རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་ཚོར་གསུང་བཤད་གནང་བ། Posted on 2015-04-112015-04-11 By ཁ་བརྡ་ 16 Comments on རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་ཚོར་གསུང་བཤད་གནང་བ། གློག་བརྙན་།
ཀརྨ་པ་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ། དུས་ཐོག་ཆར་བ་ལྟ་བུའི་གསུང་བཤད་དགོས་མཁོ་ཅན་ཞིག་རེད། བོད་རིགས་ཚོར་སྤྱི་སྨན་གྱི་གསུང་བཤད་ཐད་ཀར་གནང་བར་ཐུགས་རྗེ་ཆེ་ཞུ། མཛད་འཕྲིན་གོང་ནས་གོང་དུ་རྒྱས་པར་སྨོན།
རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་བཤད་ཡིད་ཚིམས་པ་ཞིག་གནངས་སོང་། དངོས་གནས་མ་འོང་པར་༧གོང་ས་མཆོག་གི་སྐུ་ཚབ་ཚད་ལྡན་ཞིག་ཡོང་ས་རེད་སྙམ་པ་འདུག རྒྱལ་བ་ཀརྨ་པ་སྐུ་ཚེ་ཞབས་པད་བརྟན་པར་སྨོན། །
རྒྱལ་བ་ཀརྨ་པ་མཆོག་གི་བསམ་གཞིགས་གནང་སྟངས་དང་།བཀའ་སློབ་གསུངས་སྟངས་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཞེ་དྲག་ཕྱིན་འདུག་པས་བཀའ་དྲིན་ཆེ་ཞུ་གི་ཡིན།
སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་གི་བོད་མི་རིགས་ཀྱི་བསམ་བློ་དང་། དད་པ་དམ་ཚིག་གྱི་རལ་གྲི་ཕྱར་བའི་འཇམ་པའི་དབྱངས་ལྟ་བུའི་བླ་དཔོན་ཚོའི་བྲན་གཡོག་ཏུ་གྱུར་པའི་མི་རིགས་ཤིག་ལ་མཚོན་ན་རང་དབང་དམངས་གཙོ་ལ་ལོངས་སྤྱོད་ཟེར་བ་ནི་ལམ་ཐག་རིང་པོ་རེད་འདོད། རང་དབང་ཐམས་ཅད་བདེ་བ་དང་གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་པའི་ལུགས་སུ་བྱས་ན་མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་གྱུར་ཅིག་ཅེས་པ་དངོས་བདེན་ཡིན་ན་རང་དབང་དམངས་གཙོ་ལ་ལོངས་སྤྱོད་བཅུག་དགོས་པ་ནི་བདེ་སྐྱིད་རྩ་བ་ལ་ཐུག་ཡོད། བོད་མི་རིགས་ཀྱི་བསམ་བློའི་རང་དབང་སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་ནས་གློད་བཀྲོལ་མ་གཏོང་བར་དུ་བཀའ་བཀོད་རྒྱུད་འཛིན་གྱི་དམངས་གཙོ་ཙམ་ལས་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་ཐུབ་པའི་རེ་བ་མི་འདུག