱི་ཉིན་མོ་རེད། གཞི་བྱེས་གཉིས་ཀྱི་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་དགོན་སྡེ་བརྒྱ་ཕྲག་དང་མི་མང་འབུམ་ཕྲག་ཅིག་གི་རེ་བ་དང་ཡིད་ཆེས་བརླགས་སོང་། གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་རུལ་སུང་གི་བསམ་བློ་ནི་ངོ་མ་ཧ་ལས་སོང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཞིག་མ་གཏོགས་དྲང་བདེན་གྱི་སྒྲིག་འཛུགས་ཞིག་མིན་པ་གསལ་བོ་གོ་སོང་། བདེ་མོ་གྱིས་གངས་སྐྱིད་ཚང་།
ནམ་ཡང་གཡོན་མཐར་ལྷུང་བའི་བཙན་བྱོལ་གྲོས་ཚོགས་ཀྱི་འཐུས་མི་དག་གིས་བོད་ཕྱི་ནང་གཉིས་ཀྱི་དཔལ་ལྡན་ཇོ་ནང་བའི་རྗེས་འཇུག་རྣམས་ལ་སོས་མེད་ཀྱི་རྨ་ཁ་ཞིག་སྦྱིན་པ་འདི་ལ་ཧ་ཅང་བློ་ཕམ་ཡོད། ཁྱོད་ཚོ་འདྲ་བ་དག་གི་ལག་རྗེས་ལས་བཙན་བྱོལ་གཞུང་འདི་ལ་རེ་བ་མེད་པ་ཤེས་སོང་། ཁྱོད་ཚོས་རྩོད་པ་ནི་དབུ་མའི་ལམ་མ་ཡིན་པར་ཆོལ་ཁའི་ཞེན་ཁོག་ཁོ་ནའོ།
ཨོ་ཊོ་དང་ཨེ་ཤི་ཡ་གཉིས་ཀྱི་ཚབ་ལ་ཇོ་ནང་གི་སྤྱི་འཐུས་གཅིག་ཡོད་ན་བཟང་།
ད་ལོ་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་མ་སྤྲད་པ་ལ་བློ་ཕམ་ཆེན་པོ་ཡོད།
བོད་ཀྱི་བླ་ཆེན་དག་གི་གསུང་སྣང་མེད་དུ་བཞག་པ་ལའང་བློ་ཕམ་ཡོད། ཇོ་ནང་བ་ཚོ། སྒོར་ཡོད་ན་ལྟག་སྒོ་ནས་སོང་།
གྲོགས་པོ་བློ་ཕམ་གནང་དགོས་མ་རེད་ད།བཙན་བྱོལ་བོད་པ་ཚོས་འདི་འདྲ་རྐྱང་རྐྱང་དབྱེ་འབྱེད་དང་ཕྱོགས་རིས་འཁྲབ་ན་ཡག་པོ་ཡོད་རེད།འདི་འདྲ་བྱས་པས་རིམ་བཞིན་ཨ་མདོ་བ་ཚོ་བོད་པ་ཚོར་ཡིད་ཆེས་གཏིང་ནས་བརླག་སྟེ་ཞེན་པ་གཏིང་ནས་ལོག་འགྲོ་གིན་རེད།དེ་དུས་ང་ཚོ་བོད་པའི་མགོ་བསྐོར་གཡོ་ཇུས་འོག་ནས་ཐར་ཏེ་རང་མགོ་རང་འཐོན་གཞན་ལ་རེ་མི་དགོས་པ་སྐྱིད་པོ་ཅིག་ཡོང་ནི་རེད་ད།
སྤྱིར་བཏང་ང་རང་ཇོ་ནང་ལ་ངེས་པར་དུ་སྤྱི་འཐུས་དགོས་པ་རེད་ཟེར་མཁན་ཞིག་ཡིན། འོན་ཀྱང་རྡ་རམ་ས་ལའི་ཇོ་ནང་ཚང་གི་ཚངས་དབྱངས་རྒྱ་མཚོ་ཟེར་བ་དེས་བྱ་བ་བྱེད་ཕྱོགས་དང་སྐད་ཆ་བཤད་སྟངས་མང་པོ་ཞིག་གི་དབང་གིས་རྒྱ་ཆེའི་མང་ཚོགས་ནང་ཇོ་ནང་ལ་མ་དགའ་མཁན་མང་པོ་ཆགས་ཡོད་པ་རེད། སོ་སོ་སྒེར་གྱི་ཁེ་ཕན་དང་རྐུབ་སྟེགས་ཆེད་དུ་བོད་ནང་གི་གཞིས་བཞུགས་རྒྱ་ཆེའི་མི་མང་དངོས་ཤུགས་བརྒྱུད་གསུམ་ནས་བེད་སྤྱོད་ལོག་པར་བཏང་བ་དང་། བོད་གཞིས་བྱེས་བར་འགལ་བ་སློང་ཐབས་བྱས་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཙན་བྱལ་བོད་གཞུང་ལ་གཞི་མེད་སྐྱོན་འཛུགས་སྣ་ཚོགས་བྱས་པ་བཅས་ལ་བརྟེན་ཏེ། བཙན་བྱོལ་སྤྱི་ཚོགས་ནང་ཇོ་ནང་ཚང་གི་ལས་ཀྱི་སྣེ་མོ་བ་ཚོར་རྩ་བ་ནས་མི་དགའ་བ་མ་ཟད། སྤྱིར་ཇོ་ནང་ཆོས་བརྒྱུད་ཟེར་བ་དེའང་རྙོག་དྲ་ཚ་བོ་ཅན་ཞིག་དང་ཀུན་སྤྱོད་ཀུན་སློང་ཡག་པོ་མེད་མཁན་ཞིག་ལ་ངོས་འཛིན་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པ་ཧ་ཅང་མངོན་གསལ་དོད་པོ་ཆགས་ཡོང་གི་འདུག ང་ཚོའི་བཙན་བྱོལ་ནང་གི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་ལས་ཀྱི་སྣེ་མོར་གཏོགས་མཁན་མི་རེ་ཟུང་གི་བྱེད་སྟངས་སྤྱོད་སྟངས་ཀྱི་དབང་གིས་ལུང་ཚན་ཆོས་བརྒྱུད་ལ་ལབ་གླེང་མབ་པོ་དང་ལོ་རྒྱུས་ནག་པོ་ཆགས་ཀྱིན་ཡོད་པ་རེད།
སྤྱི་ཡོངས་འགྲོ་སྟངས་ཀྱི་ཐད་ནས་བཤད་ན་ཇོ་ནང་ཆོས་བརྒྱུད་ལ་ངེས་པར་དུ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གོ་ཐོབ་སྤྲོད་དགོས་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ནང་ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ས་མིག་དང་། དེ་བཞིན་གཞུང་འབྲེལ་ལས་དོན་ཁག་ལའང་ཆོས་བརྒྱུད་ཡན་གར་བ་ཞིག་གི་ཐོབ་ཐང་དང་དབང་ཚད་ཆ་ཚང་བ་དེ་ངེས་པར་དུ་སྤྲོད་དགོས་པ་ཞིག་ཆགས་ཡོད། འདས་པའི་ལོ་ཤས་ནང་ཇོ་ནང་ཆོས་བརྒྱུད་སྐོར་ལ་གླེང་སློང་བྱུང་སྐབས། མི་རེ་ཟུང་གིས་ཇོ་ནང་ཟེར་བ་དེ་ས་སྐྱའི་གྲུབ་མཐའི་ཁོངས་གཏོགས་ཤིག་ཡིན་ཚུལ་སོགས་ར་མགོ་ལུག་སྦྱར་དང་རྡོ་ཆག་བཙན་སྒྲིག་བྱེད་ཀྱིན་ཡོད་པ་ནི་མ་བརྟག་མ་དཔྱད་པ་དང་། ཡང་ན་ལོ་རྒྱུས་ཀྱི་བྱུང་བ་དང་ལྟ་སྒྲུབ་ཀྱི་འཕེལ་ཕྱོགས་ལ་རྣམ་དཔྱོད་རིག་པའི་ནུས་པ་རྩ་ནས་མེད་མཁན་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བག་ཆགས་ཀྱི་དྲི་ཙམ་ཡང་མི་བྲོ་མཁན་དག་རེད། དཔལ་རྒྱལ་བ་ཇོ་ནང་ཆོས་བརྒྱུད་ནི་ཏ་ར་ན་ཐ་ནས་བརྒྱུད་པའི་བོད་པའི་ཆོས་བརྒྱུད་ཆེན་ཁག་གི་ཡ་གྱལ་ཞིག་ཡིན་པ་མ་ཟད། ༧གོང་ས་སྐྱབས་མགོན་༧རྒྱལ་དབང་རིན་པོ་ཆེ་མཆོག་གིས་ཇོ་ནང་ནི་བོད་པའི་ཆོས་བརྒྱུད་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