ཨོ་ཤོ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
འབྲེལ་བ་ནི་ཁྱད་མཚར་ཅན་ཞིག་རེད།
དེ་ནི་མི་གཉིས་ཀྱི་བར་ན་གནས་པའོ།
དེ་མི་གཉིས་ཀར་བརྟེན་དགོས་པ་ཞིག་ཀྱང་རེད།
དུས་ནམ་དུ་ཡང་། མི་གཉིས་འཕྲད་དུས།
འཇིག་རྟེན་གསར་བ་ཞིག་བསྐྲུན་ནོ།
ཁོ་གཉིས་འཕྲད་པ་ཙམ་གྱིས་ཀྱང་།
སྣང་ཚུལ་གསར་བ་ཞིག་བསླེབས་ཡོང་།
དེ་ནི་སྔོན་ན་མེད་ན་པ་ཞིག
སྔོན་ན་གཏན་ནས་མེད་པ་ཞིག
སྣང་ཚུལ་གསར་བ་དེ་ཡིས།
ཁོ་གཉིས་བརྗེས་འགྲོ་ཞིང་། འགྱུར་ཡང་འགྲོ
འབྲེལ་བ་མེད་དུས། ཁྱོད་ཅི་ཞིག་ཡིན་པ་དེ་རང་རེད།
འབྲེལ་བ་ཡོད་དུས། ཁྱོད་རང་འཕྲལ་དུ་གཞན་ཞིག་ཏུ་འགྱུར་རོ།
དོན་དག་གསར་བ་ཞིག་བྱུང་སོང་བས་སོ།
བུད་མེད་ཅིག དགའ་རོགས་སུ་འགྱུར་དུས།
བུད་མེད་དང་འདྲ་བོ་མེད་དོ།
སྐྱེས་པ་ཞིག ཨ་ཕ་ལ་འགྱུར་དུས།
ཕོ་གསར་དང་འདྲ་བོ་མེད་དོ།
ཕྲུ་གུ་ཞིག་སྐྱེས་སོང་།
ང་ཚོའི་ཆ་ཤས་ཤིག་རིལ་བོར་ཤོར་རོ།
ཕྲུ་གུ་སྐྱེས་པ་དང་། ཨ་མ་སྐྱེས་པའི་དུས་ཚོད་ཀྱང་རེད།
འདི་སྔོན་དུ་རྦད་དེ་མེད།
བུད་མེད་ཡོད་ཀྱང་། ཨ་མ་ཟེར་བ་དེ་ཁྱོན་ནས་མེད།
དེ་ན། ཨ་མ་ནི་དོན་གྱི་གསར་བྱུང་བ་ཞིག་རེད།
ཁྱོད་ཀྱིས་འབྲེལ་བ་བསྐྲུན་ཞིང་།
འབྲེལ་བས་ཁྱོད་རང་བསྐྲུན་པའོ།
མི་གཉིས་འཕྲད་པ་དེ་ནི།
ལར་ནས་འཇིག་རྟེན་གཉིས་འཕྲད་པའོ།
དེ་ནི་མི་སླ་ཏེ། ཤིན་ཏུ་འཛིང་ངོ།
མི་རེ་རེ་རང་ཉིད་ལ་མཚོན་ན།
རང་ཉིད་ཀྱི་འཇིག་རྟེན་རེ་རེའོ།
འཛིང་བ་ནི་རིང་དུ་བསྲིངས་པའི་ཁ་སང་དང་།
རྫོགས་མཐའ་བྲལ་བའི་ངས་ཉིན་དང་སྦྲེལ་ལོ།
ཐོག་མ་ཉིད་དུ། གདོང་དང་གདོང་འཕྲད་པ་ཙམ།
འོན་ཏེ། འབྲེལ་བ་གྱེན་དུ་ཕྱོགས་ཏེ།
གཏིང་ཇེ་ཟབ་དང་ཐག་ཇེ་ཉེ་རུ་གྱུར་ན།
མཐར་གྱིས། སེམས་དང་སེམས་འཕྲད་པར་རྩོམ།