དོན་དམ་པའི་བོད་མི་རིགས་ཀྱི་བདེ་སྐྱིད་བསམས་ན་བོད་མི་རིགས་སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་ནས་གློད་བཀྲོལ་གཏོང་དགོས། བོད་མི་རིགས་སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་ནས་གློད་བཀྲོལ་བཏང་བ་ཡིན་ན་སྲོལ་རྒྱུན་རིག་པའི་ཞིང་ནས་སྐྱེས་ཤིང་རྨོངས་དད་ཀྱི་ཐོག་ཏུ་རྐང་པ་བཙུགས་ནས་ལངས་ཡོད་པའི་བླ་དཔོན་ཚོའི་གོ་གནས་ཤོར་གྱི་ཡིན་པ་ནི་གསལ་པོ་རེད། བླ་དཔོན་ཚོའི་གོ་གནས་གཙོ་བོ་འཛིན་ནམ་མི་དམངས་ཀྱི་བདེ་སྐྱིད་གཙོ་བོ་འཛིན། འདི་གཉིས་ལ་གདམ་ཀ་རེད། བྱམས་སྙིང་རྗེ་ཅན་ཚོས་མི་དམངས་ཀྱི་རང་དབང་བསམས་ན་སྲོལ་རྒྱུན་རིག་པའི་བཙོན་ནས་གློད་བཀྲོལ་གཏོང་རོགས་བྱོས་ཅེས་་་་རེ་འབོད་བྱེད་བཞིན་ཡོད། མི་རབས་ནས་མི་རབས། ལོ་རབས་ནས་ལོ་རབས། ལོ་ངོ་སྟོང་ཕྲག་གི་རིང་དུ་སྲོལ་རྒྱུན་རིག་པའི་བཙོན་དུ་ཚུད་པའི་བོད་མི་རིགས་ལ་སྙིང་རྗེ་གནང་རོགས་བྱོས། ང་ཚོ་ཡང་མི་ཡིན། རང་དབང་དམངས་གཙོ་ལ་ལོངས་སྤྱོད་ཡོད།
ཀརྨ་པ་མཆོག་ལ་རེ་བ་ཆེན་པོ་ཡོད། ད་དུང་ཡང་གོང་ནས་གོང་འཕེལ་དང་། ངས་བསམ་ཚུལ་ལ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེའི་སྐུ་མདུན་ནས་མན་ངག་ཟབ་མོ་ད་དུང་ཞུ་ཐུབ་དགོས། ཁྱད་པར་དུ་ཁོང་རྙིང་མའི་བླ་རྒན་རེ་གཉིས་ཅན་བཞུགས་པའི་མདུན་ནས་ངེས་པར་དུ་མན་ངག་ཟབ་མོ་ལོན་ཐུབ་ན་ཤིན་ཏུ་བཟང་། དེ་མ་ཡིན་པར་མི་ཕམ་རིན་པོ་ཆེས་མཛད་གནང་བའི་དབང་སྡུད་གསོལ་འདེབས་ལ་ཁོང་གི་ཁ་སྣོན་ཤོལོཀ་ཁ་ཤས་བཏགས་གནང་འདུག། ཕྱོགས་གཅིག་ནས་ལས་ལྷ་མོ་ཡིན་ཀྱང་། ཕྱོགས་གཅིག་ནི་རང་ཉིད་འདི་བཞིན་ཁྲིད་དང་ལུང་ངེས་པར་དུ་བཞུགས་ཡོད་ཚོད་ཆེ། མཁན་ཆེན་ཡིད་བཞིན་ནོར་བུ་སྒར་ནས་ཐོག་མཐའ་བར་གསུམ་གསུང་རྒྱུ་གཞི་མ་དེ་གསོལ་འདེབས་འདི་ཡིན་པས། ཁོང་ཡབ་རྗེ་དམ་པ་དབུས་བུ་སློབ་སེང་གེ་ལྟ་བུས་རྣམས་ཀྱིས་ཞབས་བཏགས་མཛད་མི་འདུག གང་ལྟར་སྔ་འགྱུར་ཆོས་ལ་མོས་ན་བཤེས་གཉེན་ལ་བརྟེན་ཐུབ་པ་གནང་རོག་ངས་བསམ་ཚུལ་ཡིན། དེ་ག་ནང་བཞིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་སོགས་ལས་གསན་པར་མཛད་ན་བཟང་།