་འཛིན་གྱི་བཀའ་སློབ་ཡང་ཡང་གནང་ཡོད་པ་མ་ཟད། དུགཡུང་དྲུང་བོན་གྱི་སྨན་རིའི་ཁྲི་འཛིན། དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱུན་འཕྲིན་ལས་རྡོ་རྗེ་མཆོག་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་ངོས་ནས་ཀྱང་ཇོ་ནང་ནི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ཆོས་བརྒྱུད་བྱ་བྲག་པ་ཞིག་ལ་ངོས་འཛིན་གཙང་མ་གནང་ཡོད་པ་རེད།
འདན་མ་སྐྱབས་ལགས། ཁྱོད་ཀྱིས་ཇོ་ནང་གི་གནད་དོན་བཤད་སྐབས། “ཨ་མདོ་བ་ཚོ་བོད་པ་ཚོར་ཡིད་ཆེས་གཏིང་ནས་བརླག་སྟེ་ཞེན་པ་གཏིང་ནས་ལོག་འགྲོ་གིན་རེད།” ཅེས་བྲིས་འདུག དེ་བློ་རྣལ་དུ་ཕབ་པའི་སྐད་ཆ་ཞིག་ཨེ་ཡིན་ནམ། ཇོ་ནང་བར་ཆོས་རྒྱུད་སྤྱི་འཐུས་ཀྱི་གོ་གནས་རེག་མིན་གྱི་རྩོད་པ་ནི་ཇོ་ནང་ས་སྐྱའི་ཁོངས་གཏོགས་ཡིན་མིན་གྱི་རྩོད་པ་ལས་འཕྲོས་ཏེ་ཆོས་བརྒྱུད་ནང་ཁུལ་གྱི་རྩོད་པ་ཙམ་ལས་ཨ་མདོ་དང་ཁམས་པའི་བར་སོགས་ཆོལ་ཁའི་བར་གྱི་རྩོད་པ་ཞིག་མ་ཡིན་པ་ཤེས་དགོས། ད་ལྟའི་ཆར་སྐབས་འཚོལ་བ་འགས་སྒེར་གྱི་ནད་རོ་སྤྱི་ཐོག་ཏུ་སྤུངས་མཁན་མང་པོ་འདུག དཔེར་ན། དོལ་རྒྱལ་གྱི་རྩོད་གཞི་ནི་དགེ་ལུགས་ནང་ཁུལ་གྱི་རྩོད་པ་ཞིག་ལས་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ཏུ་བཀོལ་ཏེ་རྒྱ་ཆེའི་བོད་མི་ཡོངས་རྫོགས་མདའ་དཀྲུགས་མདུང་དཀྲུགས་བྱེད་པ་འདི་ཤིན་ཏུ་མ་རུང་བ་ཞིག་ཡིན་པ་ལྟར་རོ། འདི་ནི་ཞོར་བཤད་ཅིག་ཡིན། །
ཇོ་ནང་པར་སྤྱི་ས་དམིགས་མ་ཐོབ་པ་རྒྱུ་མཚན་ཡོད་བགྱིད་རེད། དེ་འདྲ་ལས་སླ་པོའི་སྤྱི་འཐུས་ས་དམིགས་གསར་བསྐྲུན་ཐུབ་ན། བོད་ཀྱི་ཁ་ཆེ། བོད་ཀཡི་ཡི་ཤུ་པ་དང་། བོད་ཀྱི་ཕནཡི་རོལཔ་་ཚོ་ལ་ཡང་སྤྱི་འཐུས་ས་དམིགས་དགོས་བགྱི་རེད།
ཇོ་ནང་པར་སྤྱི་ས་དམིགས་མ་ཐོབ་པ་རྒྱུ་མཚན་ཡོད་བགྱིད་རེད།
འདི།
ཇོ་ནང་པར་སྤྱི་འཐུས་ས་དམིགས་མ་ཐོབ་པ་རྒྱུ་མཚན་ཡོད་བགྱིད་རེད།
ལ་བཅོས།
ཀརྡོ་གཉེར་ལགས་་་་རྒྱུ་མཚན་ལོས་ཡོད་་་སྐྱུགས་མེར་ལང་སའི་རྒྱུ་མཚན་རིང་པོ་ཞིག་འདུག་་་་་དེ་ནི་ཕྱོགས་ལྷུང་དང་ཞེན་ཁོག་གིས་ཁོག་བརླམས་པའི་སྒེར་སེམས་ཅན་གྱི་སྤྱི་འཐུས་གླང་རྒན་འདྲ་བོ་དག་ལ་ཡོད་པའི་འགོས་ནད་དེས་ཟིན་པ་རེད་་་་་
