མི་གསོན་པོ།
ཨ་རི་ཤར་ཕྱོགས་ཀྱི་ས་ཁུལ་ནི་ཨ་རི་མང་སྡེ་གཅིག་སྒྲིལ་གྱི་རྒྱལ་ཁབ་ཐོག་མར་དབུ་འཛུགས་བྱེད་ཡུལ་གྱི་མངའ་ཁུལ་ཞིག་ཡིན་སྟབས། ཆབ་དཔལ་རིག་གསུམ་གང་གི་ཆ་ནས་ཨ་རི་རྒྱལ་ཁབ་གྱི་རྩེ་ཕུད་ཡིན་པར་བརྟེན་སློབ་སྦྱོང་གི་ཁོར་ཡུག་ཡང་ཆེས་བཟང་ཤོས་སུ་གྱུར་ཡོད། རྒྱུ་མཚན་དེས་ཨ་རི་ཤར་ཕྱོགས་ནི་འཛམ་གླིང་རིག་གཞུང་གི་བསྟི་གནས་ཆེ་ཤོས་དེ་ཡིན་པར་ཡོངས་གྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད། ཤེས་རིག་གི་དཔལ་ཡོན་ཆེས་ཆེར་དར་བའི་ཨ་རི་ཤར་ཕྱོགས་ཀྱི་རྒྱལ་ཁམས་སུ་ཉི་ཟླ་སྐར་གསུམ་ལྟ་བུར་གྲགས་ཅན་གྱི་མཐོ་སློབ་ཧར་ཝར་ཌི་གཙུག་ལག་སློབ་ཆེན་དང་། ཡེལ་གཙུག་ལག་སློབ་ཆེན། པི་རིན་སེ་ཊོན་གཙུག་ལག་སློབ་ཆེན་གསུམ་ནི་འཛམ་གླིང་གོ་ལའི་ཁྱོན་དུ་སྙན་གྲགས་ཀྱི་འོད་སྣང་རབ་ཏུ་འབར་བའི་སློབ་གྲྭ་ཆེན་པོ་གསུམ་དེ་རེད།
དེ་ལྟར་གྲགས་ཅན་གྱི་གཙུག་ལག་སློབ་གྲྭ་གསུམ་གྱིས་ཇི་ལྟར་གདན་ཞུས་བྱས་པ་ལྟར་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཞལ་གྱི་དཀྱིལ་འཁོར་ཨ་རིའི་ཤར་ཕྱོགས་སུ་མངོན་པར་བཀོད་དེ་གསང་གསུམ་འཕྲིན་ལས་ཀྱི་མཛད་པ་ཟབ་མོས་བསྟན་འགྲོ་ཕན་བདེའི་བྱ་གཞག་ཇི་སྙེད་བསྒྲུབས་དང་སྒྲུབ་བཞིན་པའི་དུས་ཀྱི་ཆར་ཏེ། སྤྱི་ཟླ་༣ཚེས༣༡རེས་གཟའ་མིག་དམར་ཉིན་༧རྒྱལ་དབང་མཆོག་སྐུ་འཁོར་ལྷན་རྒྱས་གྲོང་ཁྱེར་ནིའུ་ཡོག་ནས་རླངས་འཁོར་བརྒྱུད་ནིའུ་རྗེར་སི་རུ་ཡོད་པའི་པི་རིན་སི་ཏྲོན་གཙུག་ལག་སློབ་གྲྭ་རུ་ཆིབས་བསྒྱུར་བསྐྱངས་སོང་།
