ཨོ་ཤོ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
དེར་བརྟེན། སེམས་ཅན་ལ་རིགས་གཉིས་ཏེ།
གཅིག་ནི། ཞེད་སྣང་ལ་ཕྱོགས་པའོ།
གཅིག་ནི། བརྩེ་བ་ལ་ཕྱོགས་པའོ།
ཞེད་སྣང་ལ་ཕྱོགས་པའི་སེམས་ཅན་དེས།
ཁྱོད་རང་གཏིང་ཟབ་པའི་འབྲེལ་བར་གཏན་ནས་ཁྲིད་མི་ཐུབ།
ཁྱོད་ལ་ཞེད་སྣང་ལྡན་པས། ཁྱོད་ཀྱིི་འཇིག་རྟེན་དུ་སུ་ཡང་སླེབས་མི་ཐུབ།
དེ་ནས། རང་ཉིད་ཀྱི་སྒོ་མོ་ཡོངས་པོར་མ་ཕྱེ་བར་དུ།
གེགས་ཀྱིས་རུབ་ཏེ་ཡོད་རྒུ་ཆད་འགྲོ
བརྩེ་བར་ཕྱོགས་པའི་སེམས་ཅན་དེ་ནི། ཆོས་པ་རེད།
ཁོ་ནི་མ་འོངས་པར་ཞེད་སྣང་བྲལ་བའོ།
ཁོ་ནི་འབྲས་བུ་ལ་ཞེད་སྣང་བྲལ་བའོ།
ཁོ་ནི་དུས་ད་ལྟ་བ་དང་གནས་འདི་ནས་འཚོ་བའོ།
དེ་ནི་གེ་ཏཱ་(GITA) རུ་ཁྱབ་འཇུག་གིས་་་་ལ་གསུངས་པ་སྟེ།
འབྲས་བུ་ཅི་འབྱུང་ལ་མ་ཚེགས་ཤིག
དེ་ནི་ཞེད་སྣང་ལ་ཕྱོགས་པའི་སེམས་པའོ།
དེ་ནས་ཅི་ཞིག་འབྱུང་མིན་ལ་སེམས་རྩོལ་མ་བྱེད།
གནས་འདི་ནས་ཧྲིལ་གྱིས་ལས་སུ་ཞུགས། རྩིས་མ་རྒྱག
ཞེད་སྣང་ལ་ཕྱོགས་པའིི་མི་ནི། རྟག་པར་རྩིས་རྒྱག་མཁན་དེའོ།
འཆར་གཞི་དང་། བཀོད་སྒྲིག རང་སྲུང་བགྱིད་མཁན་དེའོ།
ཁོའི་མི་ཚེ་རིལ་བོ་དེ་དག་གི་ཁྲོད་ནས་བཞུད་འགྲོ
བདག་གིས་ཛེན་(ZEN)་གྱི་གྲྭ་རྒན་ཞིག་གི་སྐོར་གོ་མྱོང་།
ཁོ་མལ་ས་རུ་ལྷུང་ཏེ།
མཚན་མོ་དེ་ནི་རང་ཉིད་ཀྱི་ཚེ་མཇུག་གི་དུས་ཡིན་པར་བསྒྲགས་རྗེས།
ས་ཐག་རིང་དང་ཕྱོགས་སོ་སོ་ནས།
ཁོང་གི་འཁོར་དང་། རྗེས་འབྲང། སློབ་མ་སོགས་འཛོམས་ལ་ཆས།
ཁོང་ལ་དགའ་རོགས་ཀྱང་མང་དུ་གདའ།
ཁོ་མོ་ཚོ་ཡང་རིངས་པར་འཛོམས་སུ་བྲེལ།
ཁོང་གི་སློབ་མ་རྒན་པ་ཞིག་གིས།
སློབ་དཔོན་གཤེགས་ལ་ཉེ་བའི་གཏམ་ཐོས་མ་ཐག
ཁྲོམ་དུ་རྒྱུགས།
མི་ཞིག་གིས་ཁོ་ལ་འདི་ལྟར་དྲིས།
