དཔའ་ཆེན་དོན་གྲུབ།
ང་ཚོ་ཐ་སྙད་ཅིག་ལ་རྨོངས་པའི་མགོ་ཚུགས་པ་ནས་ཐ་སྙད་དེ་ལ་འབྲེལ་བ་ཡོད་པའི་མི་དག་གི་བསམ་བློའི་ནང་དུ་མི་མངོན་པའི་འགྱུར་བ་ཞིག་ཐེབས་བཞིན་ཡོད། དེ་ཉེན་ཁ་ཅན་ཞིག་ཀྱང་ཡིན། བཀའ་ཤག་སྐབས་བཅུ་བཞི་བས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཆེ་བསྟོད་ཆེན་པོ་བྱེད་པའི་བྱ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ནི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་ཡིན་པར་བསྒྲགས་ཡོད། དེ་ཅིས་ཀྱང་འགྲིག་པ་ཞིག་རེད། ཡིན་ཡང་། ད་དུང་གཞུང་ལུགས་ཀྱི་རྣམ་གཞག་ཆ་ཚང་བ་གྲུབ་རྒྱུར་ངང་སྒུག་བྱེད་དགོས་པ་མ་ཟད། འགྱུར་བ་ཧ་ཅང་མང་པོའི་ནང་དུ་ནར་སོན་བཞིན་ཡོད་པ་རེད། ངས་འདི་ནས་ཞིབ་འཇུག་གི་གྲུབ་དོན་ཡོད་པའི་རྩོམ་ཡིག་ཅིག་འབྲི་རྒྱུ་མིན་པར་རང་ཉིད་ཀྱིས་ཉིན་ཤས་རང་དྲ་སྟེང་ལ་དོ་སྣང་བྱས་པའི་འབྲས་རྟགས་ཀྱི་བསམ་ཚུལ་ཁག་ཅིག་བཤད་འདོད།
སྐུ་ཞབས་ཚའོ་ཁྲིང་ཆིན་གྱི་<<བོད་མིའི་རྨི་ལམ་ནི་རང་བཙན་ཡིན་>>ཞེས་པ་ནི་རྒྱ་ནག་གཞུང་དང་རྦད་གྱེས་ཟིན་པ་དང་། ཕྱིར་འགྲིག་ཁྱོན་ནས་བྱེད་འདོད་མེད་པའི་རྩོམ་པ་པོ་ཞིག་གི་དགོངས་ཚུལ་ཡིན་པ་དང་། དེའང་རང་རེའི་བོད་ཀྱི་གནད་དོན་དང་འགྲེལ་བ་དམ་ཟབ་ཡོད་པའི་བསམ་ཚུལ་ཞིག་རེད། འོན་ཀྱང་། རྩོམ་ཡིག་འདི་ནི་(བོད་འགྱུར་གཞིར་བཞག)ལྷ་སྡེ་གནམ་ལོ་ཡག་གིས་དྲ་མཆན་ལས་གསུངས་པ་ལྟར་གྱི་དྲང་བདེན་གྱི་བསམ་བློ་ཡོད་པའི་རྩོམ་མཁན་ཞིག་གི་གྲུབ་འབྲས་ཕུན་སུམ་ཚོགས་པ་དེ་མ་རེད། ལོས་ཡིན། ཁོང་ཡང་དགའ་སྐྱོ་ཆགས་སྡང་ཅན་གྱི་མི་རེད། འོན་ཀྱང་། དགོད་བྲོ་བའི་དཔེར་མཚོན་གཅིག་ནི་སྐུ་ཞབས་ཚོའོ་ལགས་ཀྱིས་བཙན་བྱོལ་གྱི་བོད་མི་དག་གིས་བོད་རྒྱ་ཆེའི་མི་མང་གི་ཚབ་ནམ་ཡང་བྱེད་མི་ཐུབ་ཅེས་གསུངས་འདུག བསྡུར་གྲངས་ཀྱི་སྟོབས་ཤུགས་འདི་ལ་ཁོང་ཧ་ཅང་ཐུགས་དགྱེས་པོ་ཡོད་པ་འདྲ། ཡིན་ཡང་། ཁོང་གིས་མགོ་ལོག་རྩེད་ཡོད་པ་ཞིག་ལ་རྒྱ་གར་དང་ཡུ་རོབ། ཨ་རི་བཅས་ནས་མི་གྲངས་བརྒྱ་ལ་བཅར་འདྲི་བྱས་པའི་ནང་༧གོང་ས་མཆོག་ལས་དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན་མེད་པར་གསུངས་པ་ནི་བོད་མི་མང་དབུ་མའི་ལམ་ལ་འདོད་མོས་མེད་པར་བོད་མིའི་རྨི་ལམ་རང་བཙན་ནི་ཡིན་པའི་སྒྲུབ་བྱེད་དུ་༧སྙན་སེང་ཞུ་དུས་༧གོང་ས་མཆོག་རྒྱ་རིགས་མཁས་དབང་ཁོང་གི་སྒྲུབ་བྱེད་ལ་གད་མོ་ཤོར་འདུག ང་ཡང་ཁོ་ཉིད་རང་གི་ཞེ་འདོད་ལ་བྲེལ་བ་ལངས་བཞིན་པའི་ཚོར་སྣང་གི་འཕྱོ་ཤུགས་དེ་ལས་ངོ་ཚ་བའི་ཚོར་བ་བྱུང་། ངོ་ཚ་འདི་ནི་ལོ་ངོ་དྲུག་གི་རྗེས་ལུས་ཐེབས་པ་ཞིག་ཡིན་པས་ད་ལྟ་བཤད་རྒྱུར་ཡང་ངོ་ཚ་དགོས་པ་རེད།
བདེན། ཚའོ་སྐུ་ཞབས་ཧ་ཅང་བདེན། རང་ཐག་རང་གཅོད་ཀྱི་སྟེང་ནས་བཤད་ན་བོད་རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན་པ་མ་ཟད། འདས་པའི་ལོ་རྒྱུས་ཀྱི་དོན་དངོས་ནས་ཀྱང་བོད་ལ་རང་བདག་གི་ས་ཁུངས་དང་། སྲིད་གཞུང་། སྒྲིག་ཡིག མངའ་འབངས། དམག་མི་སོགས་ཆ་ཚང་བ་ཡོད་མྱོང་བ་རེད། ང་ཚོ་སློབ་གྲྭ་འགྲིམས་བཞིན་པའི་སྐབས་སུ་སེམས་ནས་གནོན་དཀའ་བའི་བློ་སྤོབས་ཤིག་རྒྱས་ཡོང་བའང་འདས་པའི་ལོ་རྒྱུས་ཀྱི་གནས་ཚུལ་རགས་རིམ་ངོ་འཕྲོད་པ་ནས་བྱུང་བ་རེད། འདི་ནི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་ཀྱང་ཧ་ཅང་གཙིགས་འཛིན་གནང་སྟེ་ལངས་ཕྱོགས་སུ་བཟུང་ཡོད་པ་ཞིག་རེད།
ད་དུང་གནད་དོན་གཞན་ཞིག་ནི་ཚའོ་སྐུ་ཞབས་ལགས་ཀྱིས་རང་གི་ཞེ་འདོད་སྒྲུབ་པའི་བྲེལ་འཚུབ་ཀྱི་ཀློང་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་རྩ་དོན་གཅིག་ལ་ཐུགས་སྣང་གནང་མི་འདུག དེ་ནི་ཚའོ་ལགས་སེམས་ཁྲལ་ཆེས་ཆེ་བའི་གནས་ཚུལ་ཞིག་སྟེ་ “བཙན་བྱོལ་བོད་གཞུང་གིས་འདི་ལྟར་ཐག་གཅོད་བྱས་ན་དེ་ནི་མ་འོངས་པར་བོད་མི་དམངས་ཀྱིས་རང་གི་རྒྱལ་ཁབ་བདམ་གསེས་བྱེད་པའི་དབང་ཆ་འཕྲོག་པ་མ་ཡིན་ནམ་”ཞེས་པ་འདི་རེད། འོན་ཀྱང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་བཞིན་པའི་སྐབས་སུ་ཐ་མའི་ཐག་གཅོད་ཅི་བྱེད་ཀྱི་དབང་ཆ་ཡོངས་རྫོགས་བོད་རྒྱ་ཆེའི་མི་མང་ལ་ཡོད་ཅེས་སི་ཊ་སུ་སྦག་གི་གསུང་བཤད་དུ་བཀོད་ཡོད་པ་མ་ཟད། དེ་ལས་གཞན་དུའང་ཧ་ཅང་མང་། སྐུ་ཞབས་ཚའོ་ལགས་ཀྱིས་གོང་གི་ཐུགས་ཁྲལ་གྱི་སྔོན་དུ་ད་དུང་སྲིད་དོན་དགག་སྒྲུབ་ཀྱི་རིགས་འཕྲུལ་གློག་ལྟར་འཁྱུག་ཏུ་བཅུག་ནས་རྩེད་མོ་རྩེད་འདོད་ཡོད། དེ་ནི་ “ལམ་ལུགས་གཅིག་གི་འོག་ནས་དམངས་གཙོ་དང་སྲིད་དབང་སྒེར་གཅོད་ཀྱི་ལྟ་བ་གཉིས་མཉམ་ཏུ་ལག་ལེན་ལ་བསྟར་བའམ་ཡང་ན་གཉིས་ཕན་ཀྱི་ལམ་ཁ་ཞིག་བྱུང་མྱོང་ཡོད་དམ་མེད་”ཅེས་པ་འདི་རེད། འོ་ན་སྐུ་ཞབས་ལགས་ཀྱིས་རྩ་ཁྲིམས་སུ་གསལ་བའི་རྩ་བའི་ཆ་རྐྱེན་དང་། ཆ་རྐྱེན་དེ་ལ་བསྟེན་ནས་བཟོས་པའི་བཅའ་ཁྲིམས་དང་སྒྲིག་གཞིའི་དབར་གྱི་ཧེ་བག་ཁག་ཅིག་བསལ་ཚེ། ད་དུང་ཐག་གཅོད་དགོས་ངེས་ཀྱི་གནད་དོན་གང་ལའང་ཕན་ཐོགས་མེད་པ་ཇི་ལྟར་ཚིག་ཐག་གཅོད་ནུས། ཧེ་བག་བསལ་བའི་ལས་ཀ་འདི་ནི་ཀྲུང་གོའི་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་སྒྲུབ་ཆོག་པ་ཞིག་རེད།
ད་དུང་གལ་གནད་ཅན་གཞན་གཅིག་ནི་སྐུ་ཞབས་ཚའོ་ལགས་ལ་བརྗོད་རྒྱུ་མིན་པར་ཆབ་སྲིད་པ་བྱེད་འདོད་བྱེད་མཁན་ཁག་ཅིག་ལ་བཤད་ཀྱི་ཡིན། དབུ་མའི་ལམ་ནི་ལྟ་གྲུབ་ཅིག་མ་ཡིན་པར་སྲིད་ཇུས་ཤིག་རེད། དེའི་རྐྱེན་གྱིས་འདི་ནི་དུས་བསྟུན་གྱིས་འགྱུར་བ་འགྲོ་བཞིན་ཡོད་པ་རེད། བསམ་ཚུལ་འདི་མགོ་འཛུགས་དུས་ནས་བཤད་པ་ལྟར་ང་ཚོ་ཐ་སྙད་ཅིག་ལ་རྨོངས་པའི་དབང་གིས་དེ་འབྲེལ་གྱི་བསམ་བློའང་འཆོལ་བཞིན་ཡོད། དཔེར་ན། དྲ་ཐོག་ཏུ་དབུ་མའི་ལམ་ནི་ཆོས་ལུགས་བྱེ་བྲག་པའི་གྲུབ་མཐའ་ནང་བཞིན་ཁས་ལེན་དེ་ལས་འཕར་འདའ་རྒྱུ་མེད་པའི་བསམ་ཚུལ་འཛིན་མཁན་དང་། ལྷག་པར་དུ་འདི་ལོའི་ནེའུ་ཡོག་གི་གསུམ་བཅུའི་དུས་དྲན་གྱི་སྐྱོ་གནས་ལྟ་བུའི་སྲིད་དོན་ལས་འགུལ་གྱི་སྤྱི་ཆིངས་ལ་གོ་བ་མ་ལོན་པར་སྲིད་ཇུས་ལངས་ཕྱོགས་ཀྱི་ཐལ་མཐའ་བ་མང་རུ་འགྲོ་བཞིན་པ་ནི་མདོར་དེད་ན་དབུ་མའི་ལམ་ལ་གོ་བ་མ་ལོན་པ་རང་རེད་ལ། ལྷག་པར་དུ་སྲིད་ཇུས་ཞེས་པ་ཅི་ཞིག་ཡིན་པ་རང་ཉིད་ལ་གསལ་བོ་ཆགས་མེད་པས་རེད། དབུ་མའི་ལམ་གྱི་སྲིད་ཇུས་ནི་དགོས་མཁོའི་དབང་གིས་རིམ་འགྱུར་གྱི་ངོ་བོར་གནས་ཡོད། རྒྱ་བོད་དབར་དུ་ཐུན་མོང་གི་ཁེ་ཕན་ཆེད་དུ་ཐུན་མོང་མ་ཡིན་པའི་གྲོས་ཚོགས་ཤིག་དགོས་པའི་འདོད་ཚུལ་ཅན་གྱི་དབུ་མའི་ལམ་ཡང་བྱུང་མྱོང་། དེའི་རྐྱེན་གྱིས་དབུ་མའི་ལམ་གྱི་སྲིད་ཇུས་ནི་ཆོས་ལུགས་ཀྱི་གྲུབ་མཐའ་ལྟ་བུར་བརྩི་མཁན་ནི་སྲིད་དོན་པར་འོས་པོ་མ་རེད་ལ། དེ་ནི་ལངས་ཕྱོགས་མ་འདྲ་བ་འཛིན་མཁན་དབར་འགལ་ཟླ་སློང་མཁན་ཞིག་ལས་ཅི་ཡང་མི་ཉན་པ་འདྲ། བསམ་ཚུལ་ཕྱོགས་བསྡུས་འདི་ཙམ་ལགས།
༢༠༡༥།༤།༢ ལ་ཤར་བྲིས་བགྱིས།
བཙན་བྱོལ་སྒྲིག་འཛུགས་ཀྱིས་གཞིས་ལུས་རྒྱ་ཆེན་པོ་མི་དམངས་ཀྱི་ཚབ་མཚོན་ཐུབ་ཀྱི་ཕར་ཞོག ང་ཅོ་རིའི་ཚབ་མཚོན་པའི་དབང་ཆ་ཡང་བཙན་བྱོལ་སྒྲིག་འཛུགས་ལ་མེད། ཁྲིམས་ལུགས་ཀྱི་ཐོག་ནས་ངའི་ཚབ་མཚོན་བྱེད་པའི་ཐོབ་ཐང་བཙན་བྱོལ་སྒྲིག་འཛུགས་ལ་མེད།
བཙན་བྱོལ་སྒྲིག་འཛུགས་ཀྱིས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཚོའི་ཚབ་མཚོན་ཐུབ། དེ་ནི་ཁྲིམས་མཐུན་དང་ལུགས་མཐུན་རེད། དྭང་བླང་དཔྱ་ཁྲལ་སྤྲད་མཚམས་བཞག་ཟིན་པའི་ང་དང་ང་ལྟ་བུ་རྣམས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་མིན་པས་ང་ཚོའི་ཚབ་ཡིན་ཞེས་སྒྲུབ་ཆོག་པའི་ཐོང་ཐད་མེད། འདིར་ཤེས་དགོས་ཡོད།