སློབ་གྲྭ་འདི་ནི་ཨ་རི་རྒྱལ་ཁབ་ནང་དུ་གོ་གནས་གལ་ཆེན་བཟུང་བའི་ཆེས་མཐོའི་སློབ་ཆེན་ཞིག་ཏེ། ཨ་རིའི་སྲིད་འཛིན་བཞི་པ་རྗིམ་སི་མད་ཌི་སོན་དང་། དམག་ཆེན་དང་པོའི་སྐབས་ཀྱི་ཨ་རི་སྲིད་འཛིན་ཉེར་བརྒྱད་པ་ཝུ་ཌི་རོའུ་ཝིལ་སོན། འཛམ་གླིང་ཐོག་གིའབྱོར་ལྡན་པའི་མཚན་སྙན་ཅན་གྱི་རྗེ་ཧྥེ་བྷེ་རོ་སི། ད་ལྟའི་སྲིད་འཛིན་ལས་ཐོག་པའི་སྐུ་ཟླ་ལྷ་ལྕམ་མེ་ཤེར་ཨོ་བྷ་མ་སོགས་གྲགས་ཅན་གྱི་སྐྱེ་བོ་མང་པོའི་སྙན་གྲགས་སློབ་གྲྭ་འདིའི་སྒོ་ཐེམ་བརྒལ་ནས་བྱུང་བ་ཡིན་སྟབས་པི་རིན་སི་ཊོན་གཙུག་ལག་སློབ་གྲྭའི་མཚན་སྙན་ནི་ཕྱོགས་ཀུན་ཏུ་ཁྱབ་ཡོད།
ལོ་ངོ་བཞི་ཡི་གོང་དུ་སློབ་ཆེན་འདིའི་གནད་ཡོད་ཀྱི་ལས་བྱེད་པ་ཞིག་རྒྱ་གར་དུ་འབྱོར་ཏེ་༧དཔལ་རྒྱལ་དབང་ཀརྨ་པ་དང་མཇལ་འཕྲད་བྱུང་བས་ཁོང་གིས་༧རྒྱལ་དབང་བཅུ་བདུན་པའི་རྣམ་དཔྱོད་དང་ཡོངས་ཁྱབ་ཀྱི་ཐུགས་བཞེད་དག་ལ་ཡིད་སྨོན་རབ་ཏུ་ཤོར་ནས་སློབ་ཆེན་དུ་གདན་འདྲེན་ཞུས་ཀྱང་རྒྱུ་རྐྱེན་གཞན་དབང་གིས་སྐབས་དེར་དངོས་སུ་ཕེབས་ཐུབ་མེད། འོན་ཏེ་སློབ་གྲྭ་དང་མཉམ་འབྲེལ་གྱིས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་དུ་མཛད་རྗེས་རྒྱུན་མར་སྐྱོང་གནང་བ་དང་། སློབ་ཆེན་གྱི་སློབ་ཕྲུག་གདན་ས་རུམ་གཏེགས་སོགས་སུ་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཟབ་སྦྱོང་དང་འབྲེལ་ཉམས་མྱོང་དང་སློབ་སྦྱོང་བརྗེ་རེས་བྱེད་རྒྱུའི་གོ་སྐབས་བསྐྲུན་མཛད། དེ་ལྟར་སློབ་ཆེན་འདི་དང་དངོས་སུ་འབྲེལ་ལམ་ཆགས་པ་ནས་བཟུང་༧རྒྱལ་དབང་མཆོག་ལ་སློབ་ཆེན་གྱི་ངོས་ནས་ཆེ་མཐོང་དང་གུས་བཀུར་བླ་ན་མེད་པ་ཞུས་པ་སྟེ་གཙུག་ལག་སློབ་ཆེན་འདི་ཡི་ཁོར་ཡུག་གི་ལམ་སྟོན་པའི་མཚན་གནས་ཀྱང་ཕུལ་འདུག