ལགས་སོ། ཆུ་ཐིགས་ལགས། ངས་ནི་འདི་ལས་ལྷག་མི་ཤེས། ངས་ནོར་ཡོད་ན། དགོངས་དག་ཞུའོ།།
འདི་གར་མཆན་བཏབ་མཁན་ཚང་མ་རྩོམ་ཉག་ཉོག་འབྲི་ཤེས་པ་ཙམ་ལས་དོན་གྱི་ཆ་ལ་བསམ་བློ་མེད་མཁན་རྐྱང་རེད། དེ་མིན་བཅའ་ཁྲིམས་ལ་ལས་སླ་བོ་ཞིག་བཟོ་བཅོས་རྒྱག་མི་ཐུབ་པ་ཤེས་དགོས་རྒྱུ་རེད། ཆོས་ལུགས་ཚང་མར་སྤྱི་འཐུས་མེད་པ་བཟོ་བར་དཀའ་ངལ་ཡོད་པ་བཞིན། གསར་དུ་གཅིག་ཡོད་པར་ངོས་འཛིན་བྱེད་པ་ལ་དཀའ་ངལ་ཅི་ལ་མེད། ཇོ་ནང་ས་སྐྱའི་ཁོངས་ནས་བསྡད་ན་ཡག་ཤོས་དེ་རེད། རྒྱལ་དབང་ལྔ་བས་ཞི་དྲག་གཉིས་ཀྱི་སྒོ་ནས་ཇོ་ནང་མེད་པ་བཟོས་པ་རེད། འོན་ཀྱང་བཅུ་བཞི་བས་ཇོ་ནང་ལ་རྒྱབ་སྐྱོར་གནངས་དང་གནང་བཞིན་པ་རེད། སྤྱིར་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་མགོ་ནས་ནོར་འདུག སྔོན་ས་སྐྱ་ཚང་བོད་ཀྱི་རྒྱལ་པོ་ཡིན་པའི་སྐབས་བླ་མས་ཆོས་ཀྱི་བྱ་བས་འགྲོ་དོན་བསྐྱངས། དཔོན་པོས་ཆབ་སྲིད་ཀྱི་བྱ་བ་བསྒྲུབས། ལམ་ལུགས་ཡག་པོ་ཞིག་གི་འགོ་བཙུགས་འདུག འོན་ཀྱང་བོད་པའི་བསོད་ནམས་ཀྱིས་མ་ཆོག་པར་ས་སྐྱ་བ་ཉམས་པ་རེད། གལ་ཏེ་ས་སྐྱ་ཚང་གི་སྲིད་དབང་ཉམས་མེད་ན་ད་ལྟ་བོད་རང་བཙན་ཡིན་མིན་ལ་ཐེ་ཚོམ་དགོས་ཀྱི་མ་རེད། འབྲུག་པ་ཚོ་ལམ་འགྲོ་རྒྱུགས་ནས་བོད་ཀྱི་མངའ་འོག་ནས་ཐོན་པ་རེད། ད་ལྟ་རང་བཙན་རེད། །
རིག་པའི་རྡོ་རྗེ་ལགས་་་ཤེས་མདོག་མ་བྱེད་་བཅའ་ཁྲིམས་ལ་ལས་སླ་བོར་བཟོ་བཅོས་རྒྱག་མི་ཐུབ་ཚང་མས་ཤེས་ཀི་རེད་་་་བཟོ་བཅོས་རྒྱག་ཆོག་སྐབས་བཟོ་བཅོས་མ་བརྒྱབས་པར་བློ་ཕམ་ཡོད་ཅེས་བཤད་པ་ལས་་་་ལས་སླ་བོར་བཟོ་བཅོས་རྒྱག་ཆོག་ན་གླང་རྒན་ཚོར་རེ་བ་འདོན་ག་ལ་དགོས་་་་ལས་སླ་ན་ངས་ལམ་སེང་བཟོ་བཅོས་རྒྱག་གི་རེད་་་ལོ་
རང་བྱུང་རིག་པའི་རྡོ་རྗེ་ལགས། ལྷ་ཁང་མེར་ཤོག་ན་འཛུམ་དམུལ་དམུལ་ཟེར་བ་བཞིན་དྲ་འབུའི་སྐྱེས་པ་བླངས་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་བར་ལ་དབྱེན་དཀྲུག་བྱས་ནས་སྐབས་འཚོལ་གྱི་ལས་མ་སྒྲུབ།
་་་་་་་་་་་ འབྲུག་པ་ཚོ་ལམ་འགྲོ་རྒྱུགས་ནས་བོད་ཀྱི་མངའ་འོག་ནས་ཐོན་པ་རེད། ད་ལྟ་རང་བཙན་རེད། ། ་་་་་་་་་་་་
# 18 རང་བྱུང་རིག་པའི་རྡོ་རྗེ་ལགས་ཀྱིསཞེས་པ་ལ།
བོད་ད་ནས་བདེ་སྐྱིད་ངོ་མ་འགོ་ཚུགས་ཟིནད་པ་རེད། བལ་འབྲུག་གཉིས་ད་ལྟ་གཞི་ནས་མྱང་རྒྱུ་རེད་སྙམ་མོ།།