ང་ཚོའི་བོད་རང་བཙན་ལ་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྡོག་རོལ་གཏོང་ཆོག་པའི་ཐོབ་ཐང་མེད། ང་ཚོའི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་བདག་དབང་ལ་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྡོག་རོལ་གཏོང་ཆོག་པའི་ཐོང་ཐང་མེད། བོད་རྒྱལ་ཁབ་ཀྱི་བདག་དབང་བོད་མི་ཡོངས་ལ་ཡོད་པ་ལས་བཙན་བྱོལ་སྒྲིག་འཛུགས་དང་ཏྭ་ལའི་བླ་མ་ཁོ་ནར་བདག་པ་ཞིག་མ་རེད། འདིར་ཤེས་དགོས།
གཞིས་ལུས་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་ལུས་ཐོག་ཏུ་བོད་རང་བཙན་ཞེས་ཡི་གེ་བྲིས། དེའི་ཐོག་ཏུ་ས་སྣམ་བླུགས། དེ་ནས་སྐུ་ལུས་མེར་བསྲེགས་བྱས་ནས་ངོ་རྒོལ་བྱས་སོང་། ཁ་ཅིག་གིས་ལུས་གྲི་བཙུགས་ནས་ཟུངས་ཁྲག་ཕྱི་ལ་བཏོན། སུངས་ཁྲག་གིས་བོད་རང་བཙན་ཞེས་བྲིས་ནས་ཕྱི་མའི་ལམ་དུ་ཕེབས་སོང་། ཁ་ཅིག་གིས་བོད་རང་བཙན་ཟེར་ནས་སྐད་འབོད་བརྒྱབ་ཀྱིན་བརྒྱབ་ཀིན་རྒྱ་དམག་གི་མེ་མདའི་ཁ་ལ་མཆོངས་ནས་བཀྲོངས་སོང་།
བཙན་བྱོལ་ནང་ནས་གཞིས་ལུས་མི་དམངས་ཀྱི་ཚབ་མཚོན་ཡིན་ཟེར་མཁན་ཚོས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་རྡོག་རོལ་བཏང་སོང་། ཡ་ང་བའི་བྱས་སྟངས་ལས་སྟངས་འདི་དག་ནི་རྒྱལ་གཅེས་བོད་མི་ཡོངས་ཀྱི་སྙིང་ནང་གི་ནད་ཤིག་ལ་འགྱུར་ཡོད་དོ།
དགོད་བྱེད་རང་རེད། གཞིས་བཞུགས་བོད་མིའི་ཚབ་བཙན་བྱོལ་སྒྲིག་འཛུགས་ཡིན་སུས་ཟེར། ཁྱེད་ཀྱིས་དཔྱ་ཁྲལ་མི་སྟེར་ཟེར་བ་ཧ་ལས་པའི་གནད་དོན་གང་ཡང་མིན་ནའང་། དཔྱ་ཁྲལ་མི་སྟེར། ཁེ་ཕན་དགོས་ཟེར་ནོ་དག་རྐུན་མ་ཡིན་པ་ཤེས་པར་གྱིས། གོང་གསལ་རྣམས་ཅོར་སྟོང་ཉི་མའི་མིང་ཅན་ལ་ཡིན།
ཡི་གེ་རྩོམ་པོས་ཡང་རྒྱ་རྒན་ཚོའི་སྐོར་གླེང་འདུག རྒྱ་ལ་དགའ་དྲག་ན་གཉེན་སྡེབ། རྩོམ་ཡིན་ཁུལ་གྱིས། གནད་དོན་རྟོགས་ཁུལ་གྱིས་ཅིག་ཤར་མར་བྲིས་ཟེར་འདུག་ཀྱང་གནད་ལ་མི་ཁེལ་ནི་མ་ཚད། ཅིའང་མི་ཤེས་ཀྱི་མོ།
འདི་རྩོམ་པོར་ཡིན།
དཔའ་ཆེན་དོན་གྲུབ་ལགས། དབུ་མའི་ལམ་ཟེར་བ་དེ་སྲིད་བྱུས་ཤིག་ཨེ། མ་བྷིན་གཟེད་ཀྱི་རེད་ད། བོད་ཀྱི་མ་འོངས་པའི་ལམ་ཁ་བཀག་མེད་ཨེ། སྲིད་དོན་པ་ཅིག་གི་གནང་སྟངས་འདྲ་པོ་འདུག
རྒྱ་ནག་གི་རྩ་ཁྲིམས་གཏན་འཁེལ་བྱེད་མཁན་ཁྲོད་དུ་གོང་ས་མཆོག་ཀྱང་ཡོག་རེད་དེ། རྗེས་ལ་འར་མ་བརྟེན་པར་ཕྱི་ལ་བཙན་བྱོལ་གནང་དགོས་ཐུག་པ་རེད། ད་ག་རེ་མ་འགྲིག་པ་རེད་དམ།
ཧ་ཧ་་བཙན་བྱོལ་སྒྲིག་འཛུགས་ཀྱིས་བོད་རིགས་ཡོངས་ཀྱི་ཚབ་མཚོན་ཡིན་ཟེར་བཞིན་མེད་ན་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་བོད་རིགས་ཡོངས་ལ་རང་སྐྱོང་དགོས་རང་བཙན་མི་དགོས་ཟེར་བའི་དབང་ཆ་སུས་སྤྲད་པ་རེད་ཨ། བོད་རིགས་ཡོངས་ཀྱི་ཐོབ་ཐང་བདག་དབང་ལ་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྡོག་རོལ་བཏང་དགོས་དོན་ཅི་རེད་ཨ། ཅིག་ཅིག་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་ཡིན་ཟེར་བ་དང་ང་ང་བོད་མིའི་མགྲིན་ཚབ་པ་ཡིན་ཟེར་ནས་ཐཽབ་ཐང་མེད་པའི་ཧམ་བཤད་དེ་དག་མཚམས་འཇོག་རོགས་བྱོས་་་ཨ xxx
དེས་ན་བོད་ཀྱི་གནད་དོན་གསལ་བའི་འགན་དེ་ཁྱེད་འདྲའི་དཀྲུགས་རྒྱུར་དགའ་བ་རྣམས་ཀྱིས་གསལ་ལམ། ཡང་ན་གཞིས་བཞུགས་བོད་མིས་གསལ། བསམ་བློ་ཕྱོགས་སུ་མ་ལྷུང་བར་གདངས་ཞིབ་མོ་རྒྱོབས། སྐབས་འགར་ཆོས་རྒྱུད་སྤྱི་འཐུས་དགོས་རབ་ལུང་པ་གང་བཤད་ཤི་འདུག ཡང་གཞན་ཞིག་ཏུ་བཙན་བྱོལ་སྒྲིག་འཛུགས་མི་དགོས་ཟེར་ལེ་རེད། རང་བཙན་དགོས་རབས་བཤད་དེ་དབུ་ལམ་དང་༸གོང་ས་མཆོག་ལ་འགག་ལེ་རེད། ད་ཁྱེད་ལ་དགོས་པ་གུང་ཁྲན་གྱི་xxཡིན་ལེ་རེད། ཧ་་་་་་ཧཧཧཧཧཧ
ཐུགས་དྭངས། འགག་ཅེས་པ་༼དགག༽ ལ་བཅོས་གནང་།
དཔའ་ཆེན་དོན་གྲུབ་ལགས། ང་ཚའོ་ཁྲང་ཆིན་མིན་སྟབས་ངས་ཁྱེད་ཀྱི་རྩོམ་ཡིག་ལ་ལན་འདེབས་ཞུ་མི་ནུས། འོན་ཀྱང་ངས་རང་གི་བསམ་ཚུལ་འགའ་ཞུ་རྒྱུ་ཡིན། ཚའོ་ཁྲང་ཆིན་གྱིས་བཙན་བྱོལ་གྱི་བོད་མི་དག་གིས་བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་ནམ་ཡང་བྱེད་མི་ཐུབ་ཅེས་གསུངས་པ་འདི་ལ་བདེན་ཤོས་ཤིག་ཡོད་པར་སྣང་ལ། རྒྱལ་བ་རིན་པོ་ཆེས་ཀྱང་གནད་དོན་འདིར་དགོངས་པ་བཞེས་ནས་བོད་ཀྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོངས་རྫོགས་བོད་གཞིས་ལུས་མི་དམངས་ཀྱི་ལག་ཏུ་ཡོད་ཅེས་གསུངས་དགོས་བྱུང་བ་རེད་དྲན། འོན་ཀྱང་ད་ལྟ་གསུང་དུམ་འདི་དྲོད་མ་ཡལ་བར་ཡོད་དམ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ཏུ་ཕུལ་བའི་བོད་རང་སྐྱོང་དང་འབྲེལ་བའི་ཡིག་ཆའི་ནང་དུ་གསུང་དུམ་འདི་འཁོད་ཡོད་དམ། འདི་རིགས་ལ་དགོངས་པ་བཞེས་དགོས་པར་འདོད་ལ། ཡུ་རོབ་དང་ཨ་རིར་གནས་པའི་བོད་མི་བརྒྱ་སྐོར་ཞིག་གིས་རང་བཙན་དགོས་རབས་གླེང་བ་དེ་བོད་མིའི་རང་བཙན་འདོད་པའི་སྒྲུབ་བྱེད་དུ་མི་འགྲོ་ཚེ། ༡༩༩༥ལོར་བོད་མི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་སྐབས་བོད་ནང་གི་བོད་མིའི་བསམ་ཤོག་ཁ་ཤས་འབྱོར་བ་རེད་གྲགས་པ་དེ་ཚོ་བོད་གཞིས་ལུས་མི་དམངས་ཡོངས་ཀྱི་བསམ་ཚུལ་མཚོན་ཐུབ་བམ། དོན་ངོ་མར་བསམ་འཆར་བསྡུ་ལེན་དེ་མོག་མོག་གི་ངང་ནས་བསྡུས་པ་རེད་ལ། ད་དུང་ཡང་མོག་མོག་གི་ངོ་བོར་འཕོས་ཡོད་པ་རེད།
དེ་ནས་ལྟ་གྲུབ་ཅེས་པ་ནི་ཆོས་ལུགས་བྱེ་བྲག་པའི་གྲུབ་མཐའ་ལྟ་བུར་གོ་ལ་ནུས། ལྟ་གྲུབ་ཅེས་པའི་རྒྱབ་ཏུ་གཞུང་ལུགས་ཡོད་མེད་ཅི་ལྟར་ཡང་གཙོ་བོ་བསམ་བློའི་ལངས་ཕྱོགས་ཤིག་བརྗོད་པའམ་སྟོན་གྱི་ཡོད་པ་འདྲ། དེར་བརྟེན་ཁྱེད་ཀྱིས་དབུ་མའི་ལམ་དང་རང་བཙན་ནི་ལྟ་བ་ཞིག་མ་རེད་གསུང་བཞིན་དུ་“བཀའ་ཤག་སྐབས་བཅུ་བཞི་བས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཆེ་བསྟོད་ཆེན་པོ་བྱེད་པའི་བྱ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ནི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་ཡིན་པར་བསྒྲགས་ཡོད། དེ་ཅིས་ཀྱང་འགྲིག་པ་ཞིག་རེད། ཡིན་ཡང་། ད་དུང་གཞུང་ལུགས་ཀྱི་རྣམ་གཞག་ཆ་ཚང་བ་གྲུབ་རྒྱུར་ངང་སྒུག་བྱེད་དགོས་པ་མ་ཟད། འགྱུར་བ་ཧ་ཅང་མང་པོའི་ནང་དུ་ནར་སོན་བཞིན་ཡོད་པ་རེད།”ཅེས་གསུངས་པ་འདི་ཡང་ཏག་ཏག་ཅིག་བསྡད་ཨེ་ཡོད། གསལ་པོར་བཤད་ན། དབུ་མའི་ལམ་གྱི་སྲིད་ཇུས་ནི་ལྟ་གྲུབ་ཅིག་ཡིན་པ་ཟམ་གདོང་རིན་པོ་ཆེས་འབྲེལ་ཐག་འདི་ན་http://samdhongrinpoche.com/%E0%BD%91%E0%BD%96%E0%BD%B4%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%A3%E0%BD%98%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%96%E0%BE%B1/གསུངས་འདུག་པས་དགོངས་པ་བཞེས་རོགས་ཞུ་བ་ཡིན། བཀའ་དྲིན་ཆེ།
བོད་མིའི་བསམ་ཤོག་ཁ་ཤས་འབྱོར་བ་རེད་གྲགས་པ་དེ་ཚོ་བོད་གཞིས་ལུས་མི་དམངས་ཡོངས་ཀྱི་བསམ་ཚུལ་མཚོན་ཐུབ་བམ། ཞེས་པའི་”དེ་ཚོ་”ཞེས་པ་”དེ་ཚོས་”དང་། དེ་ནས་ལྟ་གྲུབ་ཅེས་པ་ནི་ཆོས་ལུགས་བྱེ་བྲག་པའི་གྲུབ་མཐའ་ལྟ་བུར་གོ་ལ་ནུས། ཞེས་པའི་”གྲུབ་མཐའ་ལྟ་བུར་གོ་ལ་ནུས།”ཞེས་པ་”གྲུབ་མཐའ་གཅིག་པུ་ལྟ་བུར་གོ་ལ་ནུས། “ཞེས་བཅོ་རོགས།
དཔལ་ཆེན་རྡོ་རྗེས་གནད་འགག་གི་སྐད་ཆ་ཁ་ཤས་བཤད་འདུག ངོ་སོ་བསྟོད།