དེ་རིང་ཕྱི་དྲོ་ཆུ་ཚོད་གཉིས་པར་༧དཔལ་རྒྱལ་དབང་ཀརྨ་པ་གཙུག་སློབ་ཆེན་དུ་ཞབས་སོར་འཁོད་སྐབས་སློབ་གྲྭའི་ལས་བྱེད་ཆེ་ཤོས་ཁག་ཅིག་སྟེ། ཆོས་ལུགས་སློབ་ཚན་གྱི་འགན་ཁུར་བ། ཁོར་ཡུག་སྡེ་ཚན་གྱི་འགོ་གཙོ། སློབ་གྲྭའི་ཚགས་ཤོག་གི་རྩོམ་སྒྲིག་པ། ཁྲིམས་ལུགས་སློབ་སྦྱོང་གི་སློབ་དཔོན་ཆེན་མོ། སྒྱུ་རྩལ་གྱི་དགེ་རྒན་ཆེན་མོ་སོགས་ཀྱིས་ཕེབས་བསུ་ཞུས་ཏེ་བགྲོ་གླེང་དང་དགོངས་ཚུལ་བརྗེ་རེས་སོགས་མཛད་སོང་།
སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་གིས་བོད་ཀྱི་བླ་ཆེན་ཞིག་གི་ངོས་ནས་སྦྱང་བྱའི་ཤེས་བྱའི་སྡེ་ཚན་ཇི་ཙམ་ཡོད་དམ་ཞེས་བཀའ་འདྲི་ཞུས་ལན་དུ་༧རྒྱལ་དབང་མཆོག་གིས་བཀའ་སྩལ་པ། ལོ་རྒྱུས་ཐོག་གི་བོད་ཀྱི་བླ་ཆེན་མང་ཆེ་བའི་ཤེས་ཡོན་གྱི་ཆུ་ཚད་དང་འགན་ཁུར་ནི་ཧ་ཅང་ཚད་མཐོན་པོ་རེད། རིག་གནས་ཆེ་ཆུང་ཆ་ཚང་ལ་རྒྱུས་ཡོད་པ་དང་འབྲེལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་ལྡན་པ་ཞིག་ཡིན་དགོས་པ་མ་ཟད་མཐར་ཐུག་བསྒྲུབ་པ་ཉམས་ལེན་ཅན་ཞིག་ཀྱང་ཡིན་དགོས་པས་བོད་ཀྱི་བླ་ཆེན་དག་ནི་གཟི་བརྗིད་ལྡན་པའི་རྣམ་ཐར་ཅན་ཤ་སྟག་ཡིན། དེ་ཡིན་དུས་ཤེས་བྱའི་ཚད་འདི་ཙམ་རེད་ཅེས་བཤད་དགོས་ན་དཀའ་ལས་ཁག་པོ་རེད། ཅེས་བཀའ་སྩལ།
དགེ་རྒན་ཞིག་གིས་ཁྱེད་ཉིད་ད་ལན་མཛད་འཆར་དང་བཀའ་སློབ་གནང་ས་གཙོ་བོ་ནི་གཙུག་ལག་སློབ་གྲྭ་དག་རེད་འདུག་དེའི་ཐད་དུ་དགོངས་ཚུལ་གང་ཡོད་ཅེས་བཀའ་འདྲི་ཞུས་ལན་དུ་བཀའ་སྩལ་པ། སྤྱིར་ང་རང་ཉིད་ཀྱིས་སློབ་གྲྭ་མང་པོ་འདི་འདྲ་ཞིག་གི་ནང་དུ་འགྲོ་རྒྱུ་ཡིན་པ་ཧ་གོ་མ་སོང་། ཡིན་ནའང་སློབ་གྲྭ་རྣམས་དང་གོ་སྒྲིག་པས་སློབ་གྲྭ་ཆེན་མོ་དྲུག་གི་ནང་དུ་གཏམ་བཤད་བྱེད་རྒྱུ་གོ་སྐབས་གནང་འདུག རང་ངོས་ནས་དེ་ལ་ཧ་ཅང་རྩ་ཆེན་པོ་བརྩི་བཞིན་ཡོད། གཏམ་བཤད་བྱེད་རྒྱུ་ཞེས་བརྗོད་ཀྱང་དོན་དུ་སློབ་གྲྭ་ཆེན་མོ་རྣམས་ལས་ང་རང་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་གསུངས།
