Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཕུལ་བའི་མཆིད།

Posted on 2015-04-042015-04-04 By ཁ་བརྡ No Comments on ༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཕུལ་བའི་མཆིད།

དབྱིན་ཇིའི་རྒྱལ་སྲས་པི་རིན་སི་ཅལ་སི།  རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

11096403_1566673326938711_7589277781816917195_n༸གོང་ས་རྒྱལ་བ་རིན་པོ་ཆེའི་དགུང་གྲངས་དོན་ལྔར་ཕེབས་པའི་དྲན་དེབ་ལ་ཆེད་བརྗོད་འབྲི་རྒྱུའི་གོ་སྐབས་ཐོབ་པར་ང་ལ་དགའ་སྤྲོ་ཧ་ཅང་ཆེན་པོ་བྱུང་།   ངས་ད་བར་ས་གནས་འདྲ་མིན་མང་པོ་ཞིག་ནས་༸གོང་ས་མཆོག་མཇལ་མྱོང་ཞིང་། མཇལ་ཐེངས་རེ་རེ་ཡིས་ང་ལ་བག་ཆགས་གཏིང་ཟབ་བཞག་ཡོད། དེ་ནི་ཁོང་གི་ངག་གི་ཀློང་ལས་བརྡོལ་བའི་བྱམས་བརྩེ་ལས་གཞན། ད་དུང་མི་ཚང་མར་རྒྱུས་མངའ་ཡོད་པའི་ཁ་མཚར་དང་འདྲེས་པའི་སྤྲོ་སྣང་ཅན་གྱི་ཐུགས་གཤིས་དང་ཁོང་གི་ཤེས་རབ་ལས་མཆེད་ཅིང་སྤྲོས་པའི་འོད་སྣང་བཅས་ཡིན།

 

ད་ལྟ་འཛམ་གླིང་འདིར་ནང་སེམས་ཀྱི་རྣམ་བཞག་རྦད་དེ་རྩིས་མེད་དུ་གཏོང་བཞིན་པ་ལྟར་སྣང་བའི་སྐབས་འདིར། ༸གོང་ས་མཆོག་ལྟ་བུ་ཞིག་བཞུགས་པ་ནི་དེ་བས་ཀྱང་ང་ཚོའི་ནང་སེམས་ཀྱི་གལ་ཆེའི་རང་བཞིན་ལ་སྐུལ་མ་བྱས་པ་ཞིག་སྟེ། དེའི་ཕྱིར་མང་པོ་ཞིག རང་ཉིད་ཀྱིས་ཀྱང་གོ་ཚོར་མེད་པ་ལྟ་བུའི་ངང་ནས་༸གོང་ས་མཆོག་གི་ཆེས་མཐུས་སྒོ་ཚང་བའི་སྒོ་ནས་གོ་བརྡ་སྤྲོད་བཞིན་པའི་མིའི་རིགས་ཀྱི་སེམས་དབུས་སུ་སྦས་ཏེ་ཡོད་པའི་ཚེ་སྲོག་གི་བདེན་དོན་གྱི་རྗེས་སུ་འཚོལ་སྙེགས་བྱེད་ཅིང་ཡོད། དེ་ནི་འཛམ་བུ་གླིང་གིས་ད་ཆ་ཁོང་ལ་དགའ་བསུ་ཞུ་ཚད་སྔར་ལས་ཀྱང་མཐོ་རུ་ཕྱིན་པའི་རྒྱུ་མཚན་གལ་ཆེན་ཞིག་རེད། དེ་བཞིན། ཁོང་གིས་ཧ་ཅང་ཁ་གསལ་དོན་གསལ་གྱི་ཐོག་ནས་ཕྱི་དངོས་པོ་དང་ནང་སེམས་བརྒྱུད་ཀྱི་སྙོམ་སྒྲིག་གི་རང་བཞིན་གསལ་བཏོན་གནང་བ་དེས་ཀྱང་། མི་མང་པོ་ཞིག་དང་། ཁྱད་པར་དུ་ན་གཞོན་ཧ་ཅང་མང་པོ་ཞིག་གཏིང་ཟབ་པོའི་ཐོག་ནས་་ཡིད་དྲངས་ཏེ་ཡོད།

