ཁྲོ་གཏུམ།
ནམ་མཁའི་ངུ་གདོང་ཧ་ཅང་གིས་འཁྱགས་སིབ་སིབ
ནག་རོག་གེར་སྤྲིན་པ་ཡར་བསྐྱོད་མར་འཕུར
ཁུ་སིམ་མར་ལྗོན་ཤིང་གི་ཚོགས་སུ་ཉན་ན
ཨ་འབྱོག་སྟོང་པ་རེད
སྐད་མཐོན་པོའི་དབྱངས་རྟ་བྲག་ཅར་འཁོར་ན
རི་ལུང་གི་ཚོར་བ་གཉིད་རྐྱ་འགའ་ཤས
ཤ་འདར་ཞིག་རྒྱག་པའི་རྣམ་པ་ཡང
ངའི་མིག་ལམ་ནག་ཁུང་རེད
སྔར་བཞིན་རེ་སྒུག་གིས་ཉི་འོད་བཙལ་བའི
སེམས་པ་རྨས་མ་ག་ཚོད་ཅིག་གི་མགོ་ཐོག་ཏུ
གནམ་སྔོན་པོ་མ་གཏོགས
ས་དོག་མོ་གཅིག་པུས་ཡིད་ག་ལ་ཚིམ་པས
ངའི་ཚོར་བ་སྐྱ་བོ་དང་ལ་བོ་རེད
༢༠༡༥།༠༤།༠༥ ཉིན་ཞོགས་ཇ་ཟ་ཞོར་ཏུ།
གྲོགས་པོ་ལགས་ཁྱེད་ཉིད་ཀྱི་ཚོར་བ་རྣམས་བརྗོད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། རེ་བ་ལ་དག་ཡིག་ཁག་ལ་ཐུགས་སྣང་ཡོད་པར་མཁྱེན། དེས་རྒྱུ་མཚན་ནི་ཕྲན་ཀྱང་བོད་ཡིག་ལ་ཞན་ཆ་མང་སྟབས་གཅིག་ཕན་གཅིག་རོགས་ཡོང་ན་བསམ་པ་དྲན།
རང་མོས་སྙན་ངག་འབྲི་སྲོལ་ནི། རྒྱ་ནག་གི་སྙན་ངག་ལ་དཔེ་བྱས་ཏེ། སྐུ་གཤེགས་དོན་གྲུབ་རྒྱལ་གྱིས་ལང་འཚོའི་བབས་ཆུ་བྲིས་པ་ནས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོར་རློམས་པ་མང་པོས་དོན་ཡོད་མེད་གང་འདོད་དུ་འབྲི་འགོ་བརྩམས་ཤིང་། སྲོལ་རྒྱུན་དང་རང་མོས་སྙན་ངག་དབར་རྩོད་པའང་མང་པོ་བྱུང་ཡོད། མཁས་པ་བགྲེས་པ་མང་པོས་རང་མོས་ལ་དགག་པའང་གནད་དུ་ཁེལ་ཏེ། སྐུ་ཞབས་ཁྲོ་གཏུམ་གྱིས་བྲིས་པའི་རང་མོས་འདིའང་རང་གིས་མོས་པ་གཙོར་གཞག་བྱས་པས། བོད་ཀྱི་སྐད་ཡིག་གི་གཞུང་ལ་མ་བསྟུན་པར་ཤད་གཅིག་རྐྱང་མེད་པ་འདི་མཁས་པ་གོང་མ་གོང་མའི་བཞེད་སྲོལ་དང་མི་མཐུན་ཁར། རིམ་གྱིས་སྐད་ཡིག་ལ་གཏོར་བཤིག་ཐེབས་ཉེན་འདུག ནང་དོན་ཆ་ནས་ཀྱང་རང་གི་ཚོར་བ་རབ་རིབ་བརྗོད་པ་ཙམ་ལས། ཀློག་པ་པོ་མང་པོས་དྭངས་བ་འདྲེན་མ་ཐུབ་པ་སོགས་ཁྱད་ཆོས་ཅང་མི་ལྡན།
ཚོར་བ་ནི་ཚོར་བ་རང་དུ་གྲུབ་འདུག དོན་སྙིང་དེ་ཙམ་མེད་ཀྱང་བརྗོད་སྟངས་དམིགས་གསལ་བ་ཞིག་ཏུ་ངེས། རང་མོས་སྙན་ངག་ཟེར་བའང་ཡིན་མིན་བཤད་དཀའ།