ཡང་སློབ་དགེ་ཞིག་གིས་ད་ལན་ཁྱེད་ཀྱིས་བཀའ་སློབ་གནང་རྒྱུ་གཙོ་བོ་དེ་ཕོ་མོ་འདྲ་མཉམ་སྐོར་རེད་འདུག་པས་ཕོ་མོ་འདྲ་མཉམ་སྐོར་ལ་ཁྱེད་ཉིད་དོ་སྣང་ཇི་ལྟར་སླེབས་པའི་ཚུལ་གསུངས་རོགས་གནང་ཞེས་ཞུས་པའི་ལན་དུ་བཀའ་སྩལ་པ། ང་རང་ལ་ཕོ་མོ་འདྲ་མཉམ་སྐོར་དམིགས་བསལ་གྱི་ཤེས་བྱའི་ཡོན་ཏན་གང་ཡང་ཡོད་མ་རེད། འོན་ཏེ་འཛམ་གླིང་ཐོག་ཏུ་ཕོ་མོ་འདྲ་མཉམ་མེད་པའི་གནས་སྟངས་ཀྱིས་བུད་མེད་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པའི་ཚུལ་རྣམས་ཅུང་ཟད་ཤེས་ཀྱི་ཡོད། ཤེས་ཚོར་དེ་ལ་བརྟེན་རང་ཉིད་སྤྱི་ཚོགས་ཀྱི་ནང་དུ་སྣེ་ཁྲིད་བྱེད་པའི་ནུས་པ་ཅུང་ཡོད་མཁན་ཞིག་ཡིན་སྟབས་འདྲ་མཉམ་གྱི་ཐོག་ཏུ་འགན་ཁུར་བྱས་ཏེ་ལས་དོན་ཅུང་ཟད་བསྒྲུབ་པའི་རེ་འདུན་བྱེད་ཀྱི་ཡོད།
སྤྱིར་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་ཟེར་བ་དེ་རྣམས་དབང་ཆ་བགོ་བཤའ་རྒྱབ་དགོས་ཟེར་བ་ལྟ་བུར་དང་། བུ་ཡིས་གང་བྱེད་ཆོག་པ་དང་བྱས་པ་དེ་འདྲ་བུད་མེད་ཀྱིས་བྱེད་དགོས་ཟེར་བ་མིན་པར་བུད་མེད་ལ་འོས་ཤིང་འཚམས་པའི་གནས་བབ། བུ་དང་བུ་མོ་བདེ་སྡུག་ཚོར་བ་གཅིག་གི་ཐོག་ཏུ་ཡོད་པ་ཡིན་སྟབས་གནར་གཅོད་དང་ཐུབ་ཚོད་ཀྱིས་དབང་བསྒྱུར་འོག་ཏུ་མ་ཚུད་པར་རང་གི་བདེ་སྡུག་འདོར་ལེན་བྱེད་རྒྱུའི་ཆ་རྐྱེན་དང་ཁོར་ཡུག་ཡོད་པ་ཞིག་གལ་ཆེན་པོ་རུ་བརྩི་བཞིན་ཡོད། ཅེས་བཀའ་སྩལ།
ཡང་ཁོར་ཡུག་གི་སྐོར་གྱི་བགྲོ་གླེང་ལས་འཕྲོས་ཏེ་༧རྒྱལ་དབང་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་སྩལ་པ། ངས་སྔོན་མར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དང་བྱ་བ་དག་ལ་མི་སྒེར་སོ་སོར་གྱིས་འགན་ཁུར་བྱས་ཏེ་ཚོགས་པ་དང་། བཟོ་གྲྭ། སྒྲིག་འཛུགས། སྲིད་གཞུང་བཅས་ལ་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་ལ་རེ་བ་བྱེད་ཀྱི་ཡོད། འོན་ཏེ་ཁོར་ཡུག་གི་གནད་དོན་དེ་ངས་བལྟས་ན་ཧ་ཅང་ཛ་དྲག་ཅན་ཞིག་ཏུ་ཆགས་ཀྱི་འདུག