 

སྤྱིར་བཏང་། བྱ་བ་དོན་དག་འདྲ་དང་མི་འདྲ་མ་པོ་ཞིག་གིས་ང་ཚོར་རེ་བ་བརླགས་པ་དང་ཡིད་ཆེས་ཉམས་པའི་རྐྱེན་བྱེད་ཀྱི་ཡོད་ན་ཡང་། ཁོང་གིས་ང་ཚོར་ཨ་ནས་ཡང་དུ་ང་ཚོའི་སེམས་ཀྱི་ཆེས་ཡང་དག་པའི་རང་བཞིན་གྱི་བདེན་དོན་མངོན་དུ་གྱུར་པའི་སྐབས་སུ། མིའི་རང་གཤིས་དངོས་དེ་ནི་གདོང་ཐུག་དང་འཁོན་འཛིན་གྱི་ཕྱོགས་སུ་གནས་པ་ཞིག་མིན་པར། དེ་ལས་ལྡོག་སྟེ་བྱམས་བརྩེ་དང་སེམས་ཁུར་གྱི་ཕྱོགས་སུ་ཡོད་པ་ཞིག་ཡིན་ཞེས་སྐུལ་མ་གནང་གིན་ཡོད།

 

༸གོང་ས་མཆོག་གི་བཀའ་སློབ་ནི་དངོས་ཡོད་གནས་ཚུལ་དང་འཚམས་ཤིང་། ཁྱད་འཕགས་ཀྱི་རང་བཞིན་དང་ཡང་ལྡན་པ་སྟེ། ང་དང་ང་ནང་བཞིན་ཁོང་ཉིད་མཇལ་བའི་གོ་སྐབས་ཐོབ་ཡོད་མྱོང་བ་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་ཁོང་གི་ཁྱད་ཆོས་འདི་བརྗོད་ཀྱི་ཡོད། དེ་ནི་སེམས་ཐག་ཉེ་ཞིང་སྤྲོ་སྣང་གིས་ཕྱུག་པའི་ཤེས་རབ་དང་བྱམས་བརྩེ་ཟུང་དུ་འབྲེལ་བ་ཞིག་རེད།

 

ཁོང་གིས་ཁོང་ཉིད་དཔེ་རུ་བཞག་སྟེ། ང་ཚོར་སེམས་དགེ་བའི་དྲན་པ་ལ་གནས་དགོས་པ་ལས་ཁ་རྐྱང་པས་སྙིང་པོ་མེད་པའི་སྐད་ཆ་བཤད་ནས་འདུག་རྒྱུ་མེད་པར་དུས་ཚོད་སྐད་ཅིག་དང་ཡུད་ཙམ་རེ་རེ་བཞིན་ཚང་མར་དགེ་བ་སྒྲུབ་དགོས་པའི་བཀའ་སྩོལ་གྱི་ཡོད། ཁོང་གི་བཀའ་གསུང་འདི་དག་གིས་ང་ལ་༼ཤེས་རྟོགས་བྱུང་བའི་ཉེན་ཁ་༽ཞེས་འབོད་པ་དེ་དང་། ཛ་དྲག་གི་དགོས་མཁོར་དམིགས་པའི་དངོས་ཡོད་ཀྱི་འགུལ་སྐྱོད་གཉིས་ཀྱི་བར་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་གསར་སྐྲུན་བྱེད་པའི་གལ་འགངས་དང་། དེ་ལྟར་བྱས་ན་གཞི་ནས་འཆམ་མཐུན་དང་སྙོམས་སྒྲིག་བསྐྱར་གསོ་བྱེད་ཐུབ་རྒྱུ་ཡིན་པ་སྟེ། དེའི་ཕྱོགས་ལ་འབད་བརྩོན་བྱེད་དགོས་པའི་བློ་སྒོ་ཕྱེས་བྱུང་།

 

