༄༅། །རྒྱ་ཆེའི་སློབ་ཕྲུག་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
འདི་ལོ་རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་འདི་ཕྱི་གཉིས་ཀྱི་སྐྱབས་གནས་འཕགས་མཆོག་མི་ཡི་རྣམ་རོལ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་སྐར་དུས་ཆེན་ལ་དམིགས་ཏེ། འདི་ག་རྡོར་གླིང་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གིས་《 འཛམ་གླིང་ཞི་བདེའི་དེད་དཔོན། 》ཞེས་པའི་རྩོམ་ཡིག་ཅིག་དང་། དེ་མཚུངས་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་རི་མོའི་འགྲན་སྡུར་ཞིག་གོ་སྒྲིག་ཞུ་བཞིན་པ་ལགས་ན། འཛིན་གྲྭ་ལྔ་བ་ནས་བརྒྱད་བར་དང་། དགུ་པ་ནས་བཅུ་གཉིས་བར། དེ་བཞིན་མཐོ་སློབ་འགྲིམ་མཁན་གྱི་སློབ་ཕྲུག སློབ་གྲྭ་བ་མིན་པའི་རྒྱ་ཆེ་ཤེས་ལྡན་པ་གང་མང་ལས་འགུལ་འདི་གཉིས་ནང་མཉམ་ཞུགས་གནང་བའི་རེ་སྐུལ་ཞུ། གལ་སྲིད་གཞི་རིམ་གོང་འོག་དང་མཐོ་སློབ་ཀྱི་སློབ་ཕྲུག་ཚོས་ངེས་པར་རྩོམ་ཡིག་དང་རི་མོ་མཉམ་དུ། རང་ཁོངས་སློབ་སྤྱི་དང་དགེ་ཆེ་གང་རུང་གིས་དོ་བདག་སློབ་ཕྲུག་རང་ཉིད་འཛིན་རིམ་གང་ཡིན་གྱི་དག་མཆན་ངེས་པར་དུ་དགོས་པ་དགོངས་འཇགས་ཞུ།
ཆ་རྐྱེན།
༡༽ རྩོམ་ཡིག་བོད་དབྱིན་གང་རུང་ཐོག་བྲིས་ཆོག
༢༽ རྩོམ་ལུས་ཚིགས་བཅད་དང་ཚིག་ལྷུག་གང་རུང་ཡིན་ཆོག
༣༽ ཚིགས་བཅད་ཡིན་ཚེ་ཤོ་ལོ་ཀ་བཅུ་ལས་མ་བརྒལ་བ་དགོས།
༤༽ ཚིག་ལྷུག་ཡིན་ཚེ་ཤོག་ངོས་གཅིག་ལས་མ་བརྒལ་བ་དགོས།
༤༽ རི་མོ་ལ་མང་ཉུང་དང་ཆེ་ཆུང་གི་ཚད་གཞི་མེད་ཀྱང་གཙོ་བོ་ནང་དོན་དང་སྤུས་ཀ་གལ་ཆེ།
༥༽ སློབ་མའི་རྩོམ་ཡིག་དང་རི་མོ་ཨང་དང་གཉིས་གསུམ་ལ་དངུལ་གྱི་བྱ་དགའ་འོས་འཚམ་རེ་འབུལ་རྒྱུ་ཡིན།
༦༽ དེ་མིན་རྣམས་ལ་བྱ་དགའ་ཕྱག་རྟགས་འོས་འཚམ་རེ་འབུལ་རྒྱུ་ཡིན།
རྩོམ་ཡིག་རྣམས་ཕྱི་ལོ་༢༠༡༥ ཟླ་༦ ཚེས་༡༠ གོང་དུ་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་རྩོམ་ཡིག་དང་རི་མོ་རྣམས་འབྱོར་དགོས།
ཞེས་རྡོར་གླིང་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་༢༠༡༥ ཟླ་༣ ཚེས་༣༠ ཉིན་ལ་གུས་ཕུལ།
ཚོགས་གཙོ། གནས་འབྲེལ་ཁ་བྱང་།
(+91) 9002776437 gyatondarjeeling@gmail.com
ཚོགས་གཞོན། (+91) 993262777
དྲུང་ཆེ། (+91) 9933385368
་་་་་་་་ ༥༽ སློབ་མའི་རྩོམ་ཡིག་དང་རི་མོ་ཨང་དང་གཉིས་གསུམ་ལ་དངུལ་གྱི་བྱ་དགའ་འོས་འཚམ་རེ་འབུལ་རྒྱུ་ཡིན།
༦༽ དེ་མིན་རྣམས་ལ་བྱ་དགའ་ཕྱག་རྟགས་འོས་འཚམ་རེ་འབུལ་རྒྱུ་ཡིན། ་་་་་་་་་་་་ གསུངས་འདུག་གདའ།