འདིར་ཕེབས་ཏེ་བསམ་ཚུལ་གྱི་ཡི་གེ་འབྲི་མཁན་ཚང་མར་དགའ་བསུ་ཞུ། ཡིན་ཡང་། ཅོ་རི་གླེན་པ་དེའི་གྲས་སུ་བརྩི་རྒྱུ་མིན། གང་ཡིན་ཟེར་ན་ཁོའི་དམིགས་ཡུལ་ནི་ཆེད་དུ་དཀྲུགས་རྒྱག་རྒྱུ་དེ་ཡིན་པས་ཡིན།
གཞན་སྐུ་ཞབས་སྙན་བཟང་ལགས་ཀྱི་བསམ་ཚུལ་དྲ་མཆན་གྱི་ནང་དུ་༼ཚའོ་ཁྲང་ཆིན་གྱིས་བཙན་བྱོལ་གྱི་བོད་མི་དག་གིས་བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་ནམ་ཡང་བྱེད་མི་ཐུབ་ཅེས་གསུངས་པ་འདི་ལ་བདེན་ཤོས་ཤིག་ཡོད་པར་སྣང་ལ།༽ཞེས་བཀོད་འདུག དེའི་རྗེས་སུ་༼རྒྱལ་བ་རིན་པོ་ཆེས་ཀྱང་གནད་དོན་འདིར་དགོངས་པ་བཞེས་ནས་བོད་ཀྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོངས་རྫོགས་བོད་གཞིས་ལུས་མི་དམངས་ཀྱི་ལག་ཏུ་ཡོད་ཅེས་གསུངས་དགོས་བྱུང་བ་རེད་དྲན།༽ཞེས་བཀོད་པ་འདིའི་མཚམས་སུ་སྐུ་ཉིད་གོ་ནོར་ཧ་ཅང་ཆེན་པོ་རེད། སྐྱབས་བཅོལ་ལུང་པ་ནས་ལོ་མང་བསྡད་པའི་ང་ཚོར་གོ་ནོར་འདི་ལྟ་བུ་ཐེབས་མི་འོས་པ་ཡིན་ཡང་། ང་ཚོ་དོ་སྣང་མེད་པ་རེད། ༧གོང་ས་མཆོག་གིས་ཁོང་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཡིན་གསུངས་ཡོད་པ་རེད། མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོངས་རྫོགས་བོད་གཞིས་ལུས་མི་དམངས་ཀྱི་ལག་ཏུ་ཡོད་ཅེས་གསུངས་པ་མ་ཡིན་པར་བོད་རྒྱ་ཆེའི་མི་མང་གི་ལག་ཏུ་ཡོད་ཅེས་གསུངས་ཡོད་པ་རེད། འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད།
༼བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ལ་ཞིབ་ཏུ་གཟིགས་ཡོད་པ་ཡིན་ན་དེ་ནི་གྲོས་མོལ་གྱི་གཞི་རྟེན་ཞིག་ཡིན་པ་གསལ་པོ་མཁྱེན་གྱི་རེད། དེར་བརྟེན་འདིའི་ཐད་ཚོར་སྣང་གིས་རྩོད་པ་རྒྱག་ས་མེད་པས་ངས་སྐུ་ཉིད་ལ་ཅི་ཡང་ཞུ་རྒྱུ་མིན།
དེ་ལས་གཞན་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་དབུ་མའི་ལམ་ལྟ་གྲུབ་ཞིག་ཡིན་པར་གསུངས་པའི་དྲ་ཐག་འདིར་བཀོད་འདུག རེད། ཁོང་ནི་བཀའ་ཤག་སྐབས་བཅུ་བ་རེད། དེ་ཤེས་ཚེ་དྲ་ཐག་དེ་འདིར་བཀོད་དགོས་དོན་ཡོད་པ་མ་རེད། ངས་བསམ་ཚུལ་ཡི་གེ་འདིའི་ནང་དུ་༼བཀའ་ཤག་སྐབས་བཅུ་བཞི་བས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཆེ་བསྟོད་ཆེན་པོ་བྱེད་པའི་བྱ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ནི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་ཡིན་པར་བསྒྲགས་ཡོད། དེ་ཅིས་ཀྱང་འགྲིག་པ་ཞིག་རེད། ཡིན་ཡང་། ད་དུང་གཞུང་ལུགས་ཀྱི་རྣམ་གཞག་ཆ་ཚང་བ་གྲུབ་རྒྱུར་ངང་སྒུག་བྱེད་དགོས་པ་མ་ཟད། འགྱུར་བ་ཧ་ཅང་མང་པོའི་ནང་དུ་ནར་སོན་བཞིན་ཡོད་པ་རེད། ༽ཅེས་བཀོད་ཡོད་པ་ལ་ཆུ་ཚོད་ཡོད་ཚེ་ཞིབ་ཏུ་གཟིགས།
ཅོ་རི་ཟེར་བ་འདི་བོད་མིའི་ཁྲོད་ནས་བུད་ཟིན་པ་རེད། དངས་བླང་བཅའ་དངུལ་ཙམ་ཡང་མི་ཕུལ་མཁན་ཞིག་གིས་བོད་རང་བཙན་བཤད་ན་གད་མོ་ཤོར་སྐྱེད་ལས་ཅི་ཡོད། བོད་མིའི་ཁྲོད་ནས་བུད་ཟིན་པའི་མི་ཞིག་བོད་དོན་གྱི་སྐད་ཆའི་ཁྲོད་དུ་འཚང་ཡོང་བ་མ་ཟད། བོད་མིའི་སྐུ་ཚབ་བཙན་བྱོལ་སྒྲིག་འཛུགས་ལ་ཁ་གཏོང་ཅི་ཐུབ་བྱེད་པ་ནི་ཡག་རྟགས་ཤིག་ལར་ནས་མ་རེད། འདི་ལ་ཁེ་ཕན་གཞན་ཞིག་རག་གི་ཡོད་པའི་རྟགས་རེད།
སྐུ་ཞབས་དཔའ་དོན་ལགས། ཁྱེད་ཀྱིས་ཨུ་ཚིགས་གནང་གིན་འདུག ང་ལ་རྒྱལ་ཕམ་གྱི་ལྟ་བ་མེད་མོད་གནས་ལུགས་ཤིག་ཞུ་བར་འབད་བརྩོན་བྱེད་ཀྱིན་ཡོད། གལ་སྲིད་བཙན་བྱོལ་དུ་ཡོད་པའི་བོད་མི་ཁྲི་སྐོར་ལྷག་དང་རྒྱལ་བ་རིན་པོ་ཆེས་བོད་གཞིས་ལུས་མི་དམངས་ཀྱི་མགྲིན་ཚབ་པ་བྱེད་ཐུབ་ཀྱི་ཡོད་ན་མ་འོངས་པའི་རང་ཐག་གཅོད་དེ་ཡང་མེད་ན་འཐུས་པ་རེད། འདིའི་ཤུགས་ན་ང་ཚོས་གཞིས་ལུས་མི་དམངས་ཀྱི་ཚབ་བྱེད་མི་ཐུབ་སྟོན་གྱི་ཡོད་པར་སྙམ། ལྷག་པར་དུ་དེང་སང་ལྟ་བུ་ཡིན་ན་སྔོན་ཆད་དང་བསྡུར་རྒྱུ་ཡོད་པ་མ་རེད། དེ་རིང་ཁ་སང་ང་ཚོར་གཞུང་ཟེར་བ་མེད་ལ། རྒྱལ་བ་རིན་པོ་ཆེའང་ཆབ་སྲིད་ཀྱི་དབུ་འཁྲིད་མ་རེད། འགྱུར་ལྡོག་ཆེན་པོ་ཐེབས་ཚར་བ་རེད་ལ། བསེར་བུ་ཆེན་པོ་ཞིག་ཤོར་ཚར་བ་རེད། དེ་ནས་“བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”དེ་ཡང་རྦད་དེ་འགྱུར་ཚར་བ་རེད། སྔོན་ཆད་ཚད་མཐོའི་རང་སྐྱོང་གླེང་བ་རེད། དེང་སང་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ཀྱི་ཐོབ་ཐབ་གླེང་གིན་ཡོད། འདི་ལ་ཨ་མི་རི་ཀའི་ཆབ་སྲིད་པ་ཞིག་གིས་རྩོམ་ཡིག་སྙིང་རྗེ་མོ་ཞིག་བྲིས་ཡོད་ཀྱང་འབྲེལ་ཐག་མ་རྙེད་པས་བསྐུར་ཐབས་བྲལ། གང་ལྟར་བདག་ལ་ཆ་མཚོན་ནའང་བསམ་འཆར་ཡི་གེ་དེ་ལ་ཆ་ཡོད་ཡིན། ཆ་མེད་ཅིག་མིན། གཞན་ཁྱེད་ཀྱིས་ལམ་དབུ་མ་དང་རང་བཙན་ནི་ལྟ་བ་ཞིག་མ་རེད་གསུངས་པ་རེད། ངས་ཡིན་ལུགས་དང་འབྲེལ་ཏེ་ཟམ་གདོང་རིན་པོ་ཆེའི་རྩོམ་ཡིག་ཅིག་ཀྱང་དྲངས་ཡོད། ཁྱེད་ཀྱིས་དེ་ནི་བཀའ་ཤག་སྐབས་བཅུ་པའི་སྐབས་གསུངས་འདུག དེ་ལ་གནས་ལུགས་ཤིག་ཨེ་ཡོད། ད་དུང་འབྲེལ་བ་ཡོད་དམ། སྐབས་འདིའི་བརྗོད་གཞི་ནི་ལམ་དབུ་མ་དང་རང་བཙན་ནི་ལྟ་གྲུབ་ཅིག་ཡིན་མིན་དེ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ཁྱེད་ཀྱིས་ལམ་དབུ་མ་འདི་གཞུང་ལུགས་ཤིག་ཡིན་པ་ཁས་བླངས་པ་ཙམ་གྱིས་ཀྱང་ལྟ་གྲུབ་ཆགས་ཚར་བ་རེད། སྐབས་འདིར་ལྟ་གྲུབ་དེར་གཞུང་ལུགས་ཀྱི་རྣམ་གཞག་ཆ་ཚང་ཞིག་གྲུབ་མ་གྲུབ་དེ་གལ་ཆེན་པོ་མ་རེད། ད་དུང་ང་ལ་གོང་གི་བརྗོད་གཞི་འདིའི་སྐོར་ལ་ཞུ་རྒྱུ་འགའ་ཡོད་མོད། ད་ལས་ཀ་ཞིག་གིས་བཙིར་སོང་། གང་ལྟར་ངས་འདི་འདྲ་ཞིག་དྲན་བཞིན་ཡོད། ངས་རང་གི་བསམ་ཚུལ་བརྗོད་ཀྱིན་ཡོད། ཆབ་སྲིད་པ་བྱེད་འདོད་མེད་ལགས།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ཀྱི་སྐུ་ཚབ་མཚོན་ཐུབ་བམ་རེད་བ་དང་གཅིག
ཆེས་བཀུར་འོས་གཞིས་བཞུགས་དཔའ་བོ་དཔའ་མོ་དཀྱུས་མ་ཁོང་རྣམས་ཀྱིས་ཆེས་བློས་བཏང་ཆེན་པོས་རང་ལུས་མེར་བསྲེགས་གནང་བ་དེས་གཞིས་བཞུགས་བོད་མི་ཡོངས་ཀྱི་འབོད་སྒྲ་མཚོན་ཐུབ་ཀྱི་ཡོད་དམ་ཟེར་བའི་དྲི་བ་འདི་གཉིས་ད་དུང་ད་དུང་བརྟག་པར་དཔྱད་དེ་མོལ་དགོས་པ་ལས། ཆིག་ཁ་བཅད་མི་ཉེན་པ་ཞིག་རེད་དྲན་གྱི་ཡོད།
ལོང་རྟོགས་་་བཙན་བྱོལ་སྒྲིག་འཛུགས་ལ་ཁ་བཏང་ནས་ཁེ་ཕན་རེག་གི་ཡོད་ན་་་གཞུང་སྒོ་བརྒྱབ་མཁན་ཚང་ལ་ཁེ་ཕན་ཆེན་པོ་ཐོབ་ཡོད་ཀྱི་རེད་བ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཅེས་པའི་ཚིག་ཙམ་ཡང་མ་བཞག་པར་ནག་བསུབ་བཏང་མཁན་ཚོ་ལ་ཁེ་ཕན་ས་ཡ་དང་ས་ཡ་རེག་ཡོད་ཀྱི་རེད་བ།
བོད་མིའི་ཁྲོད་ནས་བུད་ཟིན་པ་རེད་ཟེར་ན་ག་རེ་ལབ་ཀྱི་ཨ། བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་མིན་ན་བོད་མིའི་ཁྲོད་ནས་བུད་སོང་བ་ཨེ་རེད། ཡིན་ན་བཙན་སྒྲིག་འཛུགས་ཀྱི་ཚོགས་མི་མིན་པའི་བོད་མི་ཡོངས་རྫོགས་བོད་མིའི་ཁྲོད་ནས་བུད་ཟིན་པ་ཨེ་རེད། ཡིན་ན་སྒྲིག་འཛུགས་ཀྱི་ཚོགས་མི་འབུམ་གཅིག་ཙམ་ཡོད་པ་དེ་མ་གཏོགས་བོད་མི་ཡོངས་རྫོགས་བོད་མིའི་ཁྲོད་བུད་ཚར་བ་ཨེ་རེད། བོད་མི་རིགས་ཡང་ཁྱོད་ཚོས་སྒེར་བདག་ཡིན་བསམ་བཞིན་ཡོད་པེ་་་་ཧཧཧ
དོན་དངོས་ཐོག་ནས་བོད་གྲལ་ནས་བུད་ནས་རྒྱ་གྲལ་སྡོད་ཀྱི་ཡིན་ཟེར་མཁན་ཁྱོད་རང་ཚོ་རེད་ད། ཁྱོད་ཚོ་རྒྱ་གྲལ་སྡོད་ཀྱི་ཡིན་ཟེར་མཁན་ཚོ་བོད་མིའི་ཁྲོད་ནས་བུད་ཟིན་པ་རེད་ད། དེར་ཤེས་ན་དགའ་གི་རེད།