“སློབ་དཔོན་གཤེགས་ལ་ཉེ། ཁྱོད་རང་ཁྲོམ་དུ་རྒྱུགས་དོན་ཅི།”
སློབ་མ་རྒན་པ་དེ་ན་རེ།
“སློབ་དཔོན་ཀེབ་ཁུག(CAKE)་བཞེས་པར་མཉེས་པ་ངས་ཤེས།
དེ་བས། ང་རང་ཁྲོམ་དུ་དེ་ཉོ་རུ་ཕྱིན་པའོ། ”
ཀེབ་ཁུག་དེ་ནི་ཤིན་ཏུ་སོན་པར་དཀའ།
དེ་ནི་དུས་ལས་ཡོལ་བས་སོ།
ཡིན་ཡང་། མཚན་མོ་དེར། ཁོས་དེ་རེག་ཐབས་བྱས་སྟེ།
སློབ་དཔོན་གྱི་གམ་དུ་འཕུར་བ་ལྟར་རྒྱུགས།
ཀུན་གྱིས་སེམས་ཚེགས་བྱས།
སློབ་དཔོན་གྱིས་ཅི་ཞིག་ལ་སྒྲུག་བཞིན་པ་དང་འདྲ།
ཁོང་གིས་སྦྱན་ཟུང་ཕྱེས་ཏེ་རིག་རིག་བྱས། སླར་ཡང་ཟུམ།
སློབ་མ་རྒན་པ་དེ་བསླེབས་སོང་། སློབ་དཔོན་ན་རེ།
“འགྲིག་སོང་། ཁྱོད་བསླེབས་པ་འགྲིག་སོང་། ཀེབ་ཁུག་གང་དུ་ཡོད།”
སློབ་དཔོན་གྱིས་ཀེབ་ཁུག་གླེང་བར་ཁོའི་སེམས་པ་རབ་ཏུ་དགྱེས།
གཤེགས་ཁར། སློབ་དཔོན་གྱིས་ཀེབ་ཁུག་དེ་ཕྱག་ཏུ་བསྣམས་སོང་།
འོན་ཏེ། ཁོང་གི་ཕྱག་ལ་འདར་ཙམ་མི་གདའ།
ཁོང་ཤིན་ཏུ་བགྲེས་མོད། ཕྱག་ཟུང་འདར་ཙམ་མ་བྱས།
ལ་ལས་འདྲི་རྒྱུར།
“ཁྱེད་རང་ཤིན་ཏུ་བགྲེས་ཤིང་གཤེགས་ལ་ཉེ་ཡང་།
ཕྱག་ཟུང་འདར་ཙམ་ཡང་མི་བྱེད་དོན་ཅི།”
སློབ་དཔོན་ན་རེ།
“ང་ཁྱོན་ནས་འདར་མི་སྲིད་དེ། ཞེད་སྣང་དང་བྲེལ་བས་སོ།
ངའི་ཕུང་བོ་བགྲེས་ཀྱང་། ང་ད་དུང་གཞོན་པ་ཡིན།
ཐ་ན། ཕུང་བོ་འདི་གཤེགས་ཀྱང་། ང་གཞོན་པ་ལྟར་གནས་ངེས།”
ཁོང་གིས་ཞལ་ལ་མྱངས་ཙམ་རྗེས། ཀེབ་ཁུག་སྒྲོན་པར་བརྩམས།
མི་ཞིག་གིས་འདྲི་རྒྱུར།
“སློབ་དཔོན་ལགས། ཁྱོད་ཀྱི་ཞལ་ཆེམས་ཅི་ཞིག་ཡིན་ནམ།
ཁྱོད་ཀྱིས་ང་ཚོས་གང་ཞིག་བྱ་ན་སེམས།”
སློབ་དཔོན་འཛུམ་དམུལ་དམུལ་གྱིས་གསུང་དོན།
“ཀེབ་ཁུག་ནི་ཇི་འདྲའི་ཞིམ་ཨང་།”
འདི་ནི་དུས་ད་ལྟ་དང་། གནས་འདི་ན་འཚོ་བའི་མི་དེའོ།
