ནམ་མཁའ།
ཚན་རིག་པ་ཚོས་འབར་གོས་ཆེན་མོ་ནི། ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་རིལ་མོ་འདིའི་ཐོག་མ་ངོས་འཛིན་བྱས་བའི་གཞུང་ལུགས་གཞི་བཞག་སྟེ། འདིའི་སྟེང་གི་འབྱུང་བཞི་གྲུབ་ལུགས་ལ་ཕྲན་གྱིས་དོགས་འཇུག་རིང་ལུགས་ཀྱི་གཞུང་ལམ་སྟེང་། བསམ་བློའི་འགྲུད་བཞུད་ཐུང་ངུ་ཞིག་བྱས་ཏེ་དོགས་སློང་ཕྲན་བུ་ཞིག་འབྲི་འདོད་སྐྱེས།
ཡིན་ཡང་དོགས་གཅོད་མ་བྱས་གོང་གསལ་བཤད་ཐུང་ངུ་ཞིག་བྱེད་འདོད་པ་ལ། ཕྲན་གྱིས་མི་ཚེ་ནང་ཚན་རིག་ལ་སློབ་སྦྱོང་རྩ་བ་ནས་བྱས་མ་མྱོང་བ་མ་ཟད། ཐ་ན་ཕྲ་མཐོང་མེ་ཤེལ་ཞིག་ཀྱང་ལག་ཏུ་བཟུང་མ་མྱོང་བས། ཕྲན་གྱིས་དོགས་འཇུག་རིང་ལུགས་གཞུང་ལམ་སྟེང་གི་བསམ་བློའི་འགྲུད་བཞུད་ཐུང་ངུ་འདི་ལ་ཀློག་མཁན་ཚོས་འཕྱ་དམོད་བྱེད་སྲིད་པས། འཕྱ་དམོད་འདི་གནས་ལུགས་དང་མཐུན་པ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༠༢ ལོར་རྡ་སའི་བཞུགས་སྒར་དུ་༼སེམས་དང་ཚེ་སྲོག་༽གི་བགྲོ་གླེང་གནང་བའི་དབྱིན་དེབ་དེ། བསྟན་འཛིན་རིག་བཟང་ལགས་ཀྱིས་བོད་བསྒྱུར་གནང་བའི་ཤོག་ངོས་༢༠༧ ཐོག ཨ་རིའི་ཕྲ་ཕུང་རིག་པ་བ་འོད་སྭོ་ལྭ་ཡིས་གསལ་བཤད་གནང་བའི་ཚིག་འགའ་འདིར་དྲངས་ཏེ་དོགས་འཇུག་གི་འགོ་བརྩམས་ཆོག དེ་གར་འདི་ལྟར། སའི་གོ་ལ་ནི་ལོ་ངོ་ཐེར་འབུམ་བཞི་དང་ཕྱེད་ཀའི་གོང་དུ་གྲུབ་ཅིང་། ལོ་ངོ་ཐེར་འབུམ་གཅིག་གི་རྗེས་སུ་ཚེ་སྲོག་ཐོག་མར་དར་བ་རེད་ཅེས་བཀོད་འདུག
དེ་རིང་ཕྲན་གྱིས་འདིར་སའི་གོ་ལ་རིལ་མོ་འདིའི་ཐོག་མ་འབར་གོས་ཆེན་མོ་དེ་ཡིན་མིན་ལ་དོགས་སློང་བྱེད་འདོད་མེད། རྒྱུ་མཚན་ནི། ལོ་གཅིག་གི་ཡར་སྔོན་དུ་༼འཇིག་རྟེན་ལ་ཐོག་མ་ཡོད་དམ༽ཞེས་བའི་རྩོམ་ཐུང་ཞིག་བྲིས་ཟིན་པ་ཡིན།
དེ་རིང་འདིར་དོགས་སློང་བྱེད་འདོད་པ་ནི། ལོ་ཐེར་འབུམ་གཅིག་གི་རྗེས་སུ་ཚེ་སྲོག་ཐོག་མར་དར་བ་རེད་ཟེར་བའི་ཚིག་འདིའི་རྒྱབ་ལྗོངས་ཀྱི་དངོས་གཟུགས་བྱེ་བྲག་པ་ཞིག་གི་ཐོག་མའི་འབྱུང་ཁུངས་ལ་དོགས་དཔྱོད་བྱེད་འདོད་པ་དེ་ཡིན། དེ་ཡང་ཚེ་སྲོག་ལྡན་པའི་སེམས་ཅན་དང་།ནང་པའི་གཞུང་ལུགས་ལྟར་སྲོག་ལྡན་མ་མིན་པའི་ལྗོན་ཤིང་སོགས་གནས་ཐུབ་པ་ལ། ངེས་བར་དུ་མེད་དུ་མི་རུང་བ་ཞིག་ནི། འབྱུང་བ་བཞི་ཡི་ནང་གི་༼ཆུ་༽རེད། འདི་ལ་རྟེན་ནས་གནས་དགོས་བ་ང་ཚོས་ཤེས་གསལ་རེད།
ཡིན་ཡང་ཚན་རིག་པ་ཚོས་ང་ཚོ་འཚོ་གནས་བྱེད་སའི་གོ་ལ་རིལ་མོ་འདི་འབར་གོས་ཆེན་མོ་ནས་འགོ་འཛུགས་བྱས་ཏེ། འཇིག་རྟེན་རིལ་མོ་འདི་གྲུབ་པར་ཁས་ལེན་བྱེད་ཀྱི་ཡོད་མོད། འོན་ཀྱང་འདིའི་སྟེང་གི་ཚེ་སྲོག་དང་སྲོག་ལྡན་མ་ཡིན་པའི་རྩྭ་རྩི་ཤིང་སོགས་མ་བྱུང་གོང་དུ། ཆུ་བོ་ཆེན་པོ་འདི་དག་ཐོག་མར་ཅི་ལྟར་བྱུང་མིན་ལ་དོགས་འཇུག་གི་ལམ་ནས་དྲི་བ་རང་ཉིད་ལ་དྲིས་ཏེ་ལན་འདེབས་གསལ་བོ་ཞིག་བྱས་མྱོང་ཡོད་དམ། འབར་གོས་ཆེན་མོའམ་མེ་ཕུང་ཆེན་པོ་དེ་འཐོར་བཤིག་ཏུ་སོང་ནས་ས་གཞི་རིལ་མོ་གྲུབ་དུས།འབྱུང་བ་བཞི་བོ་མཉམ་གཅིག་ཏུ་གྲུབ་ཨེ་ཡོད།
