ཤར་ཕྱོགས་ཁུག་རྟ།
རི་མཐོན་པོ་གཅིག་དང་མཐོན་པོ་གཉིས།།
རི་མཐོན་པོ་སེ་གུ་བྱ་ཁྱུང་རེད།།
རྫ་བྲག་རིས་མཐུད་ན་ཇེ་མཐོ་རེད།།
སྤྲིན་སྐེད་ལ་དཀྲིས་ན་ཇེ་ཡག་རེད།།
ཡུལ་འཛོམས་པོ་གཅིག་དང་འཛོམས་པོ་གཉིས།།
ཡུལ་འཛོམས་པོ་ཕ་ཡུལ་རེབ་གོང་རེད།།
ནང་མཁས་པ་མང་པས་ཇེ་འཛོམས་རེད།།
མཁས་མིང་དོན་མཚུངས་པས་ཇེ་ཡག་རེད།།
ངོ་མཚར་རོ་གཅིག་དང་མཚར་རོ་གཉིས།།
ངོ་མཚར་རོ་རེབ་གོང་རིག་གནས་རེད།།
ཕྱོགས་ཁྱབ་སྤེལ་བཏང་ན་ཇེ་མཚར་རེད།།
བདག་ཡག་པོ་བརྒྱབ་ན་ཡང་མཚར་རེད།།
གཞས་ཚིག་འདི་རྣམས་རེ་སྐུལ་བཞིན་བྲིས་པ་ཡིན་པས། ཆོག་མཆན་མེད་པར་བླངས་མི་ཆོག