སྙིང་དང་སྙིང་འཕྲད་དུས། དེ་ལ་བརྩེ་དུང་ཞེས་བརྗོད།
གདོང་དང་གདོང་འཕྲད་དུས། དེ་ལ་ངོ་ཤེས་ཟེར།
རྒྱུས་མེད་ཀྱིས་ཕ་རོལ་གླེང་།
རྒྱབ་མ་མཐོང་། ཕྱོགས་ཀྱང་མ་རིག་པར་གཞན་པ་གླེང་།
རྐྱེན་དེའི་རྐྱེན་གྱིས། དེ་ལ་ངོ་ཤེས་ཟེར།
ཁྱོད་ཀྱིས་རང་ཉིད་ཀྱི་ངོ་ཤེས་ཉིད་རང་ཉིད་ཀྱི་བརྩེ་དུང་ཡིན་པ།
ཐེངས་ཁ་ཤས་ལ་སྨྲས་སོང་།
དེ་ཡིན་ཙ་ན། ཁྱོད་རང་རྨོངས་འདུག
ངོ་ཤེས་པ་དེ་བརྩེ་དུང་ནི་གཞར་ཡང་མིན་ནོ།
བརྩེ་དུང་་ནི་ཧ་ཅང་རྩ་ཆེན་ཞིག
སུ་ཞིག་ཁོའི་སེམས་ཀྱིས་མཇལ་བ་དེ་ནི།
རང་ཉིད་གསར་བརྗེ་ཡི་ལམ་དུ་བཞུད་པའོ།
ཁྱོད་ཀྱིས་རང་ཉིད་གང་ཞིག་གི་སེམས་དང་འཕྲད་སྙམ་ན།
ཁྱོད་ཀྱིས་ཀྱང་སུ་ཞིག་རང་སེམས་སུ་འཛུལ་དུ་འཇུག་རྒྱུ་དེ་རེད།
ད་དུང་། ཁྱོད་ཀྱི་ཚོར་བ་སྐྱེན་དགོས་ཤིང་། ཁོད་ཀྱང་ཡངས་དགོས་སོ།
དེ་ནི་ཉེན་ཁ་ཞིག་ཀྱང་རེད།
སུ་ཞིག་ཁྱོད་ཀྱི་སེམས་སུ་འཛུལ་རུང་བར་བྱེད་པ་དེ།
ཉེན་ཁ་ཞིག་རེད། ཆག་སྒོ་ཞིག་ཀྱང་རེད།
མི་དེ་ཡིས་ཁྱོད་ལ་ཅི་ཞིག་བྱ་ཡོང་བ་གཞར་ཡང་མི་རྟོགས་པས་སོ།
ཁྱོད་ཀྱི་གསང་བ་ཤེས་ཚར་དུས།
ཁྱོད་ཀྱི་སྦས་པ་མངོན་ཚར་དུས།
ཁྱོད་རང་ཡོངས་སུ་ཕྱིར་མངོན་དུས།
མི་དེ་ཡིས་ཁྱོད་ལ་ཅི་ཞིག་བྱ་ཡོང་བ་གཞར་ཡང་མི་རྟོགས་པས་སོ།
དེ་ན། དེ་འདྲའི་ཞེད་སྣང་ཞིག་གི་ཡོད་སྟབས།
ང་ཚོར་ནམ་ཡང་གསང་བ་ཡོད་པའོ།
ངོ་ཤེས་པ་ཙམ་གྱིས། ང་ཚོས་བརྩེ་དུང་ལ་ལྷུང་བར་བསམས།
གདོང་ཐུག་པ་ཙམ་གྱིས། ང་ཚོ་འཕྲད་དོ་སྙམ།
ཁྱོད་ཀྱི་ཕུང་བོ་དེ། ཁྱོད་རང་མ་རེད།
དོན་གྱི་དེ་ནི། ཁྱོད་རང་གང་ནས་མཇུག་རྫོགས་ས་དེ་རེད།
དེ་ནི་ཁྱོད་ཀྱི་ཕྱི་པགས་ཙམ་མོ། དེ་ཁྱོད་མ་རེད།
ཕུང་བོ་དེ་ཁྱོད་རང་གང་ནས་མཇུག་རྫོགས་ས་དང་།
འཇིག་རྟེན་ཞིག་གི་མགོ་རྩོམ་ས་ཡང་རེད།
བཟའ་ཟླ་གཉིས་ལོ་མང་ལ་མཉམ་དུ་བཤིབས་ཀྱང་།
ཕན་ཚུལ་ལ་ངོ་ཤེས་པ་ཙམ་ཡིན་སྲིད་ཅིང་།
ཕན་ཚུན་ལ་ཆ་མེད་རྒྱུས་མེད་ཀྱང་ཡིན་ངེས།
ཁྱོད་སུ་ཞིག་གི་ལྷན་དུ་ཇི་ཙམ་བསྡད་ཀྱང་།
ཁྱོད་ཀྱིས་མི་དེ་རྨང་ནས་བརྗེད་ཀྱང་སྲིད།
དེ་ནི་སེམས་ཀྱིས་སེམས་མ་ཤེས་པས་དང་།
སྙིང་དང་སྙིང་མ་འཕྲད་པས་སོ།
དེར་བརྟེན། ཐོག་མར་ཅི་ཞིག་ངེས་དགོས་པ་ནི།
ངོ་ཤེས་པ་ཙམ་ནི་བརྩེ་དུང་མིན་པར་གོ་བར་བྱ།
ཁྱོད་ཀྱིས་འཁྲིག་སྤྱོད་ཀྱང་བྱེད་སྲིད་མོད།
དེ་ནི་སྔར་བཞིན་ཕུང་བོ་ཙམ་རེད།
སེམས་དང་སེམས་མ་འཕྲད་ན།
སྙིང་དང་སྙིང་མ་འཕྲད་ན།
འཁྲིག་སྤྱོད་ནི་ཕུང་བོ་གཉིས་རྡར་རེག་བྱེད་པ་ཙམ་མོ།
ཕུང་བོ་ཙམ་འཕྲད་པ་དེ་ནི། ཁྱོད་ཀྱི་འཛོམས་པ་མ་རེད།
ཁྱོད་རང་ཞེད་སྣང་དང་བྲལ་དུས།
ཁྱོད་རང་འཇིགས་པ་དང་བྲལ་དུས།
ཁྱོད་ཀྱིས་མི་ཞིག་རང་སེམས་ཀྱི་འཛུལ་ནུས་པར་བགྱིད་ཐུབ།
༼མུ་འགོད། ༽
ཨོ་ཤོས། སངས་རྒྱས་ཀྱི་སྐོར་ལ།
https://www.youtube.com/watch?v=-nSMi0whFEA
བུདྡྷ་དང་། མི་ར་མཉམ་བསྲེས་ཀྱི་གསུང་བཤད།
https://www.youtube.com/watch?v=-nSMi0whFEA
ཨོ་ཤོས། ང་ནི་་་་་་་
https://www.youtube.com/watch?v=TsyVpN-fOUA
ཨོ་ཤོའི་སྒེར་གྱི་དཔེ་མཛོད་ཁང་ལ་དེབ་གྲངས་སྟོང་ཁྲག་བརྒྱ་དང་ལྔ་བཅུ་བསགས་ཡོད་པ་དང། ཁོང་རང་ཛམ་གླིང་ནང་ལ་མི་མཁས་ཤོས་དེ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་རེད། དེ་བདེན་ནམ། ལགས།
ཁོ་རང་བོད་པ་མ་རེད། ནང་པ་མ་རེད། བོད་པའི་བླ་མ་མ་རེད། གྲྭ་པ་ཡང་མ་རེད།
ཁོ་རང་འཛམ་གླིང་གི་མི་མཁས་ཤོས་གང་འདྲ་ཟེ་ཡིན་སྲིད།
ཧཧཧ རྩེད་མོ་ཡིན་ད།
ཨོ་ཤོ་ནང་པ་མ་རེད། ལབ་རྒྱུ་ཁག་སེ་ཡོད་རེད་གདའ། དེའི་ཁུངས་ཅིག་ཡོད། དེ་བཙལ་ནས་རྙེད་ན་ངས་འདིར་གང་མྱུར་འདྲེན་ཆོག