ཚན་རིག་པ་ཚོར་མཚོན་ནས་བཤད་ན། ངའི་དྲི་བ་འདི་ནི་གད་མོ་ཤོར་བ་ཞིག་ཡིན་སྲིད། ཡིན་ཡང་ཕྲན་གྱིས་ནང་པའི་གཞུང་ལུགས་ལྟར་གྱི་རྫས་རྒྱུན་སྔ་མས། རང་གི་རིགས་འདྲའི་རྫས་རྒྱུན་ཕྱི་མ་སྐྱེད་དགོས་བའི་གཞུང་ལུགས་ལྟར་དོགས་སློང་བྱེད་རྒྱུ་ཡིན།
.
དེ་ཡང་དཔལ་ལྡན་ཆོས་གྲགས་ཀྱིས་བརྩམས་པའི་རྣམ་འགྲེལ་རྩ་བ་ལེའུ་གཉིས་པའི་ནང་། གང་ཕྱིར་རིགས་མཐུན་སྔ་མ་ཡི།། ས་བོན་ལས་ནི་འཕེལ་བ་ཅན།།ཞེས་གསུངས་པ་ལྟར་གྱི་གཞུང་ལུགས་འདི་གཞི་བཞག་གིས་དཔྱད་ཀྱི་ཡོད།
དེས་རྐྱེན། འབར་གོས་ཆེན་མོ་ནི་མེ་ཕུང་ཆེན་པོ་ཞིག་ཡིན་སྟབས། དེ་དང་མཉམ་དུ་བརླན་གཤེར་ཞིག་གནས་ཐུབ་མེད་པ་གསལ་བོ་རེད། དཔེར་ན་ཚ་གྲང་གཉིས་དངོས་འགལ་ལྟ་བུ་བཞིན། གཞི་གཅིག་གི་སྟེང་དུ་མེ་དང་ཆུ་གཉིས་དུས་གཅིག་ཏུ་གནས་མི་ཐུབ་པ་སུས་བལྟས་ཀྱང་ཤེས་སྲིད། དེས་རྐྱེན་འབར་གོས་ཆེན་འཐོར་བཤིགས་སུ་སོང་རྗེས་སུ་ས་གཞི་རིལ་མོ་འདི་གྲུབ་པའི་དབང་དུ་ཡང་། དེ་དུས་བརླན་ཞིང་གཤེར་བའི་ཆུ་འདི་གྲུབ་མེད། དེས་ན་བརླན་གཤེར་འདིའི་ཐོག་མའི་འབྱུང་ཁུང་གང་ཡིན་ནམ་ཅེས་དྲི་བ་འདི་ཕྲན་ལ་རང་བཞིན་གྱིས་སླེབས་པ་རེད།
མ་ཟད་སྐྱེ་དངོས་གང་ཞིག་ཡིན་ཡང་། རང་གི་རིགས་འདྲ་སྔ་མའི་རྫས་རྒྱུན་ཞིག་ལ་བརྟེན་ནས་གྲུབ་དགོས། ཆུ་ཡི་རིགས་འདྲ་སྔ་མ་ཞིག་གིས་རང་གི་རིགས་འདྲའི་རྫས་རྒྱུན་ཕྱི་མ་དེ་བསྐྱེད་པ་ལས། མེ་ཡིས་ཆུ་ཡི་རྫས་རྒྱུན་ཞིག་བསྐྱེད་མི་ཐུབ་པ་གསལ་བོ་རེད། དཔེར་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། གྲོ་ནས་སྲན་གསུམ་བཏབས་ཚེ། དེའི་འབྲས་བུ་ལ་གྲོ་ནས་སྲན་གསུམ་སྐྱེས་པ་ལས། དེའི་འབྲས་བུ་ལ་ལྗོན་ཤིང་དང་སིལ་ཏོག་ཀུ་ཤུ་དང་ཁམ་བུ་ལྟ་བུ་སྐྱེས་མི་སྲིད་པ་བཞིན། བརླན་གཤེར་བསྐྱེད་བྱེད་ཀྱང་རང་གི་རིགས་འདྲ་སྔ་མའི་རྫས་རྒྱུན་ཞིག་དགོས།
འབར་གོས་ཆེན་མོ་འཐོར་རྗེས་སུ་གྲུབ་པའི་ས་ཡི་གོ་ལ་རིལ་མོ་འདི། ཐོག་མ་གྲུབ་དུས་ནས་ཆུ་ཡི་གྲུབ་རྫས་ཡང་གྲུབ་ཡོད་པར་འདོད་ཚེ། གོང་གི་རིག་པ་ཞིག་གིས་སྒྲུབ་པ་བཞིན། གཞི་གཅིག་གི་སྟེང་དུ་ཚ་གྲང་གཉིས་དུས་གཅིག་ཏུ་གནས་དགོས་བར་འགྱུར་ཉེན་ཆེ་པས་མངོན་སུམ་ལ་བསྙོན་དགོས། དེ་ནི་མི་སུས་བལྟས་ཀྱང་ཡོང་མི་ཐུབ་པ་ཞིག་ཡིན་པ་གསལ་བོར་རེད།
དེ་ལྟ་ན་ཡང་། འབར་གོས་ཆེན་མོ་འཐོར་རྗེས་སུ་དུས་ཡུན་ག་ཚོད་ཞིག་འགོར་བའི་རྗེས་ལ། ཆུ་ཡི་རིགས་འདི་བྱུང་མིན་བཤད་དཀའ་ཡང་། ཆུ་འདིའི་འབྱུང་རྐྱེན་གཙོ་བོ་གང་ནས་བྱུང་མིན་དོགས་སློང་འདྲ་མིན་བྱུང་ཡོད། དཔེར་ན། འཇིག་རྟེན་གཞན་ནས་སྐར་རྡོ་ལྷུང་བ་ལ་རྟེན་ནས་ཆུ་ཡི་རིགས་འདི་བྱུང་བར་བཤད་པའི་ཚན་རིག་རྒྱུན་ཤེས་སྐོར་ཞིག་ཀྱང་འདུག དེ་ཡང་༼ཝེ་ཁེ་རིག་མཛོད་ཆེན་མོ༽ལས་དྲངས་པའི་ཚིག་འདིར་བཀོད་པ་གཤམ་གསལ་ལྟར།
Origin of water on EarthOrigin of water on Earth
From Wikipedia, the free encyclopedia
Jump to: navigation, search
Water covers about 75% of the Earth’s surface