ཀེབ་ཁུག་དེ་ནི་ཞིམ་ངར་དང་ལྡན་པའོ།
ཐ་ན། འཆི་བ་ནི་ཅི་སྙམ་པའོ།
སྐད་ཅིག་རྗེས་མ་ནི་དོན་གྱིས་སྟོང་ངོ།
སྐད་ཅིག་འདི་ལ། ཀེབ་ཁུག་གི་ཞིམ་མངར་དང་ལྡན་ནོ།
སྐད་ཅིག་འདི་ལ། དུས་ད་ལྟའི་སྐད་ཅིག་འདི་ལ།
ཁྱོད་ཀྱིས་འཁྱོངས་ནུས་ན།
གཞི་ནས་ཁྱོད་རང་དགའ་ཞིང་བརྩེ་ནུས་སོ།
ཆོས་དཔོན་འདི་ནི་ཤིན་ཏུ་སྐད་གྲགས་ཅན་ཞིག་རེད། ཁོང་གིས་གསུངས་སྟངས་ལ་བལྟས་ན་སྟོང་ཉིད་ཀྱི་དོན་རྟོགས་ཡོད་པ་འདྲ་བོ་རེད། བོད་པ་ཚོས་སྣང་མོར་ཆོས་ལུགས་གཞན་ལ་དེ་འདྲའི་སྐྱེ་ཆེན་དམ་པ་ཡོད་མི་སྲིད་སྙམ་པ་ཞིག་ངང་གིས་ཡོད། དེ་ནི་ཆོས་ལུགས་ལ་ཞེན་ཁོག་ཆེ་བའི་རྟགས་ཁོ་ན་ལས་མ་འདས། །
བོད་གངས་ཅན་ལ་དར་བའི་ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ནི་ཤིན་ཏུ་ནས་ཡང་དག་རེད། འོན་ཀྱང་ཆོས་པ་ཚོ་ནི་བརྒྱ་ཆ་གོ་དགུ་ཡང་དག་མ་རེད། ད་ཇི་ལྟར་བྱེད། དེ་ལ་ཐབས་གཞན་གང་ཡང་ཡོད་པ་མ་རེད། སྙིགས་མའི་དུས་རང་རེད། །
༼དེ་ནི་གེ་ཏཱ་(GITA) རུ་ཁྱབ་འཇུག་གིས་སྲིད་སྒྲུབ་ལ་གསུངས་པ་སྟེ།༽
Krishna – ཁྱབམའཇུག
Arjuna -སྲིད་སྒྲུབ།་
Gita- ལེགས་ལྡན་གྱི་གླུ།
Gita- ལེགས་ལྡན་ནག་པོའི་་གླུ།
་་་་་་་་་་་ “སློབ་དཔོན་ཀེབ་ཁུག(CAKE)་བཞེས་པར་མཉེས་པ་ངས་ཤེས།
དེ་བས། ང་རང་ཁྲོམ་དུ་དེ་ཉོ་རུ་ཕྱིན་པའོ། ” ་་་་་་་་་་་་་་
CAKE མངར་པགས།
གྲྭ་རྒན་ཞིག་ཞེས་པ་དེ་ཡང་ཚིག་སྦྱོར་ལ་མ་བདེ་ཙམ་ཡིན་ཏེ། གྲྭ་པ་བགྲེས་སོང་ཞིག་ཟེར་བ་ལྟ་བུའམ། ཛཱེན་ཆོས་ལུགས་ཀྱི་གྲྭ་པ་ཞིག་་་་ཟེར་བ་ལྟ་བུས་མཐུས།
Cake ཀེབ་ཁུག capkuk ཧཧཧ དེ་འདྲའི་སྒྲ་ལོག་ཅིག
༼ཁད་ཀུ༽ཟེར་ན་སྒྲ་ཕལ་ཆེར་ཡོང་ཐུབ་པ་རེད། དབྱིན་ཡིག་སྒྲོ་སོར་བཞག་མང་ཆེ་བ་བོད་ཡིག་གི་ལམ་ནས་སྒྲ་ལོག་པ་རེད་འདུག དེ་འདྲ་མ་བྲིས་པར་འདི་འདྲ་བྲིས་ན་སྒྲ་ཕལ་ཆེར་ཡོང་ཐུབ་ས་རེད་བསམ་པ་མང་པོ་འདུག འོན་ཀྱང་རྒྱུ་མཚན་གང་ལ་བརྟེན་ནས་སྒྲ་ཐག་ཉེ་བོ་མ་བྲིས་པ་ཡིན་ནམ་སྙམ་པ་ཐེངས་གང་མང་ལ་ཐུག་སོང་། །
འདིས་བརྩམས་པའི་ཞི་གནས་སྐོར་ལ་སྐད་གྲགས་འདུག རྡོ་རྗེ་གཅོད་པའི་འགྲེལ་བ་ཡང་ཡོད། རྒྱ་ཡིག་ཏུ་དེབ་བརྒྱ་ཙམ་ཡོད། ངའི་དེབ་བཅུ་ཙམ་ལ་བལྟས་པ་ཡིན། སྐྱར་བཤད་ཤིན་ཏུ་མང་པས་རང་རེའི་ཤེར་ཕྱིན་བཏོན་པ་ལྟ་བུ་ཞིག་རེད། རྒྱ་གར་གྱི་རིག་གཞུང་ཡིན་མཆི། བསམ་གཏན་པའི་སྡེ་སྣོད་ཀྱི་འགྲེལ་དང་། སྟོང་ཉིད་སྟོན་པའི་མདོ་རྣམས་ཤིན་ཏུ་གོ་བདེ་བར་བཤད་སྲོལ་འདུག རང་ལ་ལས་འབྲེལ་མེད་པ་ཡིན་ནམ་གོ་བ་ཆེར་མ་བྱུང་། གཙོ་བོ་ཁོའི་འདོད་པའི་བསྟན་བཅོས་༼For Sex To Superconsciousness༽ལ་བརྟེན་མི་མང་པོ་ཞིག་གིས་ཚེ་གྲོགས་ལ་བློ་གཏད་མི་དགོས་པ་གླེང་བའི་རྐྱེན་བྱས། ཆོས་ལུགས་ཀྱི་ཁྲིམས་དམ་པའི་སྤྱི་ཚོགས་སུ་བཀག་རྒྱ་ཆེ། ཆབ་སྲིད་ཞིབ་འཇུག་པ་རྣམས་ཀྱི་བཤད་སྲོལ་ལ། རྩ་རླུང་ཆོས་འཁོར་དང་ཨོ་ཤོའི་ཚོགས་པ་གཉིས་ཀ་ཨ་རིའི་ཁྱབ་སྒྲགས་སྲིད་འཇུས་ལ་བརྟེན་པའི་རྒྱ་དཀར་ནག་གི་ཆོས་ལུགས་ཚོགས་པ་ཡིན་པར་སྨྲ། ཁོ་ལ་སྐྱེས་མ་བརྒྱ་ཕྲག་དུ་མ་དང་། ཁང་ཆེན་། ས་ཆ། ཚོགས་པ་ཤིན་ཏུ་མང་ཞིང་དཔལ་འབྱོར་གྱི་ཡོངས་ཁུངས་གསང་བ་རེད། ཁོ་ལན་གཅིག་རྒྱ་གར་ཏུ་ལོག་དུས་རླངས་འཁོར་གོང་ཆེན་མང་པོ་འབོར་འདྲེན་བྱས་པས་རྒྱ་དཀར་ལ་དོགས་པ་སྐྱེས། དེ་ནས་ཞིབ་འཇུག་སྐབས་ཞིག་ལ་ཚེ་དུས་ལས་འདས།
