ཤར་ཕྱོགས་ཁུག་རྟ།
བསོད་ནམས་གསེར་གྱི་རི་ལ།།
བདག་པོ་དྲིན་ཆེན་ཨ་མ།།
དགའ་ན་སྐེད་ལ་འཐམས་ས།།
སྡུག་ན་ངུ་ངག་འདོན་ས།།
ཨ་མ་ཨ་སྔོན་གནམ་མཁའ།།
མགོ་ཡི་དབུ་རྭ་ཁྱེད་རེད།།
དྲིན་ཆེན་མཐའ་ཡས་རྒྱ་མཚོ།།
སེམས་ཀྱི་ཟུངས་ཤུགས་ཁྱེད་རེད།།
བྱམས་ཆེན་ཟས་ཀྱིས་བསྐྱངས་ལ།།
བཟོད་སྲན་འོ་མ་གནང་བའི།།
ཨ་མ་སྙིང་ཆུང་དམར་པོ།།
ཡ་ཆུང་ཁོག་གི་སྲོག་ཡིན།།
དཀའ་ན་རང་གིས་འཁུར་ཞིང།།
སྐྱིད་པོ་བུ་ལ་གནང་བའི།།
ཨ་མ་རི་རྒྱལ་ལྷུན་པོ།།
བཀྲ་ཤིས་ཚེ་རིང་ལོ་བརྒྱ།།
དཀའ་ན་རང་གིས་འཁུར་ཞིང།།
སྐྱིད་པོ་བུ་ལ་གནང་བའི།།
ཨ་མ་རི་རྒྱལ་ལྷུན་པོ།།
བཀྲ་ཤིས་ཚེ་རིང་ལོ་བརྒྱ།།
ཚིག་བཅད་འདི་ཡག་པོ་ཞེ་དྲག་འདུག
ཤོ་ལེ་ཀ་རེ་རེ་ལ་ཉུང་མཐར་ཡིག་ནོར་རེ་བཞག་པ་ཡང་བུ་ཆུང་ན་སོ་མ་ལོན་པའི་རྟགས་ཡིན་ན་རེད། ཨ་མ་དྲིན་ཆེན་མས་བུ་ཆུང་རེ་ལ་སྐྱིད་པའི་བྱིས་དུས་རེ་སྦྱིན་ཡོད་པས་བྱམས་བརྩེ་བ་ཆེ་ལ་བུ་ཕྲུག་ལ་བསམ་ཤེས་ཡོད་པའི་མ་ལོ་ཤེས་ལྡན་མ་གང་མང་ཡོང་བའི་སྨ྄ོན་འདུན་ཞུ།
ཨ་མ་སྐེད་ལ་འཐམ་ས་ཡིན། འདི་འདྲ་ཞིག་ད་སྔར་གོ་རིག་མ་མྱངས། ཡི་གེ་བ་ཟེར་ན་འདི་འདྲ་རེད། ཨ་ལ་ལ། ཧ་ཧ་ཧ།
འོ་རེད། ལོ་བཅོ་བརྒྱད་ཡོལ་ཚར་སོང་ན། ཨ་མའི་སྐེད་ལ། འཐམ་བདེ་པོ་རང་ཡོད་མ་རེད། ཧ་ཧ། ཀུ་རེ་ཡིན་ནོ།།
པེ་ཅིན་གསེར་གྱི་རི་ལ།།
ཁུག་རྟས་གཤོག་རྩལ་ངོམ་སོང་།།
འཐབ་ཕྱོགས་གྱུར་ཁང་གི།།
མ་བོས་མགྲོན་པོ་ཡིན་སོང་།།
རྒྱ་དམར་གཞུང་ཚབ་ཁང་ལ།།
བློ་སྙིང་བྲང་གསུམ་གཏད་ནས།།
རྒྱ་དར་དམར་བོའི་དྲིན་གྱིས།།
རྒྱ་ལ་ལས་རོགས་ཉན་སོང་།།
དྲིན་ཆེན་ཨ་མ།
ས་ཆེན་མ་ཡུམ།
ཨ་མའི་བརྩེ་བ།
ས་མའི་འབྲུ་སྣ།