བོད་གྲལ་ནས་བུད་ནས་རྒྱ་གྲལ་སྡོད་འདོད་ཡོད་མཁན་གྱི་རྒྱལ་བཙོང་བ་ཚོ་ལ་བོད་་རྒྱལ་ཁབ་སྤྱིའི་དོན་དག་ཐག་གཅོད་བྱེད་པའི་དབང་ཆ་སྤུ་ཙམ་མེད། དེར་ཤེས་དགོས་ཡོད། རྒྱ་དགའ་ཁྱོད་རང་ཚོ་མགྱོགས་པོ་རྒྱ་གྲལ་སྡོད་མཁན་ལོག་རྒྱུགས།་
སྐུ་ཞབས་སྙན་བཟང་ལགས། གུས་པོས་ཉིད་ཀྱིས་ངོ་སྤྲོད་གནང་བའི་གནས་ལུགས་ཟབ་མོ་ཡིད་དུ་ལེན་མ་ཐུབ་པ་ཧ་ཅང་ཕངས་སེམས་སྐྱེས་དགོས་ངེས་ཡིན་སྲིད།
དེ་ལས་གཞན། ༧གོང་ས་མཆོག་གཞིས་བཞུགས་རྒྱ་ཆེའི་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཡིན་པ་ལ་རྩོད་པ་ཅི་ཡང་མེད་པ་རེད། དེ་ལ་བྱེད་ཐུབ་དང་མ་ཐུབ་ཀྱི་སྐད་ཆ་ཡོད་པ་མ་རེད། འདི་གནས་ལུགས་རེད། རྒྱུ་མཚན་ནི་གཞིས་བཞུགས་རྒྱ་ཆེའི་མི་མང་གི་ནང་དུ་༧གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་མི་བྱེད་མཁན་གཅིག་ཀྱང་མེད་པར་བཤད་ཆོག་པ་དེ་རེད། འདི་དང་པོ་ཡིན།
གཉིས་པ་ནི། “བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”དེ་སྔ་ག་རེ་ཡིན་པ་རང་འཇགས་ཡིན་པ་བཀའ་ཤག་སྐབས་བཅོ་ལྔ་བས་བརྒྱ་མིན་སྟོང་མིན་དུ་བསྒྲགས་ཡོད་པས་རྦད་དེ་འགྱུར་བ་ཕར་ཞོག། འགྱུར་བ་ཙམ་སོང་ཡོད་པའང་མི་ཤེས། འདི་ལ་ཁུངས་སྟོན་རྒྱུ་ཡོད་ཚེ་ལེགས་བཤད་རང་རེད། ཐུགས་རྗེ་གཟིགས།
གསུམ་པ་ནི། གུས་པའི་བསམ་ཚུལ་ནང་དུ་ཞུས་ཟིན་པ་ལྟར་དབུ་མའི་ལམ་ནི་རིམ་འགྱུར་གྱི་ངོ་བོར་གནས་ཡོད་པས་སུ་ཊ་སུ་སྦག་གི་གསུང་བཤད་ནས་“བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”དབར་དུ་དགོངས་དོན་མང་ཙམ་འགྱུར་ཡོད་པ་ཧ་ཅང་བདེན་པ་རེད། ཡིན་ཡང་། དེང་སང་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ཀྱི་ཐོབ་ཐབ་ཙམ་གླེང་གིན་ཡོད་པ་མ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ནི་རྒྱ་ནག་གི་རྩ་ཁྲིམས་འོག་ལ་འདུག་རྒྱུ་དེའང་མ་རེད། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་དགོས་པར་བརྗོད་པའི་སྲིད་ཇུས་ཤིག་རེད། འདི་ཡང་གསལ་པོ་མཁྱེན་དགོས་པ་རེད་ལ། ཆབ་སྲིད་ཀྱི་ཚིག་བརྗོད་ལ་ཞིབ་ཚགས་ཀྱིས་གོ་བ་ལེན་དགོས་པའང་ཐུགས་ལ་བཞག་དགོས་པ་རེད།
བཞི་བ་ནི། སྐུ་ཞབས་སྙན་བཟང་ལགས། ཁྱོད་ཀྱིས་གོ་བ་མ་ལོན་པའི་གནད་དོན་ཞིག་ལ་ལན་ཞུ་དགོས་འཁེལ་སོང་། གུས་པའི་བསམ་ཚུལ་ནང་དུ་༼བཀའ་ཤག་སྐབས་བཅུ་བཞི་བས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཆེ་བསྟོད་ཆེན་པོ་བྱེད་པའི་བྱ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ནི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་ཡིན་པར་བསྒྲགས་ཡོད། དེ་ཅིས་ཀྱང་འགྲིག་པ་ཞིག་རེད། ཡིན་ཡང་། ད་དུང་གཞུང་ལུགས་ཀྱི་རྣམ་གཞག་ཆ་ཚང་བ་གྲུབ་རྒྱུར་ངང་སྒུག་བྱེད་དགོས་པ་མ་ཟད། འགྱུར་བ་ཧ་ཅང་མང་པོའི་ནང་དུ་ནར་སོན་བཞིན་ཡོད་པ་རེད།༽ཅེས་ཞུས་ཡོད། འདིའི་དོན་ནི་མ་འོངས་པར་དབུ་མའི་ལམ་དེ་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་གམ་ལྟ་གྲུབ་ཅིག་ཏུ་འགྱུར་རྒྱུར་རེ་བ་ཡོད་ཀྱང་། ད་དུང་རྣམ་གཞག་ཆ་ཚང་བ་གྲུབ་མེད་པས་གཞུང་ལུགས་མ་རེད་ཅེས་ཞུས་ཡོད། བཀའ་ཤག་སྐབས་བཅུ་བཞི་བའམ་ཟམ་གདོང་རིན་པོ་ཆེས་གཞུང་ལུགས་ཤིག་ཡིན་པར་གསུངས་པ་ནི་དབུ་མའི་ལམ་ལ་ཆེ་བསྟོད་ཡིན་པར་བཤད་ཡོད། ཁྱོད་ཀྱིས་བཀའ་ཤག་སྐབས་བཅུ་བཞི་བ་ནི་ཟམ་གདོང་རིན་པོ་ཆེ་ཡིན་པ་ཤེས་སོང་ན་འབྲེལ་བ་མེད་པར་འདོད་པ་དེའང་འབྲེལ་ཡོད་དུ་གྱུར་བ་རེད། འདིས་གསལ་བོ་ཆགས་པའི་རེ་བ་ཡོད། དེ་ཙམ་ལགས།
ཨོ་ཨོ། ངས་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་སྲིད་ཇུས་སྟེ་ལམ་དབུ་མ་”ཞེས་ཞུ་དགོས་དྲན་ཡོད་ནའང་། ཁྱེད་ཀྱི་མཆན་དུ་བཀོད་པའི་ཚིག་རིས་དེ་ཇི་མ་ཇི་བཞིན་དུ་བཤུས་ནས་བཟོ་བཅོས་རྒྱག་རྒྱུ་བརྗེད་འདུག འདི་ལ་གསལ་ཁ་གནང་བས་ཕན་བྱུང་། བཀའ་དྲིན་ཆེ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་སྤྲད་པའི་བསམ་འཆར་ཡི་གེ་དེར་འགྱུར་བ་བྱུང་མེད་པར་སྨོན། གཞན་གནད་འགག་ཆེན་པོ་མེད་པ་འདྲ། ཡ་ཡ། ད་ནི་ང་ལས་ཀ་གཞན་པ་ཞིག་ལ་འཐམས་ནས་བསྡད་ཡོད།
བོད་མིའི་ཁྲོད་ནས་བུད་པའི་བོད་མི་གཅིག་ཀྱང་མེད།
དཔལ་དོན་སྤྱང་པོ། རང་བཙན་དང་དབུ་མ་ལྟ་བུ་ཞིག་མ་རེད་ཅེས་ཁྱོད་ཀྱིས་བཤད་སོང་། ཅིའི་ཕྱིར་ལྟ་བ་ཞིག་མིན་པ་རེད་དམ། ལྟ་བ་ཟེར་ན་ག་རེ་རེད་དམ། དོན་དམ་སྟོང་པ་ཉིད་འདི་ལྟ་བ་རེད་དམ་མ་རེད། ཡིན་ན་ཡིན་པའི་རྒྱུ་མཚན་དང་། མིན་ན་མིན་པའི་རྒྱུ་མཚན་ཞིག་ཤོད་དང་། ངས་བལྟས་ན་ཁྱོད་ཀྱིས་ལྟ་བ་ཅེས་པའི་ཚིག་འབྲུ་གཉིས་ཀྱི་དོག་གོ་བཞིན་མེད་པའི་ཟོལ་འདྲ་ཞིག་མཐོང་གི་འདུག
དཔལ་དོན་སྤྱང་པོས་་་་《དེ་ལས་གཞན། ༧གོང་ས་མཆོག་གཞིས་བཞུགས་རྒྱ་ཆེའི་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཡིན་པ་ལ་རྩོད་པ་ཅི་ཡང་མེད་པ་རེད། དེ་ལ་བྱེད་ཐུབ་དང་མ་ཐུབ་ཀྱི་སྐད་ཆ་ཡོད་པ་མ་རེད། འདི་གནས་ལུགས་རེད། རྒྱུ་མཚན་ནི་གཞིས་བཞུགས་རྒྱ་ཆེའི་མི་མང་གི་ནང་དུ་༧གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་མི་བྱེད་མཁན་གཅིག་ཀྱང་མེད་པར་བཤད་ཆོག་པ་དེ་རེད། འདི་དང་པོ་ཡིན། 》ཞེས་བཤད་འདུག
ལན་་་་འདི་ཧམ་བཤད་རེད། གཞིས་བཞུགས་རྒྱ་ཆེན་མི་དམངས་ཀྱི་ནང་དུ་༧གོང་ས་མཆོག་ལ་ཡིད་མི་བཤད་གཅིག་ཀྱང་མེད་ཅེས་པའི་སྐད་ཆ་འདི་ཧམ་བཤད་རེད། གནད་ཡོད་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་བོད་རིགས་མང་པོས་ཏ་ལའི་བླ་མ་དང་ཁྱོད་གསོན་ང་གྱི་འཐབ་རྩོད་མཐར་ཕྱིན་པ་བྱེད་ཀྱི་ཡིན་ཟེར་ནས་འཛམ་གླིང་ལ་བསྒྲགས་སོང་བ། གཞིས་བཞུགས་རྒྱ་ཆེན་མི་ཚོགས་ཀྱི་ནང་དུ་ཏ་ལའི་བླ་མ་ལ་ངོ་རྒོལ་བྱེད་མཁན་མིག་གིས་མཐོང་ཡུལ་དུ་གྱུར་ཡོད་བཞིན་དུ་ཧམ་བཤད་མ་བྱེད་དང་དགའ་གི་རེད། སྤྱང་མདོག་མ་བྱེད་དང་མཛེས་ཀྱི་རེད་བ།
བཙན་བྱོལ་ནང་གི་ཆབ་སྲིད་པ་རྩ་མ་ཚང་བའི་མི་དེ་དག་གིས་བོད་མི་མང་པོ་ཞིག་གིས་༧གོང་ས་མཆོག་ལ་དད་པ་བྱེད་ཀྱི་ཡོད་པར་རྒྱུ་མཚན་དུ་བྱས་ནས་ཏ་ལའི་བླ་མ་བོད་མིའི་ས་དྲུག་གི་མགྲོན་ཚབ་པ་ཡིན་ཟེར་བ་དང་། ཁོང་གི་ཡེ་ཤེས་དབྱིངས་དཔྱད་བྱས་ན་འགྲིག་ཟེར་གི་ཡོད་པ་འདིས་བོད་མི་དམངས་ཀྱི་ཐོབ་ཐང་བདག་དབང་ལ་རྡོག་རོལ་བཏང་གི་ཡོད་པ་རེད།
བོད་མི་མང་པོ་ཏ་ལའི་བླ་མ་ལ་ཡིད་ཆེས་ཡོད་པ་བདེན་པ་རེད། ཡིད་ཆེས་ས་མི་དེས་ཡིད་ཆེས་བྱེད་མཁན་མི་དམངས་ཀྱི་ཐོབ་ཐང་བདག་དབང་སྒེར་ངོས་ནས་ཐག་གཅོད་བྱས་ན་སྒེར་གཅོད་པ་ཟེར་བ་རེད། མ་གཏོགས་དམངས་གཙོའི་ཁྲིམས་ལུགས་དང་མི་མཐུན། ཡིད་ཆེས་ཡོད་པའི་རྒྱུ་མཚན་གྱིས་ཡིད་ཆེས་བྱེད་མཁན་ཚོའི་ཐོབ་ཐང་བདག་དབང་ཐག་བཅད་ནས་འགྲིག་གི་ཡོད་ན་་་བཀའ་སྤྱི་གཉིས་ཀྱང་གསང་བའི་འོས་བསྡུ་བྱེད་དགོས་པ་མི་འདུག་ག འགྲོ་སོང་ཆེ་རོགས་རེད་བ། ཏ་ལའི་བླ་མས་ཡེ་ཤེས་དབྱིངས་དཔྱོད་བྱེད་འཇོག་ན་འགྲིག་གི་རེད་བ། བཙན་བྱོལ་བོད་མི་མང་པོས་ཡིད་ཆེས་ཡོད་པའི་ཕྱིར།
བོད་མིའི་ཁྲོད་ནས་བུད་པའི་བོད་མི་གཅིག་ཀྱང་མེད་དེ། བཙན་བྱོལ་སྒྲིག་འཛུགས་ལས་བྱེད་པ་ཚོ་བོད་མིའི་ཁྲོད་ནས་བུད་མེད་ལ། རང་བཙན་པ་རྣམས་ཀྱང་བོད་མིའི་ཁྲོད་ནས་བུད་མེད། དེ་བཞིན་དོལ་རྒྱལ་བ་ཚོས་ཀྱང་བོད་མིའི་ཁྲོད་ནས་བུད་མེད་ལ། རྒྱ་གཞུང་གི་རྒྱུགས་ཁྱི་ཡིན་པའི་བོད་རིགས་ཚོ་ཡང་བོད་མིའི་ཁྲོད་ནས་བུད་མེད་ཀྱང་། སྒེར་སོ་སོའི་ཁུངས་མི་སོ་སོ་ནས་་བུད་པ་ལ། སྤྱིར་བོད་མིའི་ཁྲོད་ནས་བུད་པ་མི་ཟེར་རོ།། དྲ་གྲོགས་ཚོ།། །།