The origin of water on Earth, or the reason that there is clearly more liquid water on the Earth than on the other rocky planets of the Solar System, is not completely understood. There exists numerous more or less mutually compatible hypotheses as to how water may have accumulated on the Earth’s surface over the past 4.6 billion years in sufficient quantity to form oceans.
འདི་གར་ཁོང་ཚོས་ཀྱང་རྟོག་པ་མཐའ་བཟུང་གི་སྒོ་ནས་བཤད་ཡོད་པ་ཁྱེད་ཚོས་མཁྱེན་གསལ་ལྟར། ཡིན་ཡང་། འདི་ལ་ཡང་རིག་པ་གཞན་ཞིག་སྒོ་ནས་དཔྱད་དེ་དོགས་པ་གཞན་ཞིག་སློང་ཐུབ། གལ་སྲིད་དེ་ལྟར་ཡིན་ཚེ། ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་འདིར་སྐར་རྡོ་ལྷུང་བཞིན་ཡོད་པ་དེང་སང་གསལ་བོ་རེད། སྐར་རྡོ་འདི་དག་ནི་འཇིག་རྟེན་གཞན་འཐོར་བཤིག་ཏུ་སོང་སྟེ། འགས་འཐོར་གྱི་རྡོ་ཆག་དག་ཡིན་པ་ཚན་རིག་པ་ཚོས་ཀྱང་བཤད་བཞིན་ཡོད་ལ། ང་ཚོས་བལྟས་ཀྱང་ཤེས་ཐུབ། བོད་ཀྱི་སྙན་ངག་པ་དང་ང་ཚོ་ཐུན་མོང་གི་མཚན་མོའི་ལོངས་སྤྱོད་དུ་གྱུར་བའི་ཟླ་བའི་གོ་ལའི་ཁྱིམ་རྒྱུད་རེད། དེ་གར་༡༩༦༠ ལོ་ནས་ར་ཤེ་ཡ་ཟླ་བའི་སྟེང་འགྲུད་བཞུད་ཐོག་མ་བྱས་པ་ནས་བཟུང་། ལོ་ངོ་༥༠ ལྷག་ཕྱིན་ཡང་ད་རུང་ཆུ་མེད་པ་མ་ཟད། ད་རུང་རླུང་ཡང་མེད་ཚུལ་བཤད་བཞིན་འདུག
ཕྲན་གྱི་དོགས་སློང་ནི། ཟླ་བའི་གོ་ལའི་སྟེང་འཇིག་རྟེན་གཞན་ནས་ཆུ་ཡི་རྫས་ཅན་གྱི་སྐར་རྡོ་ཞིག་མ་ལྷུང་བ་ཅི་ཡིན་ནམ། ཡང་ན་དེ་གར་འཇིག་རྟེན་གཞན་འགས་འཐོར་དུ་སོང་བའི་སྐར་རྡོ་ལྷུང་མི་ཐུབ་པ་ཡིན་ནམ། གལ་སྲིད་ཕྱི་མ་ཡིན་ཚེ། ང་ཚོ་འཚོ་གནས་བྱེད་སའི་ས་ཡི་གོ་ལའི་ཐོག་འཇིག་རྟེན་གཞན་འགས་འཐོར་དུ་སོང་བའི་སྐར་རྡོ་ལྷུང་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
ཟླ་བའི་གོ་ལ་དང་ས་ཡི་གོ་ལ་གཉིས་ཀ་བར་སྣང་དུ་གནས་ཡོད་པ་འདྲ་མཚུངས་ཡིན་པས། བླུན་པོའི་སེམས་སུ་ཚན་རིག་པ་ཚོར་གད་མོ་ཤོར་སྲིད་པའི་འདི་འདྲའི་དྲི་བ་མང་པོ་ཞིག་སླེབས་མོད། འོན་ཀྱང་ཡིག་ཚོགས་ལ་དོགས་ནས་བྲིས་མེད།
གཅིག་བྱས་ན། ཚན་རིག་པ་ཚོས་ས་ཡི་གོ་ལ་རིལ་མོ་གྲུབ་ནས་ལོ་ངོ་ཐེར་འབུམ་གཅིག་གི་རྗེས་སུ། ཚེ་སྲོག་ཅན་དག་ཐོལ་བྱུང་བ་ཞིག་རེད་ཅེས་བརྗོད་པ་ལྟར། ང་ཚོས་ལོངས་སྤྱོད་ཤིན་ཏུ་ཆེ་བའི་ཆུ་ཡང་ཐོལ་བྱུང་བ་ཞིག་ཡིན་སྲིད་ཅེས་གསུངས་སྲིད། འོན་ཏེ་ནང་པའི་གཞུང་ལུགས་ལྟར་ན། དངོས་པོ་འདུས་བྱས་ཀྱི་རང་བཞིན་ཅན་ཞིག་ལ་རྒྱུ་མེད་པར་ཐོལ་བྱུང་ཞིག་ཡོང་མི་སྲིད་པས་དོགས་སློང་ཕྲན་བུ་ཞིག་བྲིས་པ་ཡིན།
ཤེས་བྱའི་རྒྱ་མཚོའི་ཀློང་གི་ཕ་རོལ་དུ།།
བདག་བློ་བྱིས་པས་རྐྱལ་མཐའ་མི་ཆོད་ཀྱང་།།
དོགས་འཇུག་རིག་པའི་གཞུང་ལུགས་ལམ་ཆེན་སྟེང་།།
བྱིས་པའི་གོམས་གང་འཁྱ་མ་འཁྱོར་ཙམ་སྤོས།།
༡༠/༤/༢༠༡༥ལོར་ཡོ་རུབ་ནས་བྲིས།