གང་ལྟར་བཀའ་སློབ་གནང་སྟངས་ཡར་རྒྱས་ཞེ་དྲག་ཕྱིན་འདུག མ་ཟད། སྤྱི་དོན་དང་ཆིག་སྒྲིལ། བོད་མིའི་སྐད་ཡིག་ཕྱོགས་ནས་བཀའ་སློབ་གཟབ་ནན་གནང་བ་དགའ་བས་བསུ།
གོང་གི་ཅོས་རུ་ཉི་མའི་ཤས་བཏང་བྱས་ན་ལོ་ངོ་བཅུའི་རིགས་གནས་རྗེའི་ལས་འགུལ་དེ་འདྲ་གཅིག་སླར་ཡང་ཡོང་དགོས་གི་ཡོད་པ་འདྲ་ རིགས་གནས་གསར་རྗེའི་སྐབབོད་དང་རྒྱ་ནག་རྒྱལ་ཡོང་ལ་སྲོལ་རྒྱུན་ཡོད་ཚད་རྩ་མེད་བཟོས་པ་རེད་ཐ་མ་དེར་མི་མང་ཆེ་བ་དབུལ་པོར་རྒྱུར་ནས་ཏོག་ཤི་྄ཐེབ་པ་ནི་གྲང་ལས་འདས་་དེའི་རྗེད་འུ་ཐུགས་ནས་རྒྱུར་བཅོས་འགོ་དབྱེ་བྱས་ནས་ད་བར་སྲོལ་རྒྱུན་དང་དེང་དུས་ཟོང་འབྲེལ་ལ་འབས་གཙོན་བྱེད་བཞིན་མ་ཡིན་ནམ།
གསུངས་པ་ལེགས། ཐུགས་རྗེ་ཆེ། དེ་ལྟ་བུའི་ཐུགས་བསྐྱེད་ལ་ཕྱར་བ་གྲུ་འདེགས་ལོས་བྱེད། འོན་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྐྱར་གསོ་མི་གནང་བར་གསོལ་བ་འདེབས། དེ་བཞིན་གྲྭ་བས་དབང་བསྒྱུར་གྱི་བྱེད་ཕྱོགས་ཀྱང་མཚམས་འཇོག་དགོས་པའི་དུས་ལ་བབ་པ་རེད་སྙམ། ཆོས་སྲིད་སོ་སོ་བྱས་ན་ཆོས་དང་ཆོས་པར་མཐོང་ཆེན་དང་། དཀོན་པའི་ནོར་བུ་མཚན་དོན་མཐུན་པ་འབྱུང་བ་སྨྲོས་མེད་ལེགས་སོ། །
༼ས་དགེ་བཀའ་རྙིང་དང་། ཇོ་ནང་དང་། བོན་པོ་ཟེར་ཡ་འདྲ་པོ།༽ འོ་ཡ་ད། དག་ཡིག་ནང་དུ། དང་སྒྲ་འབྱེད་སྡུད་ཚེ་སྐབས་དང་། རྒྱུ་མཚན་གདམ་ང་སྟོན་ལ་འཇུག ། གསུངས་ཡོད་བསམ་སོང་། ད་བཀའ་སློབ་འདིའི་ནང་གི་དང་སྒྲ་གཉིས་དེ་འབྱེད་བྱེད་ཡིན་ནམ་སྡུད་བྱེད་ཡིན། སྡུད་བྱེད་ཡིན་ན་ནི་སྐྱོན་མི་འདུག ཚང་མ་ཟེར་ཡ་འདྲ་པོ་ཡིན་པ་རེད། འབྱེད་བྱེད་ཡིན་ན་ནི་ཡང་ག་འདྲ་ག་འདྲ་ཡིན་ནམ། གཅིག་རང་ཟེར་ཡ་འདྲ་པོ་ཆགས་འགྲོ་ས་མ་རེད་དམ། །