ཨོ་ཟོན་མཆོག་ནི། དྲང་ཚུགས་ཆེ་ལ། ཕྱི་གསལ་ནང་གསལ་ཞིག་ཡིན་པ་དང་། ཁོ་རང་གི་མཚན་ཐོག་ལ་སྒོར་རྡོག་ཅིག་ཀྱང་མི་ཉར་མཁན་ཅིག་ལ། སྣུམ་འཁོར་སྒོང་ཆེན་དགུ་ཙམ་ལྷག་ཡོད་ན་ཡང་། ད་དུང་ཛམ་གླིང་ཐོ་འཁོད་གསར་བཟོ་ཕྱིར། ད་དུང་མོ་ཏ་༣༦༠གསུམ་བརྒྱ་དྲུག་གྲངས་ཚང་དགོས་འདོད་ཞིག་ཀྱང་རེད་འདུག
སྣུམ་འཁོར་སྒོང་ཆེན་དགུ་ཙམ་ལྷག་ཡོད་ན་ཡང་།
འདི།
སྣུམ་འཁོར་གོང་ཆེན་༩༠དགུ་བཅུ་ཙམ་ལྷག་ཙམ་ཡོད་ན་ཡང་།
ལ་བཅོས།
ཇི་སྐད་དུ། དབྱངས་ཅན་གྲུབ་པའི་རྡོ་རྗེས།
་
འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་པའི་གྲྭར་འཇུག་པ།
ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་འགྱུར། །
་
ཡོངས་པོར་ ཞེས་པའི་དོན་གང་ཡིན་ནམ། བདག་འདི་ལ་མགོ་འཐོམས། ཡངས་པ་སྟེ། དོག་པོ་མ་ཡིན་དོན་་ནམ། ཡོངས་ཏེ། གང་པོ་ཞེས་པའི་དོན་ནམ།
རུབ་ཏེ། ཞེས་པར་རུབ་པ་ད་ལྟ་བ་དང་རུབས ཞེས་པས་འདས་པ་ཡིན་ནམ་སྙམ།
ཡོད་རྒུ་། ཡོད་དགུ་སྟེ་ད་སྔོན་འཇུག་སྐབས་འགར་ར་དང་སྐབས་འགར་སུ་འབོད་པར་མཐོང་།
དེ་ནི་གེ་ཏཱ་(GITA) གཱི་ཏཱ་ཞེས་ཀློག་ལ་མ་སྦྱངས་པའི་སྐྱོན། རོགས ཞེས་པ་གྲོགས་ཀྱི་ཟུར་ཆག་ཡིན་པས་ཟུར་མ་ཆག་པར་བོད་ཀྱི་སྐད་ལ་ཕན་པས་ཁོ་བོས་གྲོགས་ཞེས་བྲིས་པ་ན། གྲོགས་བྱུང་བ་མངོན་སུམ་ཚད་མས་གྲུབ་བོ།
་
ཡིག་ནོར་ལ་ཞུས་དག་མཛོད།
སྐབས་འགར་སུ། ཞེས་པ་སྐབས་འགར་ས་རུ་ཞེས་བཅོས་སོ།
ངས་ནི་ཁོས་བཤད་ཚུལ་མང་ཆེ་བ་ནང་བའི་ལྟ་ཚུལ་དང་འདྲ་བོ་འདུག་བསམ་སོང་། དཔེར་ན་ཁོས་དངོས་པོའི་དཔལ་ཡོན་ཅི་ཙམ་བསྟེན་ཡང་དེས་རང་ལ་མི་གནོད། གནོད་པ་ནི་དེ་ལ་ཆགས་པའམ་བདེན་པར་འཛིན་པའི་བདེན་འཛིན་ཡིན་པར་བཤད་པ་དང་། ང་ཚོ་རྨོངས་པའི་རྒྱུ་སྒོམ་མ་ཤེས་པའི་ཉེར་ལེན་ལས་བྱུང་བ་དང་། སྒོམ་ཡག་པོ་ཤེས་ན་བློ་རིག་ཇེ་གསལ་དུ་ཕྱིན་ཏེ་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་ནུས་པ་ཡོད་པར་འདོད་པ་དང་། ཆོས་ཀྱི་གནས་ལུགས་ཤེས་ན་སྙིང་རྗེ་ཆེན་པོ་རང་བཞིན་སྐྱེ་བར་འདོད་པ་ལྟ་བུ་རེད།