ཅོ་རི་ཁོ་རེ།
མང་མོས་ཡོད་ན་། མང་གཙོ་རེད་མ་གཏོགས། བླ་མ་ཡིན་མིན་དང་། དཔོན་པོ་ཡིན་མིན་དང་། དམག་དཔོན་ཡིན་མིན་གྱི་སྐད་འདིརའི་མང་གཙོའི་སྐབས་ལ་འོངས་ས་མེད།
བོད་རིགས་ཀྱི་ཁྲོད་ནས་བོད་སུ་གང་ལ། སུ་གང་གིས་བུད་པའི་དབང་ཆ་མེད།
བོད་རིགས།
བོད་རིགས་ཀྱི་ཁྲོད་ནས་བོད་སུ་གང་ལ། སུ་གང་གིས་བུད་པའི་དབང་ཆ་མེད་དེ། བོད་རིགས་གང་རུང་ཅིག་ཡིན་ན། བོད་རིགས་ཡིན་པས་ཁྱབ་པའི་ཕྱིར། དཔེར་ན། ཆོལ་གསུམ་བོད་རིགས་དང་། ལ་དྭགས་སོགས་ཀྱི་བོད་རིགས་ནི་བོད་རིགས་རེད། དེ་བཞིན་བལ་པོའི་མི་སེར་ཤར་པ་སོགས་ཀྱང་བོད་རིགས་རེད་ལ། དེས་མ་ཚད་འབྲས་ལྗོངས་པ་དང་། འབྲུག་པ་སོགས་ཀྱང་བོད་རིགས་རེད་དོ།།
ཨ་རླུང་གི་གསར་འགྱུར་ནང་ནས།
་་་་་་་་་་་་་་་་ བལ་ཡུལ་ནང་སྨན་པའི་མཐོ་སློབ་ཁང་ཉི་ཤུ་ཙམ་ཡོད་པའི་ནང་ནས་གསུམ་མ་གཏོགས་གཞན་ཚང་མ་སྒེར་པའི་ཡིན་པ་དང་། སྒེར་པའི་སྨན་པའི་མཐོ་སློབ་ཁང་དེ་ཚོས་སློབ་ཡོན་ཧ་ཅང་ཆེན་པོ་ལེན་གྱི་ཡོད་པས་མི་མང་དཀྱུས་མའི་སློབ་ཕྲུག་ཕལ་ཆེ་བས་སློབ་ཡོན་སྤྲོད་ཐུབ་ཀྱི་མེད་པ་རེད། Dr.Govindaལགས་ཀྱིས་གཞུང་གི་ལས་བྱེད་ཁག་ཅིག་གིས་ལྐོག་རྔན་བླངས་ནས་སྒེར་གྱི་མཐོ་སློབ་ཁང་དེ་ཚོར་ཆོག་མཆན་སྤྲད་ཡོད་པའི་སྐྱོན་བརྗོད་གནང་ཐོག་གཞུང་གི་ལས་བྱེད་དེ་ཚོ་ཕྱིར་འབུད་གཏོང་དགོས་པ་དང་། ཉེས་པ་ཡང་གཏོང་དགོས་སྐོར་གསུངས་ཀྱི་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ། ་་་་་་་་་་་
ཅོ་རི་གླེན་པ་ཁྱོད་ལ་སུན་སྣང་མི་འདུག་གམ།
་་་་་་་ བོད་སྐད་སྡེ་ཚན། | གསར་འགྱུར།
རྒྱ་ནག་ནང་གི་googleཁེ་གཉེར་ལས་ཁང་།
དྲ་བཤུས།
རྒྱ་གཞུང་གི་དྲ་རྒྱའི་ལས་ཁུངས་དང་ཨ་མི་རི་ཀའི་Googleཁེ་གཉེར་ལས་ཁང་གཉིས་དབར་མི་མཐུན་པའི་རྩོད་རྙོག་ཡོང་བཞིན་པ། ་་་་་་་་་་་་་
སུན་སྣང་ཙམ་ལ་གདོང་ལེན་བྱེད་མི་ཐུབ་མཁན་ཞིག་མིན། བོད་རྒྱལ་ཁབ་དང་བོད་རང་བཙན་གྱི་ཆེད་དུ་དམྱལ་བའི་ལྕགས་སྲེག་གྱི་ས་གཞིའི་ཐོག་ཏུ་འགྲོ་དགོས་བྱུང་ནའང་དགའ་བཞིན་སྤྲོ་བཞིན་འགྲོ་བསམས་པ་ལས་ཕྱིར་ནུབ་བྱེད་བསམས་པར་སེམས་ལ་མེད། སྤྱང་པོ།
ཀརྨ་བློ་གསལ་དང་ཅོ་རི་ཉི་མའི་མིང་ཅན་གཉིས་ཐོག་མ་བཙན་བྱོལ་ལ་ཡོང་དུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟོ་བཟས་པ་དང་རྒྱབ་ལ་གྱོན་པ་བསྩལ་བ་བརྗེད་འདུག ད་དུང་གདན་སར་སློབ་གཉེར་སྐབས་ཀྱང་༸སྐུ་སྒེར་དང་ཆོས་དོན་གྱི་དཀོར་བཟས་པའང་དྲན་པ་ཉམས་འདུག སྙིང་རྗེ་རེད་ཡ། རང་ངོ་རང་གིས་མ་ཟིན་པ་ཆགས་ཡོང་དུས་བོད་གྲལ་ནས་སྐྱིད་སྡུག་རང་ཕུད་ཡིན་པས་དམིགས་གསལ་རེད། ཚང་མས་གུ་ཡངས་གནོངས།
སྐུ་ཕྱོགས་ཁུ་བྱུག་ལགས། ང་རང་ཚོ་གསར་འབྱོར་བ་ཚོར་ལ་ལུང་མང་པོ་བརྒྱུད་ནས་བལ་ཡུལ་དུ་འབྱོར་རྗེས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ནས་གསར་འབྱོར་རེར་ཧིན་སྒོར་འབུམ་དྲུག་གནང་གི་ཡོད་ཙང་། གལ་སྲིད་བཙན་བྱོལ་སྒྲིག་འཛུགས་ཀྱི་ཐེ་གཏོགས་མེད་ན། ཐད་ཀར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཏོང་གི་རེད། ཡིན་ཡ་དེ་བཙན་བྱོལ་སྒྲིག་འཛུགས་དང་གྲ་ས་ཁག་གིས་ང་རང་ཚོ་ཁ་ལ་ཟོས་པ་དང་རྒྱབ་ལ་གྱོན་བསྡད་ཡོད་ལེ་མ་རེད་དམ། ད་ཅིག་གསུང་དཱ།
ཧ་ཧ་་་ཁུག་བྱུག་་་་ཡུང་རོབ་དང་ཨ་མེ་རི་ཀས་གསར་འབྱོར་བའི་ཆེད་དུ་རོགས་དངུལ་ཨ་སྒོར་ས་ཡ་དང་ས་ཡ་བྱས་ནས་སྤྲད་བསྡད་པ་དེའི་ནང་ནས་གསར་འབྱོར་བ་ཉམ་ཐག་ཚོའི་ལག་ཏུ་བརྒྱ་ཆ་ག་ཚོད་སྤྲོད་ཡོད་དམ། ང་དང་ང་ལྟ་བུའི་གསར་འབྱོར་བ་ཚོའི་ཆེད་དུ་བསླེབས་པའིརོགས་དངུལ་དེ་དག་གསར་འབྱོར་བ་རྣམས་ལ་བརྒྱ་༥༠་ཡང་ཙམ་སྤྲད་ཀྱི་མེད་པ་དེར་ཁྱོད་ཚོས་བརྗེད་ཡོད་ནའང་གསར་འབྱོར་བ་ཚོས་བརྗེད་མེད་ད། སྙིང་རྗེ་ཨ་་་ཁྲམ་པ་འདི་ཚོ།
རྒྱ་གཞུང་གིས། བོད་ནང་ནས་བཏོན་པའི་བོད་ཀྱི་གཏེར་རྫས་ཕྱེད་ཙམ་ཡང་བོད་ལ་འགྲོ་སོང་མི་བཏང་བ་ལྟར། དྷ་སའི་སྒྲིག་འཛུགས་ཀྱིས། གསར་འབྱོར་བ་ཚོའི་མིང་ཐོག་ལ་རག་པའི་རོགས་རམ། བརྒྱ་ཆ་༥༠ཡང་མི་རགཔ་བཤད་པ་དེ་བདེན་ནམ། ལགས།
ཁུག་བྱུག་མིང་ཅན་ཁྱོད་ཀྱིས་བཤད་པའི་སྐད་ཆ་བདེན་པ་གཅིག་གཅིག་པོ་བཤད་བྱུང་། བདེན་ངོ་མ་་་་་ངས་ནི་གསང་སྤྱོད་འདྲ་ཁྲུས། གད་རྙིགས་འདྲ་ཕྱགས་ནས་མི་ཚེ་སྐྱེལ་གི་ཡོད། ཡིན་ཀྱང་རང་ངོས་ནས་སྤོབས་པ་མཐོ་པོ་ཡོད། མི་ཚེ་འདི་ལ་སྤྱིའི་རྒྱུ་ལྐོག་ཟ་བྱས་དགོས་མ་བྱུང་། སྒེར་གཅོད་པའི་ལག་གཡོག་བྱས་དགོས་མ་བྱུང་། རྒྱལ་བཙོང་བ་བྱས་ནས་འཚོ་བ་བསྐྱལ་དགོས་མ་བྱུང་བའི་མི་ཚེ་འདི་ནི་བསོད་ནམས་ཆེ་པོ་ཡིན་བསམས་པའི་སྤོབས་པ་མཐོ་ཡོད་ད།
ཉམ་ཐག་བཙན་བྱོལ་མི་དམངས་ཀྱི་ཁྲག་འཇིབ་མཁན་དང་། གསར་འབྱོར་བའི་སྐྱབས་གསོ་དང་སློབ་ཕྲུག་ཚོའི་སློབ་ཡོན་འདྲ་ལྐོག་ཟ་བྱས་ནས་མི་ཚེ་བསྐྱལ་དགོས་བྱུང་ཡོད་ན་་་གསོན་ན་མི་རིགས་ཀྱི་ཞབས་འདྲེན་དང་ཤི་ན་དམྱལ་བ་མ་གཏོགས་ཅང་འགྲོ་ས་མེད་པ་་་་་་ཨོ་་་ཧཧཧཧ
མི་ཚེ་གསང་སྤྱོད་འཁྲུད་ནས་སྐྱེལ་དགོས་ཀྱང་།
བོད་མིའི་སྤྱི་རྒྱུར་ལྐོག་ཟ་བྱེད་མི་སྲིད།
འཚོ་བ་གད་རྙིགས་ཕྱགས་ནས་སྐྱེལ་དགོས་ཀྱང་།
རྒྱལ་བཙོང་དཔོན་པོའི་རྐུབ་གཡོག་རྒྱུགས་མི་སྲིད།
མི་ཚེ་བཙོན་ཁང་ནང་དུ་ལྷུང་ནའང།
སྒེར་གཅོད་དཔོན་པོའི་ལག་གཡོག་བྱེད་སྲིད།
རང་སྲོག་དམར་པོ་དེ་རིང་གཅོད་ནའང།
རང་དབང་རང་བཙན་སེམས་ནས་དོར་མི་སྲིད།།
མི་ཚེ་བཙོན་ཁང་ནང་དུ་ལྷུང་ནའང།
སྒེར་གཅོད་དཔོན་པོའི་ལག་གཡོག་བྱེད་མི་སྲིད།
རང་སྲོག་དམར་པོ་དེ་རིང་གཅོད་ནའང།
རང་དབང་རང་བཙན་སེམས་ནས་དོར་མི་སྲིད།།་་་་་་ཅེས་བཅོས་ཤོག་་་་་ཨ
ཅོ་རི། ཉོན་ཨ། བཙན་བྱོལ་སྒྲིག་འཛུགས་རྡ་རམ་ས་ལར་གྲ་མ་ཉམ་གྲུ་མ་ཞིག་པར་འདུག་ན་སྒོ་རྒྱབ་པ་རེད་ཟེར་བ་དེ་ཁྱོད་ཅོ་རིས་མདང་གསུམ་རྨི་ལམ་ནང་ནས་མཐོང་བ་མིན་ནམ། ལར་ནས་ཁྱོས་འདོད་རྒྱུ་དེ་ཡིན་པ། ང་ཚོ་དབུ་ལམ་ལ་འགྲོ་མཁན་བོད་མི་བརྒྱ་ཆ་དགུ་བཅུའི་བོད་རྒྱ་མཉམ་གནས་ཀྱི་ལམ་ཁ་གདམ་གྱི་ཡོད་པས་བོད་རྒྱལ་ཁབ་ཀྱི་མིང་བྱང་ཕྱིར་སྡུ་བྱས་ཀྱང་འགལ་བ་གང་ཡང་མེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཡིན་ན་འདྲ་མིན་ན་འདྲ་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུའི་བཙན་བྱོལ་སྒྲིག་འཛུགས་འདི་སོ་སོའི་གཞུང་ཡིན་པ་དང་། སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་སོ་སོའི་དབུ་ཁྲིད་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་པ་རེད་ལ། བཙན་བྱོལ་བོད་མི་མང་ཆེ་བས་དངས་བླང་བཅའ་དངུལ་འབུལ་གྱི་ཡོད་པས་ཁོང་ཚོ་བོད་མི་རེད། འོན་ཀྱང་ཁྱོད་རང་གིས་དུས་རྟགས་པར་གུང་ཕྲན་ཏང་ལས་བཙན་བྱོལ་སྒྲིག་འཛུགས་ལ་སྡང་ཟུག་ཆེ་བ་དང་། ཞི་ཅིན་ཕིན་ལས་གོང་ས་མཆོག་ལ་ཁོང་ཁྲོ་ཆེ་བ་བྱེད་ཀྱི་ཡོད་པ་མ་ཟད། དངས་བླང་བཅའ་དངུལ་ཙམ་ཡང་ཕུལ་གྱི་མེད་དུས་བོད་མིའི་ཁོང་ནས་བུད་ཟིན་པ་རེད་ཟེར་བ་ཡིན། ད་ཤེས་ཨེ་སོང་། ད་དུང་བཤད་རྒྱུ་ཞིག་ལ་བོད་གྲལ་ནས་བུད་ནས་རྒྱ་གྲལ་ལ་སྡད་ཀྱི་ཡིན་ཟེར་མཁན་ནི་ཁྱོད་ཚོ་དོལ་ཚོགས་ཡིན་པ། “ཁྱོད་ཚོས་གུང་ཕྲན་ཏང་གི་བཀའ་ལ་ཉོན་དང་གཞན་སུ་གང་གི་བཀའ་ལ་ཉན་དགོས་མ་རེད” སྐད་ཆ་འདི་བཤད་མཁན་ཁྱོད་ཚོའི་ཚོགས་མི་ལི་ཐང་སྣ་བོ་རྒྱ་མཚོ་ཟེར་བའི་གྲྭ་རྫུན་དེ་རེད་ད། ལྟོས་དང་རྒྱ་གྲལ་ལ་སྡད་ཀྱི་ཡིན་ཟེར་མཁན་སུ་རེད་འདུག
རྒྱལ་བ་རིན་པོ་ཆེས་ཐག་བཅོད་ག་རེ་གནང་ན་ངོས་ལེན་བྱེད་ཀྱི་ཡིན་ཟེར་བའི་སྐད་ཆ་འདི་བཤད་མཁན་བོད་མི་མང་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེ་མ་རེད་ལ། རྒྱལ་བ་རིན་པོ་ཆེས་དེ་ལྟར་བཤད་དགོས་ཤེས་རྒྱུད་སྐུལ་གནང་བ་ཡང་མིན་པ་མགོ་ནང་ལ་ཀླད་པ་ཡོད་མཁན་ཚང་མས་ཤེས་གསལ་རེད། མི་མང་གིས་རང་ངོས་ནས་འདོད་མོས་ཀྱིས་ཐག་བཅོད་བྱས་པ་དེ་དམངས་གཙོ་མིན་ན་ད་འོ་ན་དམངས་གཙོ་ཟེར་བ་ཅི་འདྲ་ཞིག་ཡོད་པ་རེད། མགོ་ལ་རྭ་ཅོ་ཅན་ཞིག་ཡོད་པ་རེད་དམ་རྐུབ་ལ་རྔ་མ་ཅན་ཞིག་ཡོད་པ་རེད། མི་ཤེས་མེད་ཀྱིས་གཏམ་གོ་མེད་ཅིག་ལས་བཤད་ག་ལ་ཤེས།
ཉོན་ཨ་་་་ལོང་རྟོགས། བོད་མི་དམངས་ཀྱིས་ཚེ་སྲོག་གིས་འགྲོ་སོང་བཏང་ནས་བཙུགས་པའི་བཙན་བྱོལ་བོད་གཞུང་ཁྱོད་ཚོས་སྒོ་བརྒྱབ་ནས་སྒྲིག་འཛུགས་བསྒྱུར་པ་ཡིན་པ། རྒྱ་གུན་ཁྲན་ཏང་གིས་བྱས་མི་ཐུབ་པའི་ལས་ཀ་ཁྱོད་ཚོས་བྱས་ཡོད་པ། ༢༠༠༨་ལོར་བོད་རྒྱལ་ཡོངས་གཞུང་དམངས་ཛ་དྲག་ཚོགས་ཆེན་སྐབས་སུ་བཙན་བྱོལ་གཞུང་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ཞིག་ལ་སྒྱུར་གྱི་གྲོས་ཆོད་བཞག་ཡོད་པ། ༢༠༡༡་ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་གཞུང་རང་འཇོག་དགོས་པར་དམངས་མོས་བྱུང་ཡོད་པ། སྒེར་གཅོད་པ་ཚོས་དམངས་མོས་བརྩིས་མེད་རྡོག་རོལ་བཏང་ནས་རྒྱལ་གཅེས་བོད་མི་ཚོས་ཚེ་སྲོག་གིས་བསྐྲུན་པའི་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་ཡོད་པ།་་་་གཅིག་ཡིན།
ལོང་རྟོགས་་་ངོ་ཚ་མེད་པའི་སྐད་ཆ་བཤད་མ་འོང་ཨ། རྒྱ་དཔོན་ཞིན་གྱི་འདྲ་དཔར་མགོ་ཐོག་ཁུར་ནས་འགྲོ་འགྲོ་དོལ་ཚོགས་མ་རེད་ད། སུམ་བཅུ་དུས་དྲན་སྐབས་སུ་བོད་རང་བཙན་འབོད་མི་ཆོག་ཟེར་མཁན་དོལ་ཚོགས་མ་རེད་ད། བདུད་རྒན་མའོ་ཨ་ཕ་ཡིན་ཟེར་མཁན་དོལ་ཚོགས་མ་རེད་ད། བོད་མི་དམངས་ལོང་བ་མ་རེད། རྒྱ་མི་སོ་བ་ཚོ་ལ་གསོལ་ཚིགས་བཀྱགས་ནས་བསྡད་ཡོད་མཁན་དོལ་ཚོགས་མ་རེད་ད། རྒྱ་དགའ་མ་ཁྱོད་རང་ཚོ་རེད། ཁྱོད་ཚོས་རྒྱ་གྲལ་སྡོད་ཀྱི་ཡིན་ཟེར་ཡོད་པ།
ཀར་བློ་དང་ཅོ་རི་ལྟ་བུའི་མི་འདི་དག་དང་པོ་བོད་ནང་ཡོང་དུས་བལ་ཡུལ་སྣེ་ལན་ཁང་ནས་སོསོའི་འགྲོ་ཁུང་དགོན་སྡེ་དང་སློབ་གྲྭ་སོགས་ཀྱི་ནང་དུ་མ་སླེབས་བར་བཙན་བྱོལ་སྒྲིག་འཛུགས་ཀྱི་རོག་རམ་ཁོ་ན་ལ་རྟེན་ནས་ཡོང་བ་ལས། རོག་རམ་བྱེད་མཁན་མེད་ན་མཐའ་ན་རྒྱ་གར་ལ་སླེབས་ཐུབ་རྒྱུ་ཡང་ཁག་པོ་རེད། ད་དུང་དགོན་སྡེ་དང་སློབ་གྲྭ་སོགས་སུ་སྡད་པའི་རིང་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་སློབ་ཡོན་ཟས་ནས་འཚོ་བ་སྐྱལ་ཡོད། འོན་ཀྱང་དེང་སང་ནུབ་ཕྱོགས་ཡུལ་དུ་སླེབས་ནས་འཚོ་བ་རང་མགོ་ཐོན་ཙམ་བྱུང་དུས་ཟོས་ཕོར་ནང་ལ་སྐྱག་པ་གཏོང་བའི་བྱེད་སྟངས་འདི་ནི་མི་ཞིག་གི་བྱེད་སྟངས་ཕར་ཞོགས། སྒོ་ཁྱི་ཞིག་གི་སྤྱོད་པ་ལ་ཡང་འགྲན་ཐབས་མེད་པ་ཞིག་རེད།
བཙན་བྱོལ་བོད་གཞུང་བཙུག་མཁན་སུ་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོས་དབུ་ཁྲིད་པའི་ཁྱོད་རང་གིས་རྟག་པར་ཁ་གཏོང་སའི་བཙན་བྱོལ་གཞུང་གི་ལས་བྱེད་དེ་ཚོས་བཙུགས་པ་རེད་ད། བཙན་བྱོལ་གཞུང་ཟེར་ན་ཡང་དེ་ཚོ་ལ་ཟེར་གྱི་ཡོད་པ་རེད་མ་གཏོགས་ཁང་རྒོག་ཁ་ཤས་ལ་བཙན་བྱོལ་གཞུང་གི་མིང་ཐོག་གི་མ་རེད་ད། ད་བསམ་བློ་ཞིག་ཐོང་དང་། བཙན་བྱོལ་གཞུང་ལ་ཤ་ཞེན་ཡོད་མདོག་གིས་དབུ་ཁྲིད་ཡོད་ཚད་ལ་ཁ་གཏོང་བ་འདི་གང་དུ་འགྲོ་སོང་། བཙན་བྱོལ་གཞུང་སྒྲིག་འཛིགས་ལ་བསྒྱུར་བ་འདི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབ་བྱས་པ་རེད་ལ། སྤྱི་འཐུས་གདམ་མཁན་བོད་མི་མང་རེད་ད། ཁྱོད་རང་ཡང་འོས་ཤོག་བླུག་པར་སོང་མེད་དམ། འདི་སྒེར་བཅོད་པས་བྱས་པ་རེད་ཟེར་ན་སུའི་རྣ་ལམ་ལ་འགྲོ་ཡི་རེད།
དབུ་ལམ་པ་ཚོས་རྒྱ་དཔོན་ཞིན་གྱི་འདྲ་པར་མགོ་ཐོག་ལ་ཁུར་ན་འདྲ། རང་བཙན་འབོད་མི་ཆོག་ཟེར་ན་འདྲ། གང་ལྟར་བོད་མི་མང་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་པ་རེད། ཁྱོད་ཚོ་དོལ་རྒྱལ་བ་ཚོ་ལ་རྒྱ་དངུལ་དམར་པོ་རག་ན་གཞན་ཅི་ཡང་དགོས་ཀྱི་མེད་པ།
ཅོ་རི་ལགས། xxxxxxxx ཁྱེད་ཀྱིས་བོད་རང་བཙན་ཆེད་དམྱལ་བའང་འགྲོ་ཐུབ་རབས་ཤིག་བཤད་འདུག དེས་ན་རང་བཙན་ཇི་ལྟར་རྩོད་པའི་ལུགས་ཤིག་བྲིས་དང་། རྒྱའི་ཕོགས་གཟན་མིན་པའི་སྒྲུབ་བྱེད་ལ་ཕན་ཐོགས་སྲིད།
ཅོ་རི། ཁྱོད་ད་བར་དུ་སྨྱོ་སོང་བ་རེད་དམ་བཟི་སོང་བ་རེད། བོད་མི་མང་གིས་རྒྱལ་བ་རིན་པོ་ཆེ་ལ་ཅི་ཙམ་སྐུར་གྱི་ཡོད་པ་ཁྱོས་ངོ་མ་མ་ཤེས་པ་རེད་དམ་ཤེས་ཀྱང་མ་ཤེས་མདོག་བྱེད་ཀྱི་ཡོད། ༡༩༩༧ ལོར་མི་མང་གི་བསམ་ཚུལ་སྡུ་རུབ་སྐབས་རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅོད་ག་རེ་གནང་ཡང་དེ་ལ་འགྲོ་རྒྱུ་ཡིན་ཞེས་ཐག་གཅོད་བྱས་པ་མ་ཤེས་སམ། ད་དུང་རྒྱལ་བ་རིན་པོ་ཆེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་མུ་མཐུད་ནས་བཞུགས་རོག་ང་ཚོ་ལ་དམངས་གཙོ་མི་དགོས་ཤེས་ཨུ་ཚུགས་ཇི་ཙམ་རྒྱབ་པ་མ་ཤེས་པར་ཁྱོད་ཅོ་རི་ད་བར་དུ་དོང་ནག་པོའི་ཞབས་ལ་འཛུལ་སྡད་པ་ཡིན་ནམ། ད་དུང་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཡོངས་རྫོགས་ཀྱིས་ཁ་གཅིག་གྲག་གིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས་ཤེས་འབོད་ཡོད་པ་མ་ཚོར་རམ། ད་དུང་བོད་ནང་དུ་གོང་ས་མཆོག་གི་སྐུ་པར་ཞིག་ཉར་རྒྱུའི་དོན་དུ་ཡང་རང་གི་ཚེ་སྲོག་གི་ཉེན་ཁ་ཚུན་ཆད་བློས་གཏོང་བྱེད་ཀྱི་ཡོད་པ་མ་ཤེས་སམ། ངོ་མ་བཤད་ན་ཁྱོད་རང་གིས་རྒྱལ་བ་རིན་པོ་ཆེ་ལ་སྐུར་འདེབས་བྱས་པ་འདི་ཁོ་ནས་ཁྱོད་རང་བོད་མིའི་གྲལ་ནས་བུད་ཟིན་པ་རེད། ཁྱོད་རང་གིས་བོད་མི་ཕལ་མོ་ཆེའི་མངོན་འདོད་རྒྱབ་འགལ་བྱེད་ཀྱི་ཡོད་པ་ཡིན་དུས་ཁྱོད་རང་ལ་བོད་དོན་བཤད་པའི་ཐོབ་ཐང་ཡོད་མ་རེད།
གྲོས་ཚོགས་ནང་གི་སྤྱི་འཐུས་དེ་དག་མི་མངོན་པའི་བྲན་གཡོག་ཆགས་བསྡད་ཡོད་ཅེས་ངས་སྔོན་ནས་བཤད་ཡོད། མི་མངོན་པའི་བྲན་གཡོག་ཚོས་ཐག་བཅད་པ་ཙམ་གྱིས་དམངས་གཙོར་ཆགས་སོང་བ་ཡིན་ན་་་་བཀའ་སྤྱི་གཉིས་ཡང་འོས་བསྡུ་མི་དམངས་ཀྱིས་འོས་བླུག་མི་དགོས་པར་མི་མངོན་པའི་བྲན་གཡོག་ཚོས་ཐག་གཅོད་ན་ག་འདྲ་འདུག་གམ། དང་པོར་་གོང་ནས་མར་འདི་དང་དེ་ཟེར་ནས་བཀའ་ཕབ། དེ་ནས་མི་མངོན་པའི་བྲན་གཡོག་ཚོས་ཐག་གཅོད་ན།
མི་མངོན་པའི་བྲན་གཡོག་ཚོའི་ནང་ནས་བོད་གཞུང་དགོས་ཟེར་མཁན་མང་པོ་ཡོད། བཙན་བྱོལ་བོད་གཞུང་དགོས་ཟེར་མཁན་སྤྱི་འཐུས་རྣམས་པ་ཚོ་ལ་དེ་རིང་ཅོ་རིས་འདི་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་བཙོང་བ་ཚོས་གནས་སྐབས་རིང་སྲིད་གཞུང་མེད་པ་བཟོས་ཡོད་ཀྱང་མ་འོངས་བོད་མི་རིགས་ཀྱི་སྲིད་གཞུང་སླར་གསོ་བྱེད་ཐུབ་ངེས་ཡིནཔའི་ཡིད་ཆེས་་ཡོད་དོ།
ད་ཁྱོད་ཅོ་རིའི་སྐད་ཆའི་ནང་འགལ་ལ་ལྟོས་དང་། ངོ་མི་ཚའམ། གྲོས་ཚོགས་ནང་གི་མི་དེ་དག་ཆོས་ཅན་མི་མངོན་པའི་བྲན་གཡོག་མ་ཡིན་པ་ཐལ། བོད་གཞུང་དགོས་ཟེར་མཁན་མང་པོ་ཡོད་པའི་ཕྱིར་ཟེར་ན་ལན་ཅི་ཞིག་འདེབས། ཁྱོད་ཅོ་རི་རིག་པ་སྨྲ་བ་ཡིན་ཟེར་གྱི་ཡོད་པ་མ་རེད་དམ། ཧཧཧ གང་ལྟར་གྲོས་ཚོགས་ནང་གི་མི་དེ་དག་མི་མང་གིས་འོས་བླུག་ནས་སླེབས་པ་རེད་ལ། ཁོང་ཚོ་ལ་གཞུང་གི་ལས་དོན་གང་ཡིན་ཡང་ཐག་བཅོད་ཆོག་པའི་དབང་ཆ་མི་མང་གིས་སྤྲད་པ་རེད། དམངས་གཙོའི་སྤྱི་ཚོགས་ནང་ལ་གྲོས་ཚོགས་ཟེར་བ་དེ་མི་མང་གི་སྐུ་ཚབ་ཡིན་པ་མི་སུ་ཡིན་ཡང་ཤེས་གསལ་རེད། དེས་ན་ཁོ་ཚོས་ཐག་གཅོད་པ་དེ་མི་མང་གི་ཐག་གཅོད་ལ་རྩི་དགོས་པ་དམངས་གཙོའི་འགྲོ་སྟངས་རེད། ཁོང་ཚོས་མི་མང་གི་མངོན་འདོད་དང་མི་མཐུན་པའི་ལས་ཀ་བྱས་ན་མི་མང་གིས་མར་ཕབ་ཆོག་པ་རེད། མི་མང་གིས་ཁོ་ཚོ་ལ་ངོ་རྒོལ་མ་བྱས་ན་ཁོ་ཚོའི་ལས་ཀ་དེ་མི་མང་གི་མངོན་འདོད་དང་མཐུན་གྱི་ཡོད་པའི་རྟགས་རེད། ད་བཤད་རྒྱུ་ཅི་ཡོད། ད་དུང་ཁྱོད་རང་གིས་དང་པོ་གོང་ནས་མར་བཀའ་ཕབས་དེ་ནས་སྤྱི་འཐུས་ཚོས་ཐག་བཅོད་པ་རེད་ཟེར། ད་འོ་ན་དེ་ལྟར་བྱེད་ཀྱི་ཡོད་པའི་ཁུང་སྐྱེལ་དང་དཔང་རྟགས་ཅི་ཞིག་ཡོད།
བཙན་བྱོལ་བོད་གཞུང་ནི་བོད་མི་མང་གི་བདེ་སྡུག་ལ་ཁུར་བླང་མཁན་གྱི་སྒྲིག་འཛུགས་ཤིག་རེད་ལ། ལྷག་པར་ད་ལྟའི་བོད་ནང་གི་བོད་མི་ཚོའི་གནས་བབ་ངན་པ་དེ་སེལ་ཐུབ་གནང་མཁན་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ངོ་མ་དེའང་རེད་ད་རྣམ་པ་ཚོ། འདིས་བོད་མི་རིགས་ཀྱི་བདེ་སྡུག་རྒྱ་ཆེ་ས་ནས་སྐྱོང་དགོས་དུས་ད་ལྟའི་ཆར་གཞིས་ལུས་སྤུན་ཟླ་རྣམས་ཀྱི་བཟོད་ཐབས་བྲལ་བའི་དཀའ་སྡུག་སེལ་ཐབས་གནང་དགོས་པ་ནི་གཡོལ་བ་མེད་པའི་ལས་འགན་ཨང་དང་པོ་དེ་རེད། དེར་རྟེན་དམིགས་ཡུལ་འདི་གང་མགྱོགས་འགྲུབ་པར་ཞི་བའི་གྲོས་མོལ་བྱ་རྒྱུ་དེ་ནི་ཐབས་ལམ་ཡག་ཤོས་དང་མགྱོགས་ཤོས་ཡིན་པ་ཀུན་གྱི་མཁྱེན་གསལ་རེད། ཞི་བའི་གྲོས་མོལ་བྱ་རྒྱུ་དེའང་ལས་སླ་བོ་ཞིག་གང་ནས་ཡིན་དེ་ཆ་རྐྱེན་མང་པོ་ཚང་དགོས་ངེས་རེད་ལ་། ཆ་རྐྱེན་མང་པོ་ནང་གི་གཅིག་ནི་དབུ་མའི་ལམ་ཡིན། འདིའི་གོ་དོན་དངོས་ནི་བོད་རྒྱ་གཉིས་ཕན་ཡོང་ཐབས་ལས་ཕན་ཚུར་ཁེད་དང་གྱོང་རྩོད་གླེང་མེད་པའི་སྒོ་ནས་བོད་རྒྱ་དཀའ་རྙོགས་གསལ་བར་བྱ་རྒྱུ་དེ་ཡིན། སྤྱིར་ལམ་དབུ་མའི་ནང་དོན་རྣམ་པ་ཚོས་མཁྱེན་ཤག་རེད་། འོན་ཀྱང་མི་ལ་ལས་དམིགས་ཡུལ་དང་དགོས་པ་མ་མཐོང་པར་བཙན་བྱོལ་བོད་གཞུང་ཕྱོགས་ལས་རྣམ་རྒྱལ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་བར་བོད་གཞུང་མེད་པ་བཟོས་པ་དང་གཞན་ལ་བཙོང་བ་རེད་ཟེར་ན་ཧམ་བཤད་ཙམ་ལས་རྒྱུ་མཚན་གང་ཡང་མི་འདུག ད་དུང་བོད་རྒྱལ་གཅེས་དཔའ་དཔའ་མོས་མངོན་འདོད་༧རྒྱལ་བ་རེན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་བ་ཚིག་ཟུར་ཙམ་ཡང་མི་སྨྲ་བར་དྲང་བདེན་མིན་པའི་གཞན་གྱི་ཁ་འགོགས་ཐབས་ལ་བེད་སྤྱད་ན་དེ་ལོག་སྤྱོད་པ་དངོས་མ་རེད་དམ། བོད་མི་སྤྱིའི་འགན་ཕར་ཞོག་རང་མགོ་མི་ཐོན་མཁན་ཁ་ཤས་གླེན་ལྐུགས་སྟོན་ནས་སྤྱི་ཚོགས་དཀྲུགས་པ་དང་ཐ་ན་བོད་མི་རིགས་སྙིང་ལ་ན་ཚ་བཟོ་ཐབས་བྱེད་པ་ནི་དུས་ནམས་ཡང་ངོ་ཚ་དགོས་པ་ཞིག་ཏུ་གྱུར་ལ་བོད་མི་ཚོའི་སེམས་ནད་ཐོལ་བ་དེ་ཡང་ཡིན།
ཧཧཧཧཧཧ་དྲ་གྲོགས་རྣམས་ཅོ་རི་ཟེར་མཁན་མི་དེར་ཟབ་རོག་གནང་་ཁྱོད་རང་བོད་གཞུང་དང་གོང་ས་མཆོག་གི་བཀའ་དགོངས་བཞིན་གནང་འདོད་མེད་ན་རང་དབང་རེད་་་་་་ཡིན་ནའང་དེ་ཙམ་གྱི་དོན་མེད་བསྐྱོན་འཛུག་བྱེད་རྒྱུའི་ཐོབ་ཐང་ཡང་ཨ་ཡོད་ན་་་་་་ངས་སྔོན་མ་ཐེངས་མང་བཞུས་ཟིན་་ཁྱེད་རང་མང་པོ་གསུངས་ན་སྐྱག་དྲི་མ་ཏོག་གང་ཡང་དྲོ་རྒྱུ་མིན་འདུག་
བོད་རྒྱལ་ཁབ་ཀྱི་བདག་དབང་བོད་མི་ཡོངས་ལ་ཡོད་པ་ལས་བཙན་བྱོལ་སྒྲིག་འཛུགས་དང་ཏྭ་ལའི་བླ་མ་ཁོ་ནར་བདག་པ་ཞིག་མ་རེད། འདིར་ཤེས་དགོས།་ཟེར་མཁན་ཅོ་རི་ལགས་་་་ད་བོད་རྒྱལ་ཁབ་དང་གཞི་ལུས་དཔའ་བོ་དཔའ་མོ་ཟེར་བའི་ལྷག་བསམ་དང་སེམས་ཤུགས་ཡོད་མདོག་གི་སྐད་ཆ་མང་པོ་མ་ཤོད་་་་་་་ང་ཚོ་རྒྱ་ཆེའི་མི་མང་རྣམས་ག་ཚོད་ལྐུག་པ་ཡིན་ནའང་ཁྱོད་འདྲ་བོ་མིག་ཡོད་བཞིན་གཡང་ལ་མཆོག་མཁན་ཡོད་མ་རེད་་་་་་བྱས་ཙང་འབད་བརྩོན་མ་གནང་་་་་་་་་་་་་་་་
རང་བཙན་པ་གསུམ་གྱིས།
https://www.youtube.com/watch?t=187&v=AK4ER-mFf6I
ཅོ་རི་ལས་གཟབ་དགོས་ཡོག་མ་རེད། ཀར་བློ་ལའང་གཟབ་དགོས་ཡོག་མ་རེད། མི་དངོས་མ་དང་གཏམ་དངོས་མ་རེད་ལ། སོ་སོས་བཤད་པ་སོ་སོས་འགན་འཁུར་གྱི་རེད། བསྲེག་བཅད་བརྡར་གསུམ་ནི་ནང་ཆོས་ལས་གསུང་པ་རེད་མ་གཏོགས་སུ་གང་གི་གང་འདོད་མ་རེད། དེ་མིན་ལུང་རྟོགས་སུ་ཡིན་ནམ། དེ་མིན་གཞན་དག་སུ་ཡིན་ནམ།
བཙན་བྱོལ་སྒྲིག་འཛུགས་ནི་གཞིས་བྱེས་གཉིས་ཀྱི་ཡིད་ཆེད་ཡོད་པའི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་
༼ ཨ་རི་བཅས་ནས་མི་གྲངས་བརྒྱ་ལ་བཅར་འདྲི་བྱས་པའི་ནང་༧གོང་ས་མཆོག་ལས་དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན་མེད་པར་གསུངས་པ་ནི་བོད་མི་མང་དབུ་མའི་ལམ་ལ་འདོད་མོས་མེད་པར་བོད་མིའི་རྨི་ལམ་རང་བཙན་ནི་ཡིན་པའི་སྒྲུབ་བྱེད་དུ་༧སྙན་སེང་ཞུ་དུས་༧གོང་ས་མཆོག་རྒྱ་རིགས་མཁས་དབང་ཁོང་གི་སྒྲུབ་བྱེད་ལ་གད་མོ་ཤོར་འདུག ང་ཡང་ཁོ་ཉིད་རང་གི་ཞེ་འདོད་ལ་བྲེལ་བ་ལངས་བཞིན་པའི་ཚོར་སྣང་གི་འཕྱོ་ཤུགས་དེ་ལས་ངོ་ཚ་བའི་ཚོར་བ་བྱུང་། ངོ་ཚ་འདི་ནི་ལོ་ངོ་དྲུག་གི་རྗེས་ལུས་ཐེབས་པ་ཞིག་ཡིན་པས་ད་ལྟ་བཤད་རྒྱུར་ཡང་ངོ་ཚ་དགོས་པ་རེད།༽ གནས་ཚུལ་འདི་དག་གིས་བོད་མིའི་ཁྲོད་དབུ་མའི་གོ་རྟོགས་དགོས་བསམ་ནས། རྒྱ་ནག་ལ་ཁ་གཏད་གཅོད་རྒྱུ་ལས་ཀྱང་། མི་རྒྱུ་གཉིས་ཀྱི་འགྲོ་སོང་། བོད་པ་ཚོའི་བསམ་བློ་བསྒྱུར་ཡ་བེད་སྤྱོད་ཡོད། དོན་དངོས་དབུ་མ་ཟེར་ཡང་། སྐུ་མདུན་གྱི་གསུངས་བཤད་ཁག་ཅིག་ལས། སྐུ་མདུན་གྱིས་ངོས་སུ་འཆར་གཞི་འཐེན་ཞིང་། ཞིབ་འཇུག་གནང་བའི་ཚད་ལྡན་གྱི་རྩོམ་ཡིག་ཅིག་དང་། ཡིག་ཆ་ཞིག་མི་འདུག
ཅིག་མི་འདུག
༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོལ་གསུམ་ཆོས་ལུགས་རིས་མེད་ཀྱི་བོད་མི་ཡོངས་ལ་དབྱེ་འབྱེད་མེད་པར་སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་བརྟེན་བཀའ་དྲིན་དྲན་ཤེས་མེད་མཁན་མི་རེ་ཟུང་ལས་གཞིས་བྱེས་བོད་མི་བརྒྱ་ཆ་ ༩༩ བརྒལ་བས་༧གོང་ས་མཆོག་ལ་ཡིད་འཆེས་བློས་འགེལ་གཙང་མ་ཡོད་ཙང་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞེས་ཡར་རེ་བསྐུལ་རིམ་པ་མང་པོ་ཞུས་པ་དེ་ཚོ་ཤེས་ཀྱི་ཡོད་ཤག་རེད། ཤེས་ཀྱི་མེད་ན་སློབ་སྦྱོང་བྱོས།།
༢༽རྒྱལ་དོན་དཔྱ་ཁྲལ་མ་བསྡུས་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་ཡོག་མ་རེད། དེ་ནི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཤིག་རེད།།
༣༽རང་བཙན་རང་བཙན་ཞེས་སྐད་ཆ་མང་པོ་ཤོད་མཁན་ཚོས་ད་བར་རང་བཙན་ལ་ཕན་པའི་ལས་ཀ་ག་རེ་བྱས་ཡོད་དམ། མ་འོངས་པར་ག་རེ་བྱ་རྒྱུའི་འཆརགཞི་ཡོད་དམ།།
རངབཙན་མི་དགོས་པའི་གཞས།
https://www.youtube.com/watch?v=8wtZV8iDt5Q
ཨ་ཤི་ཆེའི་བོད་སྐད་སྡེ་ཚན། | གསར་འགྱུར།
རྒྱ་ནག་གིས་བོད་ལ་ཡར་རྒྱས་འཛུགས་བསྐྲུན་སྐོར་དྲིལ་བསྒྲགས།
རྒྱ་ནག་གིས་ཨ་རིར་བཏང་བའི་བོད་རིགས་སྐུ་ཚབ། ༢༠༡༥།༤།༨