གང་ཡིན་ཞེ་ན་འགྲོ་བ་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་དལ་དྲག་པས་རྗེས་ལུས་ཆགས་པའི་ཉེན་ཁ་མཐོང་གི་འདུག ཁོར་ཡུག་དེ་རྒྱ་ཆེ་དྲགས་པས་དེའི་ཉེན་ཁ་དང་དཀའ་ངལ་དེ་ཁ་ཐུག་མཐོང་ཐུབ་ཀྱི་ཡོད་མ་རེད། རང་གི་འཚོ་བའི་དཀའ་ངལ་དེ་མིག་སྔར་ཁ་ཐུག་མཐོང་གི་ཡོད་དུས་རང་གི་དཀའ་ངལ་ཁ་ཐུག་དེ་སེལ་ཆེད་ཁོར་ཡུག་ལ་གཏོར་རླག་སོང་ཡང་དོ་སྣང་བྱེད་ཐུབ་ཀྱི་ཡོད་མ་རེད། དེས་ན་ཁོར་ཡུག་ལ་ཁ་ཐུག་འགྱུར་བ་གཏོང་རྒྱུ་དེ་དཀའ་ལས་ཆགས་ཡོད་དུས་རིམ་བཞིན་འཐུས་ཤོར་སུ་འགྲོ་བཞིན་ཡོད་རེད། ཁོར་ཡུག་གི་དཀའ་ངལ་དེ་ཧ་ཅང་ཛ་དྲག་དང་ཉེན་ཁ་ཅན་ཞིག་ཆགས་ཀྱི་ཡོོད་དུས་ང་ཚོས་ངེས་པར་དུ་གཟབ་ཏེ་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་ཡོད། ཅེས་བཀའ་སྩལ།
ཕེབས་བསུ་དང་བགྲོ་གླེང་གྲུབ་རྗེས་སློབ་ཕྲུག་ཁག་ཅིག་གིས་སྙན་ངག་གྱེར་འདོན་དང་། གཏམ་བཤད་ངག་རྩལ། སྒྱུ་རྩལ་གཟིགས་འབུལ། གླུ་དབྱངས་མཆོད་སྤྲིན་སོགས་ཕུལ་ཏེ་དེ་རིང་གི་མཛད་སྒོ་ལེགས་གྲུབ་བྱུང་སོང་། པི་རིན་སི་ཊོན་གཙུག་ལག་སློབ་ཆེན་ནང་དུ་ཉིན་དང་པོའི་མཛད་རིམ་མི་གསོན་པོས་ཟིན་བྲིས་སུ་བཏབས།
ཀརྨ་པ་ཨྱོནའཕྲིན་ལས་ ནིའུ་ཡོག་ queens ནང་ལ་wasabi point ཟེར་བའི་བོད་པའི་ཟ་ཁང་ཆུང་ཆུང་ཞིག་ལ་གསོལ་ཚིགས་ཀྱི་ཆེད་དུ་ཕེབས་འདུག