ཇི་སྐད་དུ། དབྱངས་ཅན་གྲུབ་པའི་རྡོ་རྗེས།
འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །
འཆད་རྩོད་རྩོམ་པའི་གྲྭར་འཇུག་པ།
ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །
ནམ་ཞིག་རྗེས་ངན་གསལ་བར་འགྱུར། །
13 ལ་དྭགས་བློ་བཟང་འཇམ་དཔལ་ལགས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
ཡི་གེ་ནོར་ལ་སྡང་བ་དང་།།
ཡི་གེ་དག་ལ་རྔམ་པ་ནི།།
མེ་ལོང་བྱི་དོར་བྱེད་པ་བཞིན།།
དག་ནས་གསལ་དུ་གསལ་དུ་འགྲོ །
བློ་གསར་དག་གི་ལམ་སྟོན་མཆོག །
རྒན་རབས་པ་ཡི་བསླབ་བྱ་འོ།།
བློ་གསར་ལམ་ནས་བཞུད་པར་བདེ།།
རྒན་རབས་གོང་ནས་འཛུམ་ན་ཆོག །
སླར་ཡང་ཐུགས་རྗེ་ཆེ་ཞུ་བ་དང་། མུ་ནས་གཟིགས་སྐྱོང་གནང་བའི་རེ་བ་སྙིང་ནས་འདེབས།
ཨོ་ཤོས་སངས་རྒྱས་ཀྱི་ཐུགས་དགོངས་དང་། སེམས་ཅན་གྱི་འཆར་སྣང་གཉིས་མུན་པ་དང་སྣང་བའི་ཁྱད་པར་ལྟ་བུ་ཡོད་པས། དེ་གཉིས་ཀྱི་བར་ལ་གོ་བརྡ་སྤྲོད་འཕྲོད་རྒྱུ་ཤིན་ཏུ་ཁག་པོ་ཡིན་ཚུལ་དཔེ་དོན་སྦྱར་ནས་བཤད་པ་ཞིག་ཡོད། དེ་བསམ་བློ་གཏོང་རྒྱུ་ཆེན་པོ་ཡོད་པ་ཞིག་རེད། སྤྱིར་བཏང་བསམ་བློ་བ་ཡིན་ཟེར་མཁན་ཚོས་ཁོས་བཤད་སྟངས་ལ་བསམ་གཞིག་རེ་བྱས་ན་བློ་བསྐྱེད་ཐོབ་རྒྱུ་ཡོད་པ་ཞིག་རེད།
ཨོ་ཤོ་ནི།
རྩོད་མེད་ཡོངས་གྲགས་ཀྱི་མཁས་དབང་ཅིག་རེད། ཆོས་ལུགས་འཁྲེགས་སྲུང་དང་། ཆབ་སྲིད་པར་སྐྱོན་བརྗོད་ཐད་ཀར་བྱེད་མཁན་དཔའ་བོ་ཅིག་ཀྱང་རེད། མཚན་ཉིད་རིག་པ་སྨྲ་བ་པོ་དང་། ལྟ་གྲུབ་དང་། སྒོམ་གྲུབ་ཀྱིས། མི་ཀུན་ཡིད་དབང་འཕྲོག་མཁན་ཅིག་ཀྱང་རེད།