དེ་ཡང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་གཞོན་ཤིང་རྩ་ཆོས་གྲགས་རིན་པོ་ཆེ་ཞུ་བས་སྣེ་ཁྲིད་པའི་བོད་རིགས་སྐུ་ཚབ་གསུམ་རེས་གཟའ་མིག་དམར་ཉིན་ཨ་རིའི་Californiaམངའ་སྡེའི་གྲོང་ཁྱེར་San Franciscoརུ་སྐོར་བསྐྱོད་འབྱོར་ཏེ་རྒྱ་ནག་གཞུང་ཚབ་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཡོད་པ་དང་། གསར་འགོད་ལྷན་ཚོགས་དེའི་ཐོག་ཤིང་རྩ་ཆོས་གྲགས་རིན་པོ་ཆེ་ནས་ཁོང་རྣམས་ཀྱིས་སྐོར་བསྐྱོད་འདི་བརྒྱུད་བོད་ཀྱི་དངོས་ཡོད་གནས་སྟངས་ཇི་ཡིན་ཐད། འཛམ་གླིང་མང་ཚོགས་ལ་གོ་རྟོགས་ཁྱབ་སྤེལ་གྱི་དམིགས་ཡུལ་གཙོ་དོན་བཞེས་ཀྱི་ཡོད་པ་ལྟར། རྒྱ་ནག་དབུས་གཞུང་དང་། རྒྱ་ནག་ནང་གི་མི་རིགས་གཞན་ཚོས་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་འདས་པའི་ལོ་ངོ་༦༠ནང་ཚུད་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཤིན་ཏུ་ཆེན་པོ་ཐེབས་ཡོད་ལུགས་དང་། འཛུགས་བསྐྲུན་གྱི་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་ལུགས་དྲིལ་བསྒྲགས་ཀྱི་གཏམ་བཤད་སྤེལ་འདུག རྒྱ་ནག་གཞུང་གིས་བོད་ནང་ཕྱོགས་གང་ས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལུགས་གཏམ་བཤད་དང་དྲིལ་བསྒྲགས་བསྟུད་མར་བྱེད་བཞིིན་ཡོད་རུང་ཕྱི་ཕྱོགས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ནས་རྒྱ་ནག་གཞུང་གི་བོད་ཐོག་དྲག་གནོན་དང་དམ་བསྒྲགས་ཀྱི་སྲིད་ཇུས་འོག་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། སྨྲ་བརྗོད་རང་དབང་མེད་པ། ཆོས་དད་རང་དབང་མེད་པ། ཐ་ན་འཛུགས་བསྐྲུན་གྱི་ཁེ་ཕན་ཡང་བོད་མིར་ཐོབ་ཀྱི་མེད་པའི་གནས་སྟངས་གནས་ལུགས་གསལ་འདོན་གནང་སྟེ། ༢༠༠༩ནས་བཟུང་ད་བར་བོད་མི་༡༣༨ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཐབས་བྱས་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
བོད་སྐད་སྡེ་ཚན། | གསར་འགྱུར།
བོད་མིའི་ངོས་ནས་བོད་རྒྱ་འབྲེལ་ལམ་བསྐྱར་གསོའི་གྲ་སྒྲིག་ཡོད།
2015-04-10 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། ༧གོང་ས་མཆོག་ཉི་ཧོང་གི་Kanazawaལ་ཕེབས་ལམ་དུ། ༢༠༡༥།༤།༩
༧གོང་ས་མཆོག་ཉི་ཧོང་གི་Kanazawaལ་ཕེབས་ལམ་དུ། ༢༠༡༥།༤།༩
སྐུ་སྒེར་དྲ་བ།
༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་བརྡ་ལན་སྤྲད་ཚེ་བོད་མིའི་ངོས་ནས་འབྲེལ་ལམ་གྱི་སྒོ་མོ་བསྐྱར་གསོ་བྱེད་རྒྱུར་གྲ་སྒྲིག་ཆ་ཚང་ཡོད་པ་གསུངས།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ཉི་ཧོང་གི་ས་གནས་ཁག་ཅིག་ནང་ཆོས་འབྲེལ་དང་མང་ཚོགས་ལ་གསུང་བཤད་གནང་ནས་མཛད་འཕྲིན་འདྲ་མིན་བསྐྱངས་གནང་བཞིན་པ་དང་། འདི་ཚེས་བརྒྱད་ཉིན་The Asahi Shimbunཞེས་པའི་གསར་ལས་ཁང་ནས་བོད་རྒྱ་འབྲེལ་ལམ་སོགས་ཀྱི་སྐོར་བཅར་འདྲིའི་སྐབས། ༧གོང་ས་མཆོག་གིས། ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུར་འགྱུར་བ་གང་ཡང་མེད་། གལ་སྲིད་རྒྱ་ནག་གཞུང་གིས་བརྡ་ལན་སྤྲད་པ་ཡིན་ན་འབྲེལ་ལམ་གྱི་སྒོ་མོ་བསྐྱར་གསོ་བྱེད་རྒྱུར་ང་ཚོའི་ངོས་ནས་གྲ་སྒྲིག་ཆ་ཚང་ཡོད་ཅེས་བཀའ་ལན་གནང་འདུག སྤྱིར་བཏང་ང་ཚོས་རང་བཙན་རྩོད་ཀྱི་མེད་པ་འཛམ་གླིང་ཡོངས་ནས་ཤེས་གསལ་རེད། འོན་ཀྱང་ད་ལྟའང་རྒྱ་ནག་གི་བལྟ་བ་མཁྲེགས་འཛིན་ཅན་གྱི་དཔོན་རིགས་འགའ་ཤས་ཀྱིས་ང་ཚོ་ཁ་བྲལ་བ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་བ་རེད། ཕྱོགས་གཞན་ཞིག་ནས་བློ་གཟུར་བོར་གནས་ནས་བསམ་བློ་གུ་ཡངས་ཅན་གྱི་དཔོན་རིགས་ཁག་ཅིག་གིས་གཉིས་མོས་ཀྱི་ཐོག་ནས་དཀའ་རྙོག་སེལ་ཐབས་བྱེད་རྒྱུར་འདོད་པ་ཡོད་རེད་ཅེས་གསུངས་འདུག དམིགས་བསལ་སྐུའི་ཡང་སྲིད་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་། ད་ལྟའི་ཆར་དགུང་གྲངས་བརྒྱད་ཅུ་ཐམ་པར་ཕེབས་ཀྱི་ཡོད་ཀྱང་། སྐུ་ཁམས་ཧ་ཅང་ཡག་པོ་ཡོད་། ད་དུང་ལོ་ངོ་ཉི་ཤུ་ཙམ་འཚོ་གནས་ཐུབ་པའི་རེ་བ་ཡོད་། གང་ལྟར་ཡང་སྲིད་སྐོར་གཙོ་བོ་བོད་མི་མང་གི་འདོད་པ་གཞིར་བཟུང་འགྲོ་རྒྱུ་རེད་ལ་མ་འོངས་པའི་ཡང་སྲིད་སྐོར་༧གོང་ས་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་སྐབས་བཀའ་བསྡུར་ལྷུག་པོ་ཡོང་རྒྱུ་ཡིན་ལུགས་བཀའ་གནང་ཡོད་པ་རེད།
དེ་སྔ་ལོ་ངོ་འགའ་ཤས་གོང་གི་རྒྱ་ནག་གི་འགོ་ཁྲིད་ཚོའི་ལས་དོན་སྤེལ་ཕྱོགས་དང་བསྡུར་ན། ད་ལྟའི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་འགོ་ཁྲིད་པའི་སྲིད་གཞུང་འོག་འགྱུར་བ་གང་འཚམས་ཕྱིན་ཡོད་པ་ནི་ད་ལྟའི་འགོ་ཁྲིད་ཀྱི་ངོས་ནས་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་སུ་གདོང་ལེན་ཤུགས་ཆེན་པོ་བྱེད་ཀྱི་འདུག་ཅེས་བཀའ་གནང་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
དབུ་མ་རེད་དམ། རང་བཙན་ནམ།
https://www.youtube.com/watch?t=850&v=NYw4gevW0i0
1959 10th march !
https://www.facebook.com/video.php?v=10151582262424919&set=vb.654179918&type=2&theater
དབུས་ལམ་གཙང་མའི་སྐོར།
https://www.youtube.com/watch?v=nARAUYqfft4
སྲིད་སྐྱོང་སྔོན་པའི་དབུས་ལམ།
https://www.youtube.com/watch?v=dTUCwgihGUk
སྲིད་སྐྱོང་གསར་མའི་སྐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྐོར་ལ་ཨིན་སྐད་དུ།
https://www.youtube.com/watch?v=PjLq6rbUTW0
བོད་སྐད་སྡེ་ཚན། | གསར་འགྱུར།
ལྡི་ལིར་བོད་རང་བཙན་གྱི་ཚོགས་ཆེན་འཚོགས་འཆར་ཡོད་པ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞེས་བ་ཞིག་མི་རིང་བ་འཚོགས་གཏན་འཁེལ་འདུག
དེ་ཡང་བོད་དོན་འཐབ་རྩོད་པ་དང་དོན་གཉེར་བ་ཁག་ཅིག་གིས་ཕྱི་ཟླ་ལྔ་པའི་ཚེས་༢༣ནས་༢༤ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞིག་འཚོགས་གཏན་འཁེལ་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔ་༡༩༥༡ལོའི་ཕྱི་ཟླ་༥ཚེས་༢༣ཉིན་བོད་རྒྱ་བར་“གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བ་བོད་མི་ཚོས་མི་འདོད་བཞིན་དུ་རྒྱའི་བཙན་དབང་འོག་ནས་ས་རྟགས་རྒྱག་དགོས་བྱུང་བ་དེར་ངོས་ལེན་མེད་པ་མཚོན་ཆེད་དུ་གོང་ཞུས་ཚོགས་ཆེན་གོ་བསྒྲིགས་ཞུས་ཡོད་པ་དང་། གྲོས་མཐུན་དོན་ཚན་༡༧ཞེས་པ་བཞག་ནས། ལོ་༦༤འཁོར་གྱི་ཡོད་ནའང་། རྒྱ་ནག་གིས་བོད་ནང་གཉའ་གནོན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་དེ་ལྟར་ཡང་བོད་རང་བཙན་གྱི་འཐབ་རྩོད་ཀྱང་དམིགས་ཡུལ་བརླགས་མེད་ལ། བཙན་འོག་ནས་བོད་ཀྱི་དཔའ་བོ་དཔའ་མོ་མང་པོའི་སྲོག་ཤོར་བའི་ལོ་རྒྱུས་དང་། མི་མང་བྱིངས་ལ་མནར་གཅོད་བཏང་དང་གཏོང་བཞིན་པའི་བརྒྱུད་རིམ། རང་ས་རང་དུ་མི་དབང་བའི་དབང་བསྒྱུར་ལམ་ལུགས་ལ་ངོ་རྒོལ་ཡོད་པ་གསལ་སྟོན་ཆེད་ཡིན་ཚུལ་དང་། ཉིན་གཉིས་རིང་གི་ཚོགས་འདུའི་བརྗོད་གཞི་གཙོ་བ་ནི། བོད་མི་ཚོའི་རང་བཙན་འཐབ་རྩོད་ཆེད་མཐུན་སྒྲིལ་མཉམ་ལས་ཡོང་ཐབས། རང་བཙན་གྲུབ་ཕྱོགགས་ཀྱི་ཐབས་ཇུས། བོད་ནང་གི་ཛ་དྲག་གནས་སྟངས་ལ་དཔག་པའི་རང་བཙན་འཐབ་རྩོད་པས་རྒྱ་ནག་ལ་གདུང་ལེན་བྱེད་ཕྱོགས་དང་། རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་འཚོལ་ཐབས། བོད་རང་བཙན་གྱི་ཚོགས་སྡེ་སྲ་བརྟན་རྒྱ་བསྐྱེད་དང་རང་བཙན་འཐབ་རྩོད་པ་བསྐྱེད་བསྲིང་བྱ་ཐབས་སྐོར་ལ་གྲོས་བསྡུར། བོད་རང་བཙན་དང་རྒྱ་གར་གྱི་བདེ་འཇགས་སྐོར་ལ་བོད་པ་དང་རྒྱ་གར་ཆེད་མཁས་མི་སྣའི་གཏམ་བཤད གནང་རྒྱུ་བཅས་ཡིན་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།
མཐའ་གཉིས་སྤངས་པའི་དབུ་མའི་་ལམ་པ། རྒྱ་ནག་སྐད་དུ།
https://www.facebook.com/video.php?v=10152691782456805&set=vb.300530356804&type=2&theater
རང་བཙན་པ་འཇམ་ནོར་ལགས་ཀྱི་ལམ་ནོར།
https://www.facebook.com/DuldzinDorjeShugden/photos/pcb.907338639307627/907337155974442/?type=1&theater