ཟླ་བའི་སྟེང་ཆུ་ཡོད་པ་ཆེས་ཐོག་མར་བོད་ཀྱི་གསར་བརྗེ་བ་འབའ་བ་ཕུན་དབང་གིས་རྙེད་པ་རེད། དེ་ཡང་བཙོན་ཁང་ནས་རྙེད་པ་རེད། དེའི་སྐོར་ཟླ་བའི་གོ་ལའི་སྟེང་གི་གཤེར་གཟུགས་ཡིན་ནམ་དེ་འདྲའི་དེབ་ཅིག་བྲིས་པ་རེད། ཡིན་ཡང་དེབ་དེ་ཕྱི་རྒྱལ་བ་ཚོའི་ཁྲོད་དུ་མ་གཏོགས་བོད་པའི་ཁྲོད་དུ་གྲག་འགུལ་གང་ཡང་ཡོད་པ་མ་རེད། རྒྱུ་མཚན་ནི་ཁོ་བླ་མ་དང་མཁན་པོ་ཆེན་པོ་དེ་འདྲ་མིན་པས་རེད།
འཇིག་རྟེན་རིལ་མོ་མ་རེད་སོག་པའི་དབྱིབས་རེད།།ང་རང་ཚོ་གནས་སའི་འཇིག་རྟེན་ནམ་ལྷོ་འཛམ་གླིང་ཟེར་བ་ནི་སོག་པའི་དབྱིབས་སུ་མཛོད་སོགས་ནས་བཤད།
ཀླུ་སྨྱོན་ལགས། ཕུན་དབང་གིས་ཟླ་གོ་ལ་སྟེང་དུ་བརླན་གཤེར་ཡོད་པར་སྒྲུབ་བྱེད་ཀྱི་གཞུང་ལུགས་ནི་མའ་ཁེ་སཱིའི་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་ལུགས་ལ་བརྒྱབ་རྟེན་བཅོལ་ནས་བྲིས་བ་རེད། སངས་ཆོས་དང་ཆུའི་ཚན་རིག་སྐོར་ལ་ཁོང་ཤིན་ཏུ་ནས་རྨོངས་བས་ཕྱིས་སུ་རྒྱ་ནག་གི་གཙོ་འཛིན་ཇང་ཙད་མིན་གྱིས་ཕུན་དབང་གིས་རྒྱ་ཡིག་གི་སྟེང་ནས་དེབ་དེ་བྲིས་བ་གོ་བས་ངོ་ཚ་ནས་ཀློག་མ་ཐུབ་ཟེར། ཕྱི་རྒྱལ་གྱི་ཚན་རིག་པ་ཚོ་ལྟད་མོར་ལྟ་རྒྱུར་དགའ། འབའ་ཕུན་ཟླ་གོ་ལོར་ཞབས་སོར་འཁོད་མེད་པ་ལོས་ཤེས།
ཤེར་ཕྱིན་ཚར་འགའ་ཀློག དེ་ནས་འཐེན་ཤུགས་ཀྱི་སྐོར་ལ་ཏོག་ཙམ་བསམ་བློ་ཐོངས། དེ་ནས་རྟེན་འབྱུང་དང་e=cm2ལ་དམིགས་པ་བསྐྱངས་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་ངེས་ཤེས་ག་ལེར་རྙེད་ཡོང་།
བར་གོས་ཞེས་ཐང་མ་གཉིས་གསུམ་ཙམ་བྲིས་འདུག བར་གོས་མ་རེད། བར་གས་སམ། བར་འགས་ཡིན་དགོས་ནམ་མཁའ་ལགས།
ཀླུ་སྨྱོན་ལགས། ཟླ་བའི་སྟེང་དུ་ཆུ་ཡོད་པར་མཐོང་བ། རྒྱ་ནག་དམར་པོའི་ཞབས་འདྲེན་དང་། ཟླ་བའི་སྟེང་ཆུ་དང་རླུང་ཡོད་པར། འདོད་མཁན་འབའ་ཕུན་ཡང་། བོད་མིའི་་མཁས་པའི་ཞབས་འདྲེན་ཞུས་པ་ལས། མཁས་རྟགས་བསྟན་པ་མ་རེད་དོ།།
འབའ་ཕུན་གྱིས་བཤད་པ་དེ་དེང་སང་ཚན་རིག་པ་ཚོས་གཤེར་གཟུགས་རྙེད་དགོས་ཀྱང་དངོས་སུ་བསྐྱོད་ནས་ཀྱང་མ་རྙེད་པ་ཅི་ཡིན་ནམ།གཤེར་གཟུགས་ཡོད་ན་ཆུ་ཡོད་དགོས།བླ་མ་དང་མཁན་པོ་མིན་པས་བོད་སྤྱི་ཚོགས་ནང་བཀྲམས་མ་ཐུབ་པ་མ་ཡིན་པར་ཟླ་བའི་གོ་ལའི་གཤེར་གཟུགས་ཡོད་པ་མངོན་སུམ་དང་འགལ་བས་རེད་སྙམ།
ཚན་རིག་པས་ཀྱང་། ཟླ་བའི་སྟེང་ལ། སྲོག་ཆགས་མེད་དེ། ཆུ་དང་རླུང་མེད་པའི་ཕྱིར། ལབ་པ་འདྲ་བོ་ཡོད་རེད་དོ།།
ཕུན་དབང་གིས་བཙོན་ཁང་ནས་ཟླ་བའི་སྟེང་ཆུ་ཡོད་པའི་སྒྲུབ་བྱེད་བཀོད་པ་དེ་གནད་དུ་སོང་མིན་མ་ཤེས་ཀྱང་། འདིར་དོགས་སློང་ཡག་མོ་བྱས་འདུག འོན་ཀྱང་། འབྱུང་བ་གཅིག་རང་འབྱུང་བ་རང་སྐྱ་བ་ཞིག་ཏུ་འདོད་པ་དེ་ཅུང་ཨེ་འགྲིག་བསམས། མེ་ཡི་ངོ་བོར་གྱུར་པའི་འབྱུང་བཞི་ཁས་བླངས་ན་ཅི་ཞིག་གིས་གནོད་པ་རེད། གལ་སྲིད་མེ་ཡིན་ན། དེའི་ནང་དུ་འབྱུང་བ་གཞན་མེད་པས་ཁྱབ་པར་འདོད་ན། མེ་དེ་ཇི་ལྟར་གཡོ་ཐུབ་པ་རེད། ཆུའི་ནང་དུ་མེ་རྡུལ་མེད་ན། མེས་ཆུ་ཇི་ལྟར་བསྐོལ་ཐུབ་པ་རེད། འདི་དག་བོད་ཀྱི་མཚན་ཉིད་པ་དག་གི་ངག་ན་ཧ་ཅང་དཀྱུས་མའི་དྲི་བ་ལྟ་བུ་ཞིག་ཡིན་ནའང་། འདིར་ཨ་མཚར་བསམས་ནས་བཀོད་པ་ཡིན།