ཀརྨ་པ་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ། དུས་ཐོག་ཆར་བ་ལྟ་བུའི་གསུང་བཤད་དགོས་མཁོ་ཅན་ཞིག་རེད། བོད་རིགས་ཚོར་སྤྱི་སྨན་གྱི་གསུང་བཤད་ཐད་ཀར་གནང་བར་ཐུགས་རྗེ་ཆེ་ཞུ། མཛད་འཕྲིན་གོང་ནས་གོང་དུ་རྒྱས་པར་སྨོན།
དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་། ཁ་བརྡར་བཀའ་དྲིན་ཆེ་ཞེས་ཞུའོ།།
རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་བཤད་ཡིད་ཚིམས་པ་ཞིག་གནངས་སོང་། དངོས་གནས་མ་འོང་པར་༧གོང་ས་མཆོག་གི་སྐུ་ཚབ་ཚད་ལྡན་ཞིག་ཡོང་ས་རེད་སྙམ་པ་འདུག རྒྱལ་བ་ཀརྨ་པ་སྐུ་ཚེ་ཞབས་པད་བརྟན་པར་སྨོན། །
རྒྱལ་བ་ཀརྨ་པ་མཆོག་གི་བསམ་གཞིགས་གནང་སྟངས་དང་།བཀའ་སློབ་གསུངས་སྟངས་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཞེ་དྲག་ཕྱིན་འདུག་པས་བཀའ་དྲིན་ཆེ་ཞུ་གི་ཡིན།
སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་གི་བོད་མི་རིགས་ཀྱི་བསམ་བློ་དང་། དད་པ་དམ་ཚིག་གྱི་རལ་གྲི་ཕྱར་བའི་འཇམ་པའི་དབྱངས་ལྟ་བུའི་བླ་དཔོན་ཚོའི་བྲན་གཡོག་ཏུ་གྱུར་པའི་མི་རིགས་ཤིག་ལ་མཚོན་ན་རང་དབང་དམངས་གཙོ་ལ་ལོངས་སྤྱོད་ཟེར་བ་ནི་ལམ་ཐག་རིང་པོ་རེད་འདོད།
རང་དབང་ཐམས་ཅད་བདེ་བ་དང་གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་པའི་ལུགས་སུ་བྱས་ན་མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་གྱུར་ཅིག་ཅེས་པ་དངོས་བདེན་ཡིན་ན་རང་དབང་དམངས་གཙོ་ལ་ལོངས་སྤྱོད་བཅུག་དགོས་པ་ནི་བདེ་སྐྱིད་རྩ་བ་ལ་ཐུག་ཡོད།
བོད་མི་རིགས་ཀྱི་བསམ་བློའི་རང་དབང་སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་ནས་གློད་བཀྲོལ་མ་གཏོང་བར་དུ་བཀའ་བཀོད་རྒྱུད་འཛིན་གྱི་དམངས་གཙོ་ཙམ་ལས་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་ཐུབ་པའི་རེ་བ་མི་འདུག དོན་དམ་པའི་བོད་མི་རིགས་ཀྱི་བདེ་སྐྱིད་བསམས་ན་བོད་མི་རིགས་སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་ནས་གློད་བཀྲོལ་གཏོང་དགོས།