འདིས་ག་རེ་སྟོན་གྱི་ཡོད་དམ། ཁོ་རང་ཡང་མི་མང་དཀྱུས་མ་ཞིག་ལྟ་བུ་མཚོན་ནམ། ཡང་ན་གཞན་ཞིག་མཚོན་གྱི་ཡོད། ངའི་མཐོང་ཚུལ་ནི། གསོལ་ཚོགས་གདན་འདྲེན་ཞུས་མཁན་བྱབ་ཆུང་རེད། གང་ལ་ཞེ་ན་ཟ་ཁང་ཐེབས་ཅག་ཞིག་ལ་གདན་དྲངས་པ་རེད། ལོ་གཉིས་སྔོན་ལ་ཟ་ཁང་དེར་འགྲོ་ཡིན། དེ་དུས་དོལ་རྒྱལ་བ་ལི་ཐང་རྒྱ་མཚོ་གཙོས་བྱས་ནས་མི་གྲངས་ཁ་ཤས་འདུག ཟ་ཁང་ནང་མི་རིགས་སུ་ཡིན་ན་འཛུལ་ཆོག་ཀྱང་ཁོང་ཚོར་འདྲིས་ཆེ་མདོག་འདུག ང་རང་དྭོགས་པ་ཞིག་ཟ་བྱུང་། ཕྱིས་སུ་གྲོགས་པོ་ཞིག་གིས་སྦྱིན་བདག་དེ་སྔོན་མ་ལྡི་ལིར་དོལ་རྒྱལ་བསྟེན་མཁན་ཞིག་གི་བུ་མོ་དང་་གཉེན་འགྲིགས་བྱས་ནས་ད་ལྟ་ལོག་ཀ་divorced ཆགས་ཚར་བ་རེད་ཟེར། ད་ཆ་སྐྱེ་དམན་གཞན་པ་ཞིག་ཡོད་འདུག
རྒྱལ་བ་ཀརྨ་པ་བོད་པའི་ཟ་ཁང་དཀྱུས་མ་དེ་ཚོར་ཕེབས་པ་འདི་དགའ་བྱུང་། དེས་བོད་མིར་བཅངས་པའི་ལ་རྒྱ་ཞིག་དང་། གཉོམ་ཆུང་ལ་དགའ་སྣང་ཞིག་སྦྱིན།
དེ་མིན་རྒྱ་བླ་དེ་ཚོ། མགྲོན་ཁང་རྫིག་པོ། བུད་མེད་མཛེས་མ། མོ་ཊ་གོང་ཆེན། ཆུ་ཚོད་གསེར་ཐག འཁོར་གཡོག་ཚོང་པ་ཤ་སྟག་མཉམ་དུ་འགྲོ་བ་མཐོང་སྐབས། མཇལ་འདོད་ཕར་བཞག ཚུར་སྐད་ཆ་ཤོད་པར་ཡོང་སྐབས་བསུན་སྣང་དང་། གཡོལ་དགོས་པ། མཚམས་རེ་བོད་པ་ཡིན་པ་ཡང་སྦས་དགོས་བྱུང་བ་ཉུང་ཉུང་མིན། གལ་ཏེ་ང་ཟ་ཁང་དེའི་ཉེ་འགྲམ་ལ་ཡོད་ན། ང་ལ་སྤོབས་པ་མི་ཟད་པ་ཞིག་བསྟེར་བ་ནི། བོད་ཀྱི་བླ་ཆེན་རྒྱལ་དབང་ཀརྨ་པས། ནེའུ་ཡོག་ལ་ཟ་ཁང་སྤུས་ལེགས་དང་ཆེན་པོ་དེ་དག་བཞག་ནས། བོད་པའི་ཟ་ཁང་གཉོམ་ཆུང་ཞིག་བདམས་པ་དེས། ངའི་སྙིང་ལ་དགའ་ཚོར་དང་། ལུས་ཀྱི་བ་སྤུ་གཡོ་བར་བྱེད། བོད་མི་དམངས་ཀྱིས་དེ་ཤེས་ན། དགའ་བ་དང་སྤོབས་པ་ལས་མི་རངས་པ་ག་ལ།
ཟུར་གནས་ལགས། ཀརྨ་པ་རྫིག་པོ་བྱེད་རྒྱུ་དགའ་བོ་ཡོད་སྐད་འདུག ཉེ་འཆར་བཀའ་བརྒྱུད་སྨོན་ལམ་སྐབས་འགྲོ་སོང་འབོར་ཆེན་བཏང་ནས་Mumbai ནས་གློག་གི་ཡོ་བྱད་མོ་ཊ་གསུམ་དང་ཆེད་ལས་པ་སྐད་བཏང་ནས་རྫིག་ཉམས་སྟོན་འདུག འདིའི་བསྐོར་་ངའི་རོགས་པ་རུམ་བཏེགས་ཀྱི་གྲྭ་ཟུར་ཞིག་ཧང་སངས་ནས་བྱེད་རྒྱུ་མང་དྲགས་འདུག་ཅེས་གུས་པར་ལབ་བྱུང་།
