བལ་ཡུལ་དུ་༣༡༠སྔ་མོ་ནས་བོད་མིའི་གཞི་ཆགས་དང་སློབ་གྲ། དགོན་སྡེ་ཁག་གི་བོད་མི་ཚོ་ཉེན་རྟོག་པས་སྐོར་ནས་མཛད་སྒོ་ཚོགས་སར་འགྲོ་རུ་མ་བཅུག་པར་བཀག་ནས་དམ་དྲག་ཤུགས་ཆེན་བྱས་ཡོད་ན་ཡང་བོད་མི་མང་པོས་ཐབས་ཤེས་འདྲ་མིན་བརྒྱུད་ཏེ་མཉམ་དུ་འཛོམས་པ་དང་རྒྱ་ནག་གཞུང་ཚབ་མདུན་སོགས་སུ་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་ཁག་ཁ་ཤས་སྤེལ་ཡོད། སྐབས་དེར་ཉེན་རྟོག་པས་བོད་མི་ལས་འགུལ་བའི་ལག་ནས་བོད་ཀྱི་རྒྱལ་དར་འཕྲོག་པ་དང་མེ་བསྲེགས་བཏང་བ་སོགས་བྱས་ཡོད་ཐོག་ཉུང་མཐར་བོད་མི་༣༠་ཙམ་ཉེན་རྟོག་པས་འཛིན་བཟུང་བྱས་བ་དང་། མི་ཉུང་བ་དྲན་པ་འཐོར་བ་དང་རྨས་སྐྱོན་ཕོག་པ་སོགས་ཡང་བྱུང་འདུག
སྙིང་ན་སའི་བལ་གཞུང་།
མི་རབས་ནས་མེ་རབས་བར་བརྗེད་མི་ཐུབ་པའི་བོད་མི་རིགས་ཀྱི་དགྲ་བོ་ཨང་གཉིས་པ་བལ་པོ་སྐྱག་ཟན་ཚོ་ཡིན།
ད་དུང་དེ་འདྲའི་སྐད་ཆ་བཤད་ན་མི་བཟང་། རྒྱུ་མཚན་ནི་ང་ཚོ་བོད་མི་སྐྱབས་བཅོལ་བ་མུ་མཐུད་ནས་ཡོང་གི་རེད་ལ། ཡོང་ས་ནི་བལ་ཡུལ་ཁོ་ན་བརྒྱུད་དགོས་པས་ཡིན། བོད་མི་སྐྱབས་བཅོལ་བ་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་དགུ་བལ་པོ་བརྒྱུད་ནས་རྒྱ་གར་ལ་ཡོང་དང་ཡོང་བཞིན་པ་མ་ཡིན་ནམ། བོད་མི་སྐྱབས་བཅོལ་བ་ཚོ་གངས་རི་མཐོ་དམན་འདྲ་མིན་དང་ནགས་རི་བྲག་རི་གང་ཞིག་བརྒྱུད་དེ་ཡོང་ནའང་མཐའ་མ་དེར་བལ་ཡུལ་ལ་འབྱོར་དགོས་པ་དང་། དེ་ནས་ད་གཟོད་བོད་ཀྱི་སྣེ་ལེན་ཁང་བརྒྱུད་རྒྱལ་སྤྱིའི་སྐྱབས་བཅོལ་སྣེ་ལེན་ཁང་ངམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཁང་བརྒྱུད་ནས་རྒྱ་གར་དུ་ཡོང་རྒྱུ་ཁོ་ན་ལས་གཞན་ཐབས་ཤེས་མེད་པ་དེ་རེད། དེས་ན་བལ་ཡུལ་ནི་ད་དུང་ཡང་ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོ་སྐྱབས་བཅོལ་དུ་ཡོང་སའི་ླམ་ཀ་བཟང་ཤོས་དང