བོད་མི་རིགས་སྲོལ་རྒྱུན་རིག་པའི་བཙོན་ཁང་ནང་ནས་གློད་བཀྲོལ་བཏང་བ་ཡིན་ན་སྲོལ་རྒྱུན་རིག་པའི་ཞིང་ནས་སྐྱེས་ཤིང་རྨོངས་དད་ཀྱི་ཐོག་ཏུ་རྐང་པ་བཙུགས་ནས་ལངས་ཡོད་པའི་བླ་དཔོན་ཚོའི་གོ་གནས་ཤོར་གྱི་ཡིན་པ་ནི་གསལ་པོ་རེད། བླ་དཔོན་ཚོའི་གོ་གནས་གཙོ་བོ་འཛིན་ནམ་མི་དམངས་ཀྱི་བདེ་སྐྱིད་གཙོ་བོ་འཛིན། འདི་གཉིས་ལ་གདམ་ཀ་རེད། བྱམས་སྙིང་རྗེ་ཅན་ཚོས་མི་དམངས་ཀྱི་རང་དབང་བསམས་ན་སྲོལ་རྒྱུན་རིག་པའི་བཙོན་ནས་གློད་བཀྲོལ་གཏོང་རོགས་བྱོས་ཅེས་་་་རེ་འབོད་བྱེད་བཞིན་ཡོད།
མི་རབས་ནས་མི་རབས། ལོ་རབས་ནས་ལོ་རབས། ལོ་ངོ་སྟོང་ཕྲག་གི་རིང་དུ་སྲོལ་རྒྱུན་རིག་པའི་བཙོན་དུ་ཚུད་པའི་བོད་མི་རིགས་ལ་སྙིང་རྗེ་གནང་རོགས་བྱོས། ང་ཚོ་ཡང་མི་ཡིན། རང་དབང་དམངས་གཙོ་ལ་ལོངས་སྤྱོད་ཡོད།
རང་དབང་དམངས་གཙོ་ལ་ལོངས་སྤྱོད་འདོད་ཡོད།་་་ཅེས་བཅོས།
ཨ་ལས། ཅོ་ཅོ་རི་གཅིག་པུ། སྲོལ་རྒྱུན་ག་ར་ས་དེའི་བཙོན་ཁང་ཐར་ཚར་པ་འདྲ། ཧཧཧ།། །།
སྐྱབས་སུ་མཆི། མ་འོང་པར་གོང་ས་མཆོག་གི་རྒྱལ་ཚབ་ནི་ཁོང་ཁོ་ན་རེད།
ཀརྨ་པ་མཆོག་ལ་རེ་བ་ཆེན་པོ་ཡོད། ད་དུང་ཡང་གོང་ནས་གོང་འཕེལ་དང་། ངས་བསམ་ཚུལ་ལ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེའི་སྐུ་མདུན་ནས་མན་ངག་ཟབ་མོ་ད་དུང་ཞུ་ཐུབ་དགོས། ཁྱད་པར་དུ་ཁོང་རྙིང་མའི་བླ་རྒན་རེ་གཉིས་ཅན་བཞུགས་པའི་མདུན་ནས་ངེས་པར་དུ་མན་ངག་ཟབ་མོ་ལོན་ཐུབ་ན་ཤིན་ཏུ་བཟང་། དེ་མ་ཡིན་པར་མི་ཕམ་རིན་པོ་ཆེས་མཛད་གནང་བའི་དབང་སྡུད་གསོལ་འདེབས་ལ་ཁོང་གི་ཁ་སྣོན་ཤོལོཀ་ཁ་ཤས་བཏགས་གནང་འདུག། ཕྱོགས་གཅིག་ནས་ལས་ལྷ་མོ་ཡིན་ཀྱང་། ཕྱོགས་གཅིག་ནི་རང་ཉིད་འདི་བཞིན་ཁྲིད་དང་ལུང་ངེས་པར་དུ་བཞུགས་ཡོད་ཚོད་ཆེ། མཁན་ཆེན་ཡིད་བཞིན་ནོར་བུ་སྒར་ནས་ཐོག་མཐའ་བར་གསུམ་གསུང་རྒྱུ་གཞི་མ་དེ་གསོལ་འདེབས་འདི་ཡིན་པས། ཁོང་ཡབ་རྗེ་དམ་པ་དབུས་བུ་སློབ་སེང་གེ་ལྟ་བུས་རྣམས་ཀྱིས་ཞབས་བཏགས་མཛད་མི་འདུག གང་ལྟར་སྔ་འགྱུར་ཆོས་ལ་མོས་ན་བཤེས་གཉེན་ལ་བརྟེན་ཐུབ་པ་གནང་རོག་ངས་བསམ་ཚུལ་ཡིན། དེ་ག་ནང་བཞིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་སོགས་ལས་གསན་པར་མཛད་ན་བཟང་།
ཐུགས་རྗེ་ཆེ
གང་ལྟར་བཀའ་སློབ་གནང་སྟངས་ཡར་རྒྱས་ཞེ་དྲག་ཕྱིན་འདུག མ་ཟད། སྤྱི་དོན་དང་ཆིག་སྒྲིལ། བོད་མིའི་སྐད་ཡིག་ཕྱོགས་ནས་བཀའ་སློབ་གཟབ་ནན་གནང་བ་དགའ་བས་བསུ།
ལུང་རྟོགས་ལགས། མ་འོངས་པར་ཀརྨ་པས་ཆོས་བརྒྱུད་བཞི་ཀ་ཁོང་གི་འོག་ལ་བསྡུ་བགྱི་རེད།
གོང་གི་ཅོས་རུ་ཉི་མའི་ཤས་བཏང་བྱས་ན་ལོ་ངོ་བཅུའི་རིགས་གནས་རྗེའི་ལས་འགུལ་དེ་འདྲ་གཅིག་སླར་ཡང་ཡོང་དགོས་གི་ཡོད་པ་འདྲ་ རིགས་གནས་གསར་རྗེའི་སྐབབོད་དང་རྒྱ་ནག་རྒྱལ་ཡོང་ལ་སྲོལ་རྒྱུན་ཡོད་ཚད་རྩ་མེད་བཟོས་པ་རེད་ཐ་མ་དེར་མི་མང་ཆེ་བ་དབུལ་པོར་རྒྱུར་ནས་ཏོག་ཤི་྄ཐེབ་པ་ནི་གྲང་ལས་འདས་་དེའི་རྗེད་འུ་ཐུགས་ནས་རྒྱུར་བཅོས་འགོ་དབྱེ་བྱས་ནས་ད་བར་སྲོལ་རྒྱུན་དང་དེང་དུས་ཟོང་འབྲེལ་ལ་འབས་གཙོན་བྱེད་བཞིན་མ་ཡིན་ནམ།
གསུངས་པ་ལེགས། ཐུགས་རྗེ་ཆེ། དེ་ལྟ་བུའི་ཐུགས་བསྐྱེད་ལ་ཕྱར་བ་གྲུ་འདེགས་ལོས་བྱེད། འོན་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྐྱར་གསོ་མི་གནང་བར་གསོལ་བ་འདེབས། དེ་བཞིན་གྲྭ་བས་དབང་བསྒྱུར་གྱི་བྱེད་ཕྱོགས་ཀྱང་མཚམས་འཇོག་དགོས་པའི་དུས་ལ་བབ་པ་རེད་སྙམ། ཆོས་སྲིད་སོ་སོ་བྱས་ན་ཆོས་དང་ཆོས་པར་མཐོང་ཆེན་དང་། དཀོན་པའི་ནོར་བུ་མཚན་དོན་མཐུན་པ་འབྱུང་བ་སྨྲོས་མེད་ལེགས་སོ། །
༼ས་དགེ་བཀའ་རྙིང་དང་། ཇོ་ནང་དང་། བོན་པོ་ཟེར་ཡ་འདྲ་པོ།༽ འོ་ཡ་ད། དག་ཡིག་ནང་དུ། དང་སྒྲ་འབྱེད་སྡུད་ཚེ་སྐབས་དང་། རྒྱུ་མཚན་གདམ་ང་སྟོན་ལ་འཇུག ། གསུངས་ཡོད་བསམ་སོང་། ད་བཀའ་སློབ་འདིའི་ནང་གི་དང་སྒྲ་གཉིས་དེ་འབྱེད་བྱེད་ཡིན་ནམ་སྡུད་བྱེད་ཡིན། སྡུད་བྱེད་ཡིན་ན་ནི་སྐྱོན་མི་འདུག ཚང་མ་ཟེར་ཡ་འདྲ་པོ་ཡིན་པ་རེད། འབྱེད་བྱེད་ཡིན་ན་ནི་ཡང་ག་འདྲ་ག་འདྲ་ཡིན་ནམ། གཅིག་རང་ཟེར་ཡ་འདྲ་པོ་ཆགས་འགྲོ་ས་མ་རེད་དམ། །
རྒྱལ་དབང་ཀརྨ་པ་མཆོག་སྐུ་ཚེ་བརྟན་ཅིང་བཞེད་དོན་ཡིད་བཞིན་དུ་འགྲུབ་པར་ཤོག