འདིར་ཕེབས་པའི་དྲ་གྲོགས་ཚོ་བཀའ་དྲིན་ཆེ། ཨ་ལགས་ཀླུ་སྨྱོན་གྱི་གསུངས་དེ་དྲ་གྲོགས་ཚོས་གསུངས་ལན་གནང་འདུག་པས་བསྐྱར་ཞུ་མི་བྱེད། ཨ་འདུས་སྐལ་རྒྱམ་ལགས་ཀྱིས་རིག་པ་ཞིབ་མོ་ཞིག་གསུང་འདུག་པས།དེ་ལ་བསམ་ཚུལ་གཞན་ཞིག་ཞུ་འདོད། གཞི་གཅིག་གི་སྟེང་འབྱུང་བ་འདུས་པ་ཡོད་ཆོག དཔེར་ན། གཞི་དངོས་པོ་གང་ཞིག་གི་སྟེང་དུ་ཡོད་པའི་སྐམ་པའི་ཆ་དེ་༼མེ་དང་༽ཡངས་པའི་ཆ་༼རླུང་༽བརླན་གཤེར་གྱི་ཆ་དེ་༼ཆུ༽ཡིན་སྟབས་གཞི་གཅིག་གི་འབྱུང་བཞི་འདུས་པ་མཚོན་ཐུབ་སྙམ། ཡིན་ཡང་མེས་ཆུ་བསྐོལ་ཐུབ་པ་དེ་ཆུའི་ནང་མེ་རྡུལ་ཡོད་པས་མ་ཡིན་པར་མེ་ཡི་ཚ་རེག་སྟོབས་ཆེན་གྱིས་སྐོལ་ཐུབ་པ་རེད་སྙམ། གལ་སྲིད་དེ་ལྟར་མིན་ཚེ་མེ་ཡི་ནང་དུ་བརླན་གཤེར་གྱི་ཆ་ཞིག་རྙེད་ཐུབ་དགོས་མོད།འོན་ཀྱང་དེ་ནི་རྙེད་པར་དཀའ་བ་ཞིག་རེད་སྙམ།མ་གཞི་ནས་འབྱུང་བ་ནི་ཕྲ་མོ་ཞིག་ཡིན་སྟབས་ད་རུང་དཔྱད་པ་བྱེད་དགོས། དེ་རིང་དེ་ཙམ་ཡིན།ཁོམ་པ་མེད་པས་སང་ཉིན་དུས་ཚོད་བྱུང་ན་མཇལ་ཡོང་།
འདིར་ལུང་རྒྱབ་རྟེན་དུ་བྱས་ཏེ། དཔྱད་རྩོམ་གོ་རྒྱུ་དང་བསམ་རྒྱུ་ཡོད་པ་ཞིག་བྲིས་འདུག་པར་བཀའ་དྲིན་ཞུ། འོན་ཀྱང་ དེང་མཁས་པ་རྣམ་དཔྱོད་ཅན་གྱིས་མ་གཏོགས་མི་ཕལ་ཆེ་བས་རྟིང་ཟབ་པའི་གནད་དོན་ལ་དོ་ཁུར་དང་བསམ་གཞིགས་དེ་ཙམ་བྱེད་ཀྱིན་མེད་ལ། ནང་དོན་ཡང་གོ་དཀའ་བས་འདིར་བཞུགས་དྲྭ་གྲོགས་ཀྱི་ནང་ནས་ འབྱུང་འགྱུར་གོ་ལ་འདི་ཅི་འདྲ་ཞིག་ཏུ་འགྱུར་སྲིད་སྐོར་ཚན་རིག་པ་དང་ནང་པས་གཟིགས་སྟངས་སྐོར་རིག་པ་རྐྱང་པས་ལམ་ནས་དཔྱད་རྩོམ་འབྲི་ཁོམ་ལྡན་པ་རྣམས་ཀྱིས་ལེགས་སྐྱེས་རེ་དབུལ་ཐུབ་པའི་ཞེན་བསྐུལ་ཞུ།
བཤེས་སྤྲེངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན།།འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་།།ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན།།ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ།། ཞེས་གསུངས་ཡོད་པ་དེ་ཙམ་གྱིས་མཆན་ཆོག་པ་ཞུ།
འདིའི་ཕྱི་ཚེས་༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་ལས་ཁང་གིས་<> ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པའི་ནང་། “བོད་ཆེན་པོ”ཞེས་པ་དེ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་དབྱེ་བའི་ལོ་རྒྱུས་ཐོག་གཞི་འཛིན་ས་མེད་པར་རྦད་དེ་རྟོག་བཟོ་བྱས་པ་ཞིག་ཡིན་པས། རྒྱ་ནག་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་མེད་ཅེས་བྲིས་འདུག