ཀརྨ་པ་ས་ཡ་མང་པོ་འགྲོ་སོང་བཏང་མཁན་ཅིག་ཟ་ཁང་ཐབས་ཆག་ཞིག་ནང་ཧཧཧཧ
དེ་མིན་ན་དེ་ནང་བུ་མོ་མཛེས་མ་ཞིག་ཡོད་རྒྱུ་རེད
སེམས་དཔའ་ཆེན་པོས་འོད་སྣང་ནུབ་ཕྱོགས་དོལ་ཚོགས་ཟས་ཁང་དུ་འཕོ་བ་ཡག་རྟགས་འདྲ་ཨེ་ཡིན་ནམ། མི་གསོན་པོས་སྒེར་སྤྱོད་པའི་འགྲོ་འདུག་ཟ་ཉལ་ཡིག་ཐོག་བཀོད་ནས་ཁྱབ་བསྒྲགས་ཀྱིས་དང་སྒྲོ་ལོ་ས་ཡ་འགའ་ཤས་རེག་གི་རེད། གཙོ་བོ་ནག་ཚོང་གི་རྡི་ལིའི་བཙོན་པ་ཚོར་རང་དབང་གཏོང་ཐུབ་ན་དེས་ཆོག་གོ།
ཀརྨ་བླ་མ་འདི་ལ་ཞུ་རྒྱུ་ཞིག་ཡོད། དེ་ནི། སྐུ་མཁྱེན། སྐུ་ཤ་རྒྱགས་པ་མ་གནང་པར་ཞུ་ཞུས། སྐུ་གཟུགས་ལ་ཐུགས་འཇོག་ཡོད་པ་ཞུ་ཞུས།
བླ་མ་རྒྱགས་པ་ལ་དགའ་པོ་མེད།
འདིར་གཟིགས་པར་ཞུ། http://youtu.be/NkGkSBpdsA8
ཝ་ས་སྦི་ཟ་ཁང་ལ་ང་ཕྱིན་མྱོང་། ཟ་མ་ཞིམ་པོ་ཞེ་དྲགས་འདུག
གདོན་སྒེགས་ཚོས་ཞབས་ལ་ཐག་པ་བཏག་འདོད་པ་ནི་འཁྲུལ་སྣང་རེད།
་་་་་་་་་་་་་་་་་ # 2 ཟུར་གནས་་ལགས་ཀྱིས་མཆན་བཏབ་པ།:
April 1st, 2015 at 6:18 PM
རྒྱལ་བ་ཀརྨ་པ་བོད་པའི་ཟ་ཁང་དཀྱུས་མ་དེ་ཚོར་ཕེབས་པ་འདི་དགའ་བྱུང་། དེས་བོད་མིར་བཅངས་པའི་ལ་རྒྱ་ཞིག་དང་། གཉོམ་ཆུང་ལ་དགའ་སྣང་ཞིག་སྦྱིན། ་་་་་་་་་་་
་་་་་་་་་ ང་རང་ལ་ཕོ་མོ་འདྲ་མཉམ་སྐོར་དམིགས་བསལ་གྱི་ཤེས་བྱའི་ཡོན་ཏན་གང་ཡང་ཡོད་མ་རེད། འོན་ཏེ་འཛམ་གླིང་ཐོག་ཏུ་ཕོ་མོ་འདྲ་མཉམ་མེད་པའི་གནས་སྟངས་ཀྱིས་བུད་མེད་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པའི་ཚུལ་རྣམས་ཅུང་ཟད་ཤེས་ཀྱི་ཡོད། ཤེས་ཚོར་དེ་ལ་བརྟེན་རང་ཉིད་སྤྱི་ཚོགས་ཀྱི་ནང་དུ་སྣེ་ཁྲིད་བྱེད་པའི་ནུས་པ་ཅུང་ཡོད་མཁན་ཞིག་ཡིན་སྟབས་འདྲ་མཉམ་གྱི་ཐོག་ཏུ་འགན་ཁུར་བྱས་ཏེ་ལས་དོན་ཅུང་ཟད་བསྒྲུབ་པའི་རེ་འདུན་བྱེད་ཀྱི་ཡོད། ་་་་་་་་་