་ལམ་ཁ་ཉག་ཅིག་ཡིན་པས་ན། བལ་ཡུལ་མི་དམངས་དང་ལྷག་པར་དུ་བལ་གཞུང་ལ་རྒྱབ་འགལ་བྱེད་མི་ཉན་ཁོ་ཐག་ཡིན། གོང་དུ་དྲ་གྲོགས་གཉིས་ཀྱིས་སེམས་ཚོར་ཆེན་པོས་མཆན་བུ་བཏབ་པར་ཁག་མི་འདུག་མོད། སེམས་ལ་འཛིན་རྒྱུ་ལས་ཁ་ནས་དེ་འདྲ་བ་མང་པོ་ཕྱི་རུ་བཤད་ན། ཕན་ལས་གནོད་ཆེ་བར་འགྱུར་སྙམ་ན། དེ་བཞིན་དགོངས་མངའ་ཡོང་བ་ཞུ།
དངོས་ཡོད་གནས་ཚུལ་ཐོག་ནས་བཤད་ན། བལ་ཡུལ་ནི་ང་ཚོ་བཙན་བྱོལ་བར་བཀའ་དྲིན་ཆེན་པོ་རེད། ང་ཚོའི་མང་བོ་ཞིག་མུ་མཐུད་དུ་བལ་ཡུལ་ནང་སྡོད་དགོས་པ་རེད། མ་མཐར་ཡང་ཁོ་ཚོས་རྒྱུན་རིང་ལ་བཙོན་དུ་འཛིན་གྱི་མི་འདུག་མོད།
བལ་ཡུལ་ལགས། ང་ཚོ་ཉམ་ཐག་སྐྱབས་བཅོལ་བར་མུ་མཐུད་སྙིང་རྗེ་སྒོམ་རོགས། རོགས་རམ་གནང་རོགས།
རྒྱ་ནག་བཙན་འོག་གི་བལ་ཡུལ་་་་་་་་་་འདི་འདྲ་མི་བྱེད་ཐབས་མེད་་་་་་་་་
སྙིང་རྗེ་བལ་བོའི་སྲིད་གཞུང་མིང་ཁོ་ན་ཙམ་རེད་མ་གཏོགས་དོན་ལ་བོད་ནང་གི་གནས་སྟངས་ཆ་འདྲ་བ་རེད
རྒྱ་གུང་ཁྲན་ལ་སྐྲག་སྐྲག་འདར་འདར་ངང་བསྡད་ཡོད་རེད། བོད་དང་བལ་བོའི་ལས་དབང་།
གོང་དུ་དྲ་གྲོགས་གཉིས་ཀྱིས་གསུངས་པ་བདེན་པ་རེད། ད་དུང་ང་ཚོ་བོད་མི་ཚོ་སྐྱབས་བཅོལ་དུ་ཡོང་སྐབས་བལ་ཡུལ་བརྒྱུད་དགོས་པས་ཐུགས་བསམ་ཞིབ་མོར་གནངས་དདགོས་པ་གལ་ཆེན་པོ་རེད།
ཨ་ཨ་་བལ་ཡུལ་རྒྱུག་ཁྱི་དེ་ཚོས་ངོ་མས་ང་ཚོར་ཐུབ་ཚོད་གཏོང་གིན་འདུག ཡིན་ནའང་ང་ཚོས་ད་དུང་གང་ཡང་ཅི་ཡང་བྱས་ནས་རྣམ་འགྱུར་ཡག་པོ་སྟོན་དགོས་ནི་རེད་ཡ། འདིའི་བསྐོར་ནས་་་་་་་་་་བློ་མཐུན་བཅན་བཟོད་རྒྱམ་ལགས་ཀྱིས་ཡག་པོར་བྲིས་གནང་འདུག་་་་་་ཐུགས་རྗེ་ཆེ།
ཨ་ཁ་ ཁ། མེ་ལ་སྤར་ན་རླུང་རྟ་འབར་སྲིད། བོད་ཀྱི་རྒྱལ་དར་རྐང་འོག་ཏུ་མ་བཅུག དར་སེང་དེའི་ནང་ལ། མཚོན་དོན་བཟང་པོ་མང་པོ་ཡོད་རེད། མི་ཁྱོད་ཀྱི་བསོད་དེ་ཉམས་ཡོང་ཨ། ལས་ངན་དམག་མིའི་ལུས་བླངས་ཁྱོད་སྙིང་རྗེ་ཨ།