ཁྲོ་གཏུམ།
ཡར་དང་མར་གྱི་ལམ་བུ་རི་མགོ་རི་རྩེ་ཡིན་པས
རྐང་བའི་འདེགས་འཇོགས་ངལ་དུབ་རྐྱང་པར་འཁེན
མཐའ་མར་ར་ཤ་རྒྱ་མ་གང་གིས་ཡིད་ཚིམ་བྱེད་པའི་སྤྱོད་པ་འཁུར
བདག་གི་བྱིས་དུས་ཀྱི་ལྕེ་རྩི་དཀར་སོབ་ལ
དུས་ཀྱིས་མ་སླད་པར
རྫས་ཀྱིས་མ་བསྔགས་པར
བཅུད་ཀྱི་ཉིང་ཁུ་བྱུགས་པའི་ལོབ་ཕྱོགས་མཐུག་པོ་དེས
ངའི་བཅུད་ཀྱི་སྙིང་བོ་ལ་ཐན་པ་སླེབས་སོང
ངའི་ལུས་ཀྱིས་སྟོབས་ཤུགས་སུ་གྲངས་རླུང་རྒྱས་སོང
༢༠༡༥།༠༤།༢༠ཉིན་བྲིས།