༸གོང་ས་མཆོག་དང་ངེད་གཉིས་ཐུག་ཐེངས་རེ་རེ་བཞིན། རྒྱུན་དུ་གླེང་རྒྱུའི་སྐད་ཆ་གཙོ་བོ་ཞིག་ནི། སྔར་བཞིན་ངེད་གཉིས་ཆར་མཉམ་ཞུགས་བྱེད་ཀྱི་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྐོར་རེད། འདིའི་ཐད་ང་གཉིས་ལ་ཐུན་མོང་གི་དོ་ཁུར་ཡོད་ཅིང་། དེ་ནི་དཔེར་ན། ཁོང་གི་སྟོང་ལོ་གསར་པའི་ཀུན་སྤྱོད་ཅེས་པའི་ཕྱག་དེབ་ཀྱི་ནང་དུ།

 

དེ་རིང་གི་ཉི་མ་འདི་ལ་ཐུག་གི་བར་དུ། སའི་གོ་ལའི་སྐྱེད་མ་འདིས་གོ་རིམ་དང་སྒྲིག་གཞི་མེད་ཅིང་རྙོགས་ཟིང་ཆེ་བའི་ང་ཚོར་བཟོད་སྒོམ་བྱས་ཡོད་ན་ཡང་། ད་ཆ་དེ་ལས་ལྡོག་སྟེ་སྐྱེད་མ་འདིས་ང་ཚོའི་བྱ་སྤྱོད་ལ་མུ་མཐུད་ཇི་མི་སྙམ་པའི་ཚུལ་གྱིས་བཟོད་སྒོམ་བྱེད་མི་ཐུབ་པའི་ཚོད་དུ་སླེབས་ཡོད། ཁོར་ཡུག་གི་གནོད་འཚེས་བཟོས་པའི་གནད་དོན་ནི་ང་ཚོས་སྐྱེད་མ་འདིར་འགན་འཁུར་མེད་པའི་ལས་ཀ་བྱས་དྲགས་པའི་ཡན་ལན་སློག་པ་ཞིག་ཏུ་བལྟས་ནའང་འགྲིག སྐྱེད་མ་འདིས་ང་ཚོར། ཁོང་གི་བཟོད་སྲན་ཡང་ཚད་ཡོད་ཅིག་ཡིན་པའི་ཉེན་བརྡ་གཏོང་གིན་ཡོད། ཅེས་གསུངས་པ་ནང་བཞིན་རེད།

 

༸གོང་ས་མཆོག་གི་གསུང་ཚིག་མཐའ་དག་དེ་དང་དེ་ནང་བཞིན། སྟབས་བདེ་ཞིང་བབ་ཆགས་ལ་ནུས་པ་ཆེ་བ་ཞིག་རེད། ང་ཚོས་༸གོང་ས་མཆོག་དགོང་གྲངས་དོན་ལྔར་ཕེབས་པའི་འཁྲུངས་སྐར་བསུ་བཞིན་པའི་དུས་ཚིགས་འདིར། ང་ཚོས་ཁ་ཞེས་གཉིས་མེད་ཀྱི་ཐོག་ནས་ཁོང་གི་བྱམས་བརྩེའི་ཐུགས་ཁུར་ལ་བཀའ་དྲིན་ཆེ་ཞུ་དགོས་པར་མ་ཟད། ཁྱད་པར་དུ་ཁོང་ཉིད་སྐུ་ཚེ་མི་འགྱུར་ཡུན་ཏུ་བརྟན་པ་དང་། བྱམས་བརྩེ་དང་ཤེས་རབ་ཀྱི་གཟིགས་པ་ང་ཚོ་དང་མཉམ་དུ་ཡུན་གནས་ཡོང་བའི་སྨོན་ལམ་འདེབས་དགོས།

(ལྡི་ལི་དོན་ཁང་གིས་བཏོན་པའི་འཛམ་གླིང་གྲགས་ཅན་མི་སྣའི་འཁྲུངས་སྐར་ཆེད་བརྗོད་ཕྱོགས་སྒྲིག་《བྱམས་བརྩེའི་རྒྱ་མཚོ》ཞེས་པའི་ཆེད་དེབ་རྒྱ་འགྱུར་ལས་བསྒྱུར། )

འགྱུར་རྩོམ།

Post navigation

Previous Post: ཚིག་གི་མིག་ཆུ་བཞུར་བ།
Next Post: ༄༅།།འཛམ་གླིང་གྱ་སྟོན་ཞི་བདེའི་ཉི་མ་ཚེས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme