ཡོང་ཁུངས། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ངོ་དེབ།
ཕྱི་ལོ་༢༠༡༥ ལོར་ནིའུ་ཡོག་ཏུ་གསུམ་བཅུའི་དུས་དྲན་ལ་སྲུང་བརྩི་ཞུས་པའི་གནད་དོན་སྐོར་གྱི་གསལ་བསྒྲགས།
ཕྱི་ལོ་༢༠༡༥ ཟླ་༤ ཚེས་༣ ཉིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུས་དཀར་ཚང་སྐལ་རྡོར་ལགས་དང་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་བཅས་ཀྱི་ལྷན་དུ་ནིའུ་ཡོག་དང་ནིའུ་རྗིར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་རིའི་བོད་ཀྱི་མཐུན་གྲོགས་ཚོགས་པ་བཅས་ཀྱི་འཐུས་ཚབ་མཉམ་ཞུགས་ཡོད་པའི་ལྷན་ཚོགས་གནང་ཞིང་།
ལྷན་འཛོམས་གནང་བའི་དགོས་དོན་ནི་ཉེ་ཆར་ནིའུ་ཡོག་ཏུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུ་སྐབས་བྱུང་བའི་གནད་དོན་རྣམས་བསླབ་བྱ་རུ་བླངས་ནས། མ་འོངས་པར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་སོགས་ལ་སྨན་སླད་མཉམ་རུབ་ཀྱི་ཐོག་ནས་ཞུ་སྒོའི་སྐོར་གྲོས་བསྡུར་ལྷུག་པོ་དང་གསང་པོ་ཞུས་ཏེ་གཤམ་འཁོད་དོན་གནད་ཁག་གི་ཐོག་སྤྱི་མོས་བྱུང་བའི་ཡོངས་ཁྱབ་ཞུ་རྒྱུ།
དོན་ཚན་དང་པོ།
འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩི་གོ་སྒྲིག་ཞུ་ཕྱོགས་ཐད་ནིའུ་ཡོག་དང་ནིའུ་རྗིར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་དེ་མིན་ཚོགས་པ་ཁག་ནས་འབད་བརྩོན་ཇི་གནང་ལ་ཡི་རངས་བསྔགས་བརྗོད་ཡོད་ལ། གོ་སྒྲིག་གནང་མཁན་ཚོའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཞི་རྩིར་བཞག་པར་ངོས་འཛིན་གསལ་བོ་ཞུ་གི་ཡོད། དུས་དྲན་གོ་སྒྲིག་ཞུ་ཕྱོགས་ཀྱི་འཆར་གཞི་དང་མང་ཚོགས་ལ་སྔོན་ཚུད་ནས་བརྡ་ཁྱབ་གནང་རྒྱུ་སོགས་ཐག་གཅོད་ཐ་དག་མང་གཙོའི་ལམ་སྲོལ་བཞིན་མང་མོས་ཐོག་ནས་མོས་མཐུན་བྱུང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཐོག་དུས་དྲན་སྲུང་བརྩིའི་ནང་མཉམ་ཞུགས་བྱེད་མཁན་ཡང་ཕོན་ཆེན་བྱུང་བར་ལེགས་བརྗོད་ཞུ་རྒྱུ་ཡིན།
དོན་ཚན་གཉིས་པ།
མ་འོངས་པར་གསུམ་བཅུའི་དུས་དྲན་གཞུང་འབྲེལ་གྱི་རྣམ་པ་ཐོན་པའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་གཙོ་གནད་ཆེ་བའི་ཆ་ཤས་ཤིག་ལ་བརྩིས་ཏེ། ལས་རིམ་བཟོ་བཀོད་དང་། གཏམ་བཤད་གནང་མཁན་བཅས་ཁྱོན་ཡོངས་ཀྱི་བོད་མིའི་འཐབ་རྩོད་དང་ཆིག་བསྒྲིལ་གྱི་རྣམ་པ་མཚོན་པ་ཞིག་དགོས་རྒྱུ་གལ་གནད་དུ་མཐོང་། གཞུང་འབྲེལ་གྱི་དུས་དྲན་སྲུང་བརྩིའི་མཛད་སྒོ་གྲུབ་མཚམས་སུ་ཁྲོམ་སྐོར་སྐད་འབོད་སོགས་ལ་བཀོད་བྱུས་སྟངས་འཛིན་རིགས་བྱ་ཐབས་དཀའ་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
དོན་ཚན་གསུམ་པ།
གོ་སྒྲིག་བྱེད་མཁན་ཚོས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་མ་སྤེལ་གོང་ནས་ཕྲེད་དར་དང་སྦྱར་ཡིག་ཁག་གཅིག་གྱུར་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་དང་། དགོས་གལ་གྱུར་ཚེ་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་དང་པོའི་ནང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྡི་ལིར་སྤེལ་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་སྐབས་བེད་སྤྱོད་གནང་བའི་ཕྲེད་དར་དང་བརྗོད་ཚིག་ཁག་ནས་དཔེ་ལེན་ཆོག་རྒྱུ་དང་། དུས་དྲན་སྐབས་སུ་འབོད་ཚིག་བེད་སྤྱོད་གནང་ཕྱོགས་ཐད་མང་ཚོགས་སྤྱི་ཡོངས་ཀྱི་བསམ་ཚུལ་དང་མཐུན་པ་བྱེད་ན་འཐུས་རྒྱུ།
དོན་ཚན་བཞི་པ།
བློ་ཕམ་གྱི་རང་བཞིན་ཞིག་ལ་གསུམ་དུས་སྐབས་མི་སྣ་རེ་ཟུང་གིས་གསུམ་དུས་སྒེར་ལངས་ཁྲོམ་སྐོར་སྐད་འབོད་ལ་དོ་ཕོགས་གཏོང་ཐབས་བྱས་པ་དང་། སྐབས་དེར་བྱུང་བའི་ལབ་གླེང་ཕྲན་བུ་རིགས་སྤྱི་ཚོགས་དྲ་རྒྱའི་ནང་བརྒྱུད་སྤེལ་བྱས་པ་ནི་སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་མེད་པའི་བྱ་སྤྱོད་རིགས་ལ་བློ་ཕམ་བྱུང་དོན། ང་ཚོས་ཚང་མར་འབོད་སྐུལ་ཞུ་རྒྱུར། གནས་ཚུལ་གང་འདྲ་ཞིག་བྱུང་བ་ཡིན་རུང་གདོང་དང་གདོང་ཐུག་ནས་བཤད་རེས་བྱ་རྒྱུ་དེ་བརྒྱུད་ལམ་ཡག་ཤོས་ཤིག་ཡིན་པར་ངོས་འཛིན་ཞུ་གི་ཡོད།
དོན་ཚན་ལྔ་པ།
སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ནི་ལག་ཆ་བཟང་པོ་ཞིག་ཡིན་པ་དེ་ལྟར་ཡང་། འདི་ལོའི་གནས་ཚུལ་དེ་འགན་འཁུར་མེད་པའི་ཐོག་ནས་སྤྱི་སྒེར་མི་སྣའི་བར་གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་དམའ་འབེབས་བྱེད་རེས་བྱས་པའི་ངན་འབྲས་མིག་མཐོང་ལག་ཟིན་ལ་བརྟེན། སླད་ཕྱིན་ཚོགས་སྡེ་ཁག་གི་འགན་འཁུར་མི་སྣའི་ངོས་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་མཁེ་ཉེན་མ་འཛོལ་པ་གནང་གལ་ནན་བརྗོད་བྱ་རྒྱུ་ཡིན།
དོན་ཚན་དྲུག་པ།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དེ་ནེའུ་ཡོག་དང་ནེའུ་རྗིར་སི་བོད་རིགས་མང་ཚོགས་ནས་འོས་འདེམས་བྱས་པའི་སྒྲིག་འཛུགས་ཆེ་ཤོས་ཤིག་ཡིན་པས། མ་འོངས་གསུམ་བཅུའི་དུས་དྲན་གོ་སྒྲིག་ཞུ་སྐབས་བོད་རིགས་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་འོག་ཏུ་གོང་གསལ་དོན་ཚན་ལྔ་པོ་གཞིར་བཞག་ཚོགས་པ་ཚང་མས་མཉམ་རུབ་གནང་རྒྱུ་མོས་མཐུན་བྱུང་།
དོན་ཚན་བདུན་པ།
གསུམ་བཅུའི་དུས་དྲན་གཙོ་བོར་གྱུར་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཕྱོགས་ཐད་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་ཞུ་རྒྱུ་བཅས། གོང་གསལ་དོན་ཚན་ཁག་མ་འོངས་གསུམ་བཅུའི་དུས་དྲན་གོ་སྒྲིག་ཞུ་ཕྱོགས་ཀྱི་ལམ་སྟོན་གྱི་ཚུལ་དུ་བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་ཚོགས་པ་གཞན་ནས་ལག་སྟར་ཡོང་བ་ཞུ། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༥ ཟླ་ ༤ ཚེས་ ༡༠ །
དོན་དག་བྱུང་ན་འབྲེལ་ཡོད་མི་སྣས་གསལ་བཤད་དང་ཁེག་ཐེག་དང་སྐྱོན་བརྗོད་བྱེད་པ་ལས་རྩ་དགོངས་ཞུས་ན་བཟང་། གང་ཡིན་ཟེར་ན་དེ་ནི་འཕེལ་རྒྱས་དང་གསོན་ལམ་ཉག་ཅིག་ཡིན་པས་སོ།
དོན་གཅོད་དྲང་མོ་མི་འདུག ཕྱོགས་རིས་ཏག་ཏག་་་་་་ད་བོད་མིའི་འཐབ་རྩོད་ཚར་སོང་ཟིག་་་
དོན་གཅོད་འདི་མི་བཀྲ་མ་ཤིས་བ་ཞིག་རེད་འདུག་ མགོ་སྐོར་ཚང་མིང་དོན་མཚུངས་པ་རང་རེད་ཤག
སྤྱི་ཚོགས་ཆུང་ཆུང་འདི་འགོ་ཁྲིད་བྱེད་རྒྱུ་ཧ་ཅང་གི་དཀའ་ལས་མི་འདུག་གམ། མི་དམངས་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པས་སྐྱོན་རེད། བོད་རྒྱ་ཆེ་མི་དམངས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་རེད། དེས་སྟབས་ཀྱིས་སྐད་འབོད་སོགས་ཀྱང་དེ་ལུགས་དགོས་རྒྱུ་རེད། །
སུམ་དུས་ནི་བོད་མི་སོ་སོས་སྒེར་ལངས་བྱས་བའི་ཉིན་མོ་ཞིག་དང་། དེ་ནི་ཚོགས་པ་གཅིག་དང་སྤྱི་མོས་ཀྱི་ལམ་ཞིག་ལ་འགྲོ་དགོས་བ་ཞིག་མིན། སྐད་འབོད་ག་འདྲ་བྱེད་ན་ཡང་སྒེར་ལངས་བྱེད་མི་ཆོག་པ་དང་མ་བྱས་བ་དེ་འདྲ་གང་ཡང་མ་རེད། བྱེད་དགོས་བ་ཞིག་རེད། འདི་ནི་སྔ་མའི་གནད་དོན་གྱི་ཉིན་མོ་ཡིན།
ཉིན་མོ་འདི་ནི་སྒེར་རེ་རེ་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ལས། དགྱ་ཀོང་ཁྲན་ལ་ཁ་མཐུན་བྱས་ནས་འགྲོ་དགོས་བ་ཞིག་མིན་ལ། བྱེད་དགོས་བ་ཞིག་ཡང་མིན།
འདི་བོད་རང་བཙན་མ་ཐོབ་བར་དུ། སྒེར་སོ་སོས་སྐད་འབོད་དང་ངུ་འབོད་ག་འདྲ་བྱས་ནས་འགྲོ་དགོས་བ་ཞིག་དང་། བོད་རྒྱལ་ཁབ་ཐོབ་ཉིན། སྒེར་སོ་སོས། མི་རབས་ཚ་རྒྱུད་ལ་བཤད་དགོས་བའི་མོས་པོའི་འཐབ་རྩོད་ཀྱི་དཔའ་རྔམ་དང་དྲན་གསོའི་ཉིན་མོ་ཞིག་ཡིན་དགོས་པས། དུས་བབ་དང་ཆབ་སྲིད་ཀྱི་ངོ་བོ་འགྱུར་ཕྱོགས་ཀྱིས་མེད་པར་བཟོ་ཆོག་པ་དང་། རྗེད་དུ་འཇུག་ཆོག་པའི་ཉིན་མོ་ཞིག་རྩ་བ་ནས་མིན།
འཇིག་རྟེན་འདི་ནས་བོད་རིགས་རྐང་གཅིག་ལས་མ་ལྷག་ན་ཡང་། འདི་ནི། བོད་མིའི་སྒེར་ལངས་ཀྱི་ཉིན་མོ་ཡིན་པ་ཤེས་བས་མ་ཚད། སྲུང་འཛིན་བྱེད་པའི་སྙིང་སྟོབས་ཡོད་དགོས།
འདི་ནི་སྔ་མིའི་རེ་བ་སྒྲུབ་སྤྱད་ལས། ད་ལྟའི་དགེ་བ་སྒྲུབ་སྤྱད་ཞིག་ལ་རྩ་བ་ནས་གཏོང་མི་ཉན།
དགྱ་མགོ་ཕམ་པར་རྒྱོབ། བོད་འཕང་དར་བར་ཤོག།
གོང་གི་དོན་ཚན་ཚང་མ་སྐྱོན་ཅན་རེད། སྐྱག་པའི་སྒང་ལ་ས་ནག་བཀབ་པ་ཙམ་རེད། གཞོན་གཞོན་ཚོས། ཤུགས་རྒྱོབ་ཤོག
ད་ཕན་འཐབ་རྩོད་གང་ཡིན་ཡང་གཞུང་ལས་སྒེར་ངོས་དང་་་ཚོགས་པ་བྱེ་བྲག་པས་བྱེད་མི་ཆོག་པ་ཏན་ཏན་རེད་་་་དབུ་སྐོར་ཚང་་་་་་་་་་་སྐྱོ་བ་ལ་་་་་་
ཨ་རིའི་བོད་མི་ཚོ་གསུམ་བཅུ་དུས་དྲན་ནག་གསུབ་གཏོང་བའི་དབང་ཆ་མེད། གང་ཡིན་ཞེ་ན་རྡ་ས་ནས་རྩྭ་བཟང་ས་ལ་བྲོས་འགྲོ་མཁན་རྐྱང་རེད། སྤྱིར་ཕྱི་རྒྱལ་གྱི་བོད་ལ་རེ་བ་མེད་ལ། ནང་སྒོས་ཨ་རི་བ
སུམ་ཅུའི་དུས་དྲན་ནི་ལོ་རྒྱུས་ཀྱི་གནས་བབས་་ལ་དྲན་གསོ་ཞུ་བ་ཞིག་ཡིན་པས་མི་མགོ་བདེ་བ་ཁ་ཤསཀྱི་ཆབ་སྲིད་ཀྱི་ཟློས་གར་འཁྲབ་ས་ཞིག་མིན། དེ་བས་ནེའུ་ཡོག་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཞེས་པ་ཚོགས་པའི་མིང་ཁུར་ནས་བོད་མི་ནང་ཁུལ་ཁ་བྲལ་དུ་གཏོང་མཁན་ཚོའི་འགུལ་བསྐྱོད་ལ་ཡིད་གཟབ་བྱོས།
གོང་དུ་༼མ་འོངས་པར་གསུམ་བཅུའི་དུས་དྲན་གཞུང་འབྲེལ་གྱི་རྣམ་པ་ཐོན་པའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་གཙོ་གནད་ཆེ་བའི་ཆ་ཤས་ཤིག་ལ་བརྩིས་ཏེ།༽ཞེས་བཀོད་པ་ལ་མོས་མཐུན་ནམ་ཡང་མེད།
ཐོག་མར་གསུམ་དུས་ཀྱི་འབྱུང་རྐྱེན་དང་། གསུམ་དུས་བྱུང་སྟངས། དང་བླངས་ལས་འགུལ་བཅས་ཀྱི་བྱུང་རིམ་ལ་དཔྱད་ཞིབ་ཀྱིས་ལོ་རྒྱུས་རང་བཞིན་ཅན་གྱི་བོད་མིའི་སྒེར་ལངས་དེ་མི་མང་སྒེར་ལངས་རང་གི་ངོ་བོའི་ཐོག་འཇོག་གལ་ཆེ།
གཞུང་འབྲེལ་ཞེས་པའི་ཚིག་སྤྱོད་སྟངས་དེས་གཞུང་དེ་གཙོ་བོར་འཁྱེར་བ་དང་སྟབས་བསྟུན། གཞུང་དང་ཆབ་སྲིད་ལྟ་བ་མི་མཐུན་མཁན་དག་ལ་རང་བཞིན་གྱིས་གཅུན་སྟབས་བདེ་རུ་བཏང་བས། གསུམ་དུས་ནི་གཞུང་གི་བཀོད་བྱུས་ཞིག་མ་གཏོགས། མི་མང་སྒེར་ལངས་ཞིག་ནམ་ཡང་ཆགས་མི་ཐུབ།
གང་ལྟར་ཕྱི་ནང་མི་མཚུངས་པའི་མཐོ་རིམ་ལས་སྣེ་སྐོར་ཞིག་གིས་དགོས་ངེས་ཅན་དང་གལ་གནད་ཅན་གྱི་སྐབས་བབ་ལས་དོན་མི་བསྒྲུབ་པར། རྩོད་རྙོག་ལྷག་མ་དང་གལ་ཆུང་རིགས་ཀྱི་ལས་དོན་ཉི་ཚེ་བ་རྐྱང་རྐྱང་སྒྲུབ་སྡོད་པ་འདི་ཇི་འདྲའི་ཐབས་སྐྱོ་བོ་ཞིག་རེད་ཨང་།
སུམ་དུས་དྲན་གསོ་འདི་དང་པོ་བཙན་བྱོལ་དུ་འབྱོར་རྗེས་གཞུང་འབྲེལ་སྲུང་བརྩི་ཞུས་པ་རེད། ག་ལེར་ག་ལེར་གཞུང་གི་འཐབ་རྩོད་ལངས་ཕྱོགས་སྤུ་མདོག་འགྱུར་བ་ནས་བཟུངས་གཞུང་འབྲེལ་མཛད་སྒོ་ཚོགས་ནས་བཀའ་སྤྱི་གཉིས་ཀྱི་གསུང་བཤད་སྒྲོགས་སྦྱངས་བྱེད་པ་ལས། ལས་འགུལ་སྤེལ་ཕྱོགས་མི་དམངས་རང་བཞིན་གྱི་ངོ་བོའི་ཐོག་ནས་སྤེལ་ནས་གཞུང་འབྲེལ་གྱིས་ཐེ་ཇུས་མ་བྱས་པར་རྒྱུན་རིང་སོང་བ་ཨ་རི་དོན་གཅོད་གཙོས་ཚོགས་སྡེ་ཁག་གིས་མི་ཤེས་པ་ཡ་མཚན་མ་རེད་པས།
སུམ་ཅུའི་དུས་དྲན་ནི་ལོ་རྒྱུས་ཀྱི་གནས་བབས་་ལ་དྲན་གསོ་ཞུ་བ་ཞིག་ཡིན་པས་མི་མགོ་བདེ་བ་ཁ་ཤསཀྱི་ཆབ་སྲིད་ཀྱི་ཟློས་གར་འཁྲབ་ས་ཞིག་མིན། དེ་བས་ནེའུ་ཡོག་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཞེས་པ་ཚོགས་པའི་མིང་ཁུར་ནས་བོད་མི་ནང་ཁུལ་ཁ་བྲལ་དུ་གཏོང་མཁན་ཚོའི་འགུལ་བསྐྱོད་ལ་ཡིད་གཟབ་བྱོས། འདི་བདེན་པ་རེད་་་འདོད་་་་་
དབུ་རང་སུ་ཡིན་ན་འདྲ་བོད་པའི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་སུ་ཡིན་ཡང་མཐའ་ཅིག་ཏུ་ངོ་རྒོལ་ཡོད།