134159315_1429240469031_title0hཡིག་འབྲུ་ཁྲི་༢་༧ ཙམ་ལས་གྲུབ་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། ༡ ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་གར་སྟེགས་ནས་ཕྱིར་འཐེན་བྱ་རྒྱུ་ལྡོག་ཏུ་མེད་པ་དང་། ༢ བོད་གསར་པ་ཡང་དག་པའི་འཕེལ་རྒྱས་ཀྱི་འགྲོད་ལམ་སྟེང་བསྐྱོད་པ། ༣ དབུ་མའི་ལམ་གྱི་རང་བཞིན་དངོས་ནི་རྒྱ་ནག་ཁ་བྲལ་གཏོང་རྒྱུ་ཡིན་པ། ༤ ཞི་བདེ་དང་འཚེ་བ་མེད་པའི་རྣམ་པ་རྫུན་མ། ༥ དབུས་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཐོག་ཏུ་འཛིན་པའི་སྲིད་ཇུས་བཅས་ཁྱོན་དོན་ཚན་ལྔར་དབྱེ་སྟེ། བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། མ་འོངས་པའི་མདུན་ལམ་བཅས་ཕྱོགས་ཐམས་ཅད་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ནི་ཡང་དག་པའི་གདམ་ག་ཉག་གཅིག་ཡིན་པའི་འགྲེལ་བརྗོད་བྱས།
རྒྱབ་ཤ་དཀར་པོའི་དེབ་དེའི་ནང་འཁོད་དོན། བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། བོད་རིགས་ནི་ཀྲུང་ཧྭ་མི་རིགས་དང་ལས་དབང་གཅིག་པའི་ཁོངས་མི་ཞིག་རེད། བོད་ཀྱི་ལས་དབང་དེ་སྔ་ཕྱི་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། བོད་འདི་ཉིད་དེང་རབས་ཤེས་དཔལ་ཕྱོགས་དངོས་སུ་བསྐྱོད་པ་དེ་ནི་༡༩༥༩ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་ནས་འགོ་ཚུགས། ་ཞི་བས་བཅིངས་འགྲོལ་དང་། མང་གཙོ་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་འབྱེད་སོགས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་བརྒྱུད་བོད་དུ་སྤྱི་ཚོགས་ཀྱི་ལམ་ལུགས་གསར་པ་བཙུགས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་འོག རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད། བོད་འདི་ཉིད་ད་ལྟའི་འཕེལ་རྒྱས་ཀྱི་འགྲོད་ལམ་ཐོག་བསྐྱོད་པ་ནི་དེང་རབས་ཤེས་དཔལ་དང་འཕེལ་རྒྱས་ཀྱི་དངོས་ཡོད་རེ་བ་ཞིག་ཡིན་པ་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་འཕེལ་ཕྱོགས་དང་མཐུན་ལ། རྒྱ་ནག་གི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་ཡང་མཐུན། བོད་ཀྱི་མི་རིགས་ཁག་གི་མི་མང་གི་རྩ་བའི་ཁེ་ཕན་དང་མཐུན་པ་བཅས་རེད།
དེབ་དེའི་ནང་“ བོད་ཀྱི་འཕེལ་རྒྱས་འགྲོ་ལམ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཡིན་པ་དང་། མཐུན་སྒྲིལ་རྒྱུན་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ། ཡར་ཐོན་རྒྱུན་སྐྱོང་དང་ཕྱིར་བཤོལ་ལ་ངོ་རྒོལ། བརྟན་ལྷིང་རྒྱུན་སྐྱོང་དང་ཟང་ཟིང་ལ་ངོ་རྒོལ་བཅས་བྱས་ཚེ་བོད་ལ་གཞི་ནས་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ལོ་རྒྱུས་དང་རྒྱབ་འགལ་གྱི་བྱ་སྤྱོད་སྤེལ་ཚེ། དེའི་མཇུག་འབྲས་ནི་ལོ་རྒྱུས་དང་མི་མང་ཀྱིས་འདོར་རྒྱུ་ལས་མ་འདས་པ་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད།”