་་་་་་་་་་་་་ འོན་ཏེ་ཁོར་ཡུག་གི་གནད་དོན་དེ་ངས་བལྟས་ན་ཧ་ཅང་ཛ་དྲག་ཅན་ཞིག་ཏུ་ཆགས་ཀྱི་འདུག གང་ཡིན་ཞེ་ན་འགྲོ་བ་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་དལ་དྲག་པས་རྗེས་ལུས་ཆགས་པའི་ཉེན་ཁ་མཐོང་གི་འདུག ཁོར་ཡུག་དེ་རྒྱ་ཆེ་དྲགས་པས་དེའི་ཉེན་ཁ་དང་དཀའ་ངལ་དེ་ཁ་ཐུག་མཐོང་ཐུབ་ཀྱི་ཡོད་མ་རེད། ་་་་་་་་་་
ཁོར་ཡུག
ཁོར་ཡུག་ནི། ཡུམ་ཆེན་རེད།
ཁོར་ཡུག་ནི། གཏེར་ཆེན་རེད།
ཁོར་ཡུག་ནི། དཀོན་མཆོག་རེད།
འཁོར་ཡུག
འཁོར་ཡུག་གི་སྙིང་པོ་ཤིང་སྡོང་རེད། །
ཤིང་སྡོང་གི་དྲུང་དུ་དོན་གྲུབ་འཁྲུངས། །
ཤིང་སྡོང་གི་འོག་ཏུ་བྱང་ཆུབ་བསྒྲུབས། །
ཤིང་སྡོང་གི་འོག་ཏུ་རང་ཉིད་འདས། །
ཤིང་སྡོང་།
ཤིང་སྡོང་ལས་ཤིང་འབྲས།
ཤིང་སྡོང་ལས་ཆུ་འོངས།
ཤིང་སྡོང་ལས་རླུངས་གཙང་།
ཤིང་སྡོང་ལས་མེ་བཏང་། །
ཤིང་སྡོང་།
ཤིང་སྡོང་མེད་ན་སྣོད་མེད།
ཤིང་སྡོང་མེད་ན་བཅུད་མེད།
ཤིང་སྡོང་མེད་ན་ཆུ་མེད།
ཤིང་སྡོང་མེད་ན་ཟས་མེད།
ཤིང་སྡོང་།
ཤིང་སྡོང་མེད་ན་འབྲུ་མེད།
ཤིང་སྡོང་མེད་ན་ཆར་མེད།
ཤིང་སྡོང་མེད་ན་རླུང་མེད།
ཤིང་སྡོང་མེད་ན་སྲོག་མེད།
རེད་དོ་དེ་ག་རང་རེད་དོ་ཀརྡོ་གཉེར་ཕྱག་ལགས།
ཁོར་ཡུག
ཁོར་ཡུག་མེད་ན་འཁོར་མཁན་མེད། །
ཁོར་ཡུག་བཟང་ན་མི་ཚེ་བཟང་།
ཁོར་ཡུག་གཙང་ན་མི་སེམས་གཙང་།
ཁོར་ཡུག་ཕྱུག་ན་མི་ཚེ་ཕྱུག །
བོད་ཀྱི་ཁོར་ཡུག
བོད་ཀྱི་ཁོར་ཡུག་འཁྱགས་རོམ་རེད།
བོད་ཀྱི་ཁོར་ཡུག་ཆུ་གཙང་རེད།
བོད་ཀྱི་ཁོར་ཡུག་རྩ་ཐང་རེད།
བོད་ཀྱི་ཁོར་ཡུག་རླུང་གཙངབ་རེད།