རྒྱབ་ཤ་དཀར་པོའི་ནང་ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འུད་སྒྲོག་བྱེད་པའི“དབུ་མའི་ལམ”གྱིས“བོད་རང་བཙན”བྱ་རྒྱུ་དེ་ཆབ་སྲིད་ཀྱི་དམིགས་ཡུལ་ལ་བརྩི་བ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ཀྱི་དོན་དངོས་དང་རྒྱབ་འགལ། རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱབ་འགལ་བྱས་ཡོད། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང་།“བོད་རང་བཙན”གྱི་འདོད་ཚུལ་དོར་བ། རྒྱ་ནག་ཁ་བྲལ་གཏོང་བའི་བྱེད་སྤྱོད་མཚམས་འཇོག རྒྱལ་ཁབ་དང་བོད་ལ་ཕན་པའི་བྱ་བ་ཞིབ་སྒྲུབ་ཚེ་གཞི་ནས་མདུན་ལམ་ཡོད།
རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་མུ་མཐུད་དུ་འཁོད་དོན། བོད་ཀྱི་འབྱུང་འགྱུར་བོད་མི་ཡོངས་དང་ཀྲུང་ཧྭ་མི་རིགས་ལ་དབང་ཞིང་། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུ་རེད། འབྱུང་འགྱུར་གྱི་ལོ་ཟླའི་ནང་བོད་ཀྱི་མི་རིགས་ཁག་གི་མི་མང་གིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་མི་རིགས་ཁག་གི་མི་མང་དང་མཉམ་དུ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོད་ལམ་བརྒྱུད་མུ་མཐུད་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་འཛུགས་སྐྲུན་བྱ་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱ་ནག་གི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་རྩོད་ལྷོད་མེད་བྱ་རྒྱུ་རེད།
དེ་བཞིན་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་མུ་མཐུད་དུ་འཁོད་དོན། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”གྱི་འདོད་ཚུལ་ལྐོག་ཏུ་དྲིལ་བསྒྲགས་བྱེད་སྐབས་རྟག་ཏུ“བོད་ཆེན་པོ”ཟེར་བའི་སྐོར་གླེང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་འདོད་ཚུལ་ལ་གཞིགས་ན། “བོད་ཆེན་པོ”དེ་གཞི་ཁྱོན་ཐོག་བྱང་ནས་ཤིན་ཅང་ལྷོ་རྒྱུད་དང་རྨ་ནུབ་དོག་ལམ་བར་དང་། ཤར་ནས་ཀན་སུའུ་དབུས་རྒྱུད་དང་སི་ཁྲོན་དབུས་རྒྱུད་བར། ལྷོ་ནས་ཡུན་ནན་དབུས་རྒྱུད་བར་ཡིན་ཞིང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཆ་ཚང་། སི་ཁྲོན་ཞིང་ཆེན་གྱི་གཉིས་ཆ་གཅིག ཀན་སུའུ་ཞིང་ཆེན་གྱི་གཉིས་ཆ་གཅིག ཡུན་ནན་ཞིང་ཆེན་གྱི་བཞི་ཆ་གཅིག་བཅས་དང་དེ་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་བཅས་ཚུད་ཡོད་པས། སྤྱིའི་རྒྱ་ཁྱོན་ནི་རྒྱ་ནག་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ཡན་ལྷག་ཙམ་ཟིན་ཡོད།
“བོད་ཆེན་པོ”དེ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་དབྱེ་བའི་ལོ་རྒྱུས་ཐོག་གཞི་འཛིན་ས་མེད། དེ་ནི་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱས་པ་དང་། རྒྱ་ནག་ཁ་བྲལ་གཏོང་རྒྱུའི་རེ་ངན་བཅངས་པའི་མཇུག་འབྲས་ཤིག་རེད། “བོད་ཆེན་པོ”དེས་མཚོ་བོད་ས་མཐོའི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པའི་ལོ་རྒྱུས་དང་། རིག་གནས་སྣང་མེད་དང་རྒྱ་ནག་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྦད་དེ་མཐུན་གྱི་མེད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྒྱ་ནག་གི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་རེད། སྲིད་འཛིན་ས་ཁུལ་དབྱེ་བ་དེ་ལས་མི་རིགས་ཁྱབ་ཚུལ་གྱི་ལོ་རྒྱུས་ཀྱི་ཁྱད་ཆོས་ལ་ལྟ་རྟོག་གང་ལེགས་ཐུབ་ཡོད་ལ། དེ་སླད་ཕྱིན་གྱི་འཕེལ་རྒྱས་ལ་དམིགས་ཡོད་པས་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་དོན་དངོས་ཀྱི་རྒྱུ་རྐྱེན། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་བཅས་ཟུང་འབྲེལ་བྱས་པ་མཚོན་ཡོད། དེས་མི་རིགས་ཁག་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་ཕན་པ་ལྡན་པས། ལམ་ལུགས་དེའི་བཀོད་སྒྲིག་ནི་ལམ་ལྷོངས་བྱུང་བ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད།”
“ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་ཆེན་པོ” འཛུགས་རྒྱུའི་རེ་ངན་བཅངས་པ་ནི་ལོ་རྒྱུས་ལ་རྒྱབ་འགལ་བྱས་པ་མ་ཟད། དོན་དངོས་དང་རྒྱབ་འགལ་ཡིན་པས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྦད་དེ་མཐུན་གྱི་མེད། “བོད་ཆེན་པོ”དེས་ལོ་ངོ་སྟོང་ཕྲག་རིང་ལ་མཚོ་བོད་ས་མཐོའི་ཐོག་མི་རིགས་མང་པོ་འདྲེས་སྡོད་བྱས་པའི་དོན་དངོས་སྣང་མེད་དུ་བཏང་ཡོད་ལ། མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པའི་མཚོ་བོད་ས་མཐོའི་ལོ་རྒྱུས་དེ་མི་རིགས་རྐྱང་མའི་ལོ་རྒྱུས་ཡིན་པ་འཁྱོག་བཤད་བྱས་པ་དང་། རྒྱ་ནག་མི་རིགས་ཁག་དབར་འགལ་ཟླ་བཟོས་ཏེ་མི་རིགས་གཞན་ཕྱིར་འབུད་ཀྱི“བོད་ཆེན་པོ”ཁོ་ན་བཟོ་རྒྱུའི་རེ་ངན་བཅངས་པ་ནི་ཐལ་སྤྱོད་ཀྱི་མི་རིགས་རིང་ལུགས་དང་རིགས་རྒྱུད་རིང་ལུགས་ཀྱི་མཚོན་ཚུལ་ཞིག་རེད་”ཅེས་སོགས་འཁོད་འདུག
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བཤེས་སྤྲེངས་ལས།
ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན།།
གསུངས་པ་འདི་ཡང་བདེན་སྲིད་དེ། ནམ་ཞིག་ཉི་མ་འགས་འཐོར་གྱིས་དུམ་བུ་བདུན་དུ་སོང་ནས། ང་ཚོའི་ས་ཡི་གོ་ལ་འདི་ཡང་འཚིག་པར་འགྱུར་བར་སྟེ། བསྐལ་པ་མེས་འཇིག་གསུངས་པ་མིན་ནམ་སྙམ་པས་དཔྱད་པར་བྱའོ།།
འདིར་མཆན་འདྲ་མིན་རྒྱབ་འདུག ཡིན་ཡང་རྟེན་འབྱུང་གིས་མཁས་ཉམས་བསྟན་ཁུལ་བྱས་ཡོད་ས་རེད།ཡིན་ཡང་ཆུ་ཡི་ཐོག་མ་འབྱུང་སྟངས་ལ་འབྲེལ་བ་ཞིག་ཨེ་འདུག་གམ།མ་གཞི་ནས་ཀརྡོ་ལགས་ཀྱིས་ལན་ཡག་པོ་རྒྱབ་འདུག་སྙམ།འཇིག་རྟེན་འཇིག་ཚུལ་ལ་འབྱུང་བཞི་གང་རུང་གིས་འཇིག་ཚུལ་ལ་མེས་འཇིག་ཚུལ་དེ་བཤེས་སྤྲིངས་ཀྱི་ལན་དེ་རེད།
ཉི་མ་ནི་མེ་ཡི་རྒྱ་མཚོ་ཡིན་པའི་བཤད་སྲོལ་འདུག དེ་ལ་ལྟས་ན་མི་ཡིན་ལ་བརླན་གཤེར་ཡང་ཡིན་པའི་གཞི་མཐུན་ཞིག་མེད་དམ་སྙམ། དེ་བཞིན་ས་ཡི་གོ་ལའི་ནང་དུ་ཡོད་པའི་ཁྲོ་ཆུ་ཁོལ་མ་དེ་ཚོ་ཡང་མི་ཡི་རང་བཞིན་ཞིག་ཡིན་པ་ལས་ཆུ་ཚ་པོ་ཙམ་ཞིག་མིན་པར་སྙམ། ཚད་མའི་ནང་དུ་གསུངས་པ་དེ་ཡང་ཚ་གྲང་གཉིས་ལྷན་ཅིག་ཏུ་གནས་མི་ཐུབ་པའི་དོན་ལས་མི་དང་བརླན་གཤེར་གཉིས་ལྷན་ཅིག་ཏུ་གནས་མི་ཐུབ་པའི་དོན་མིན་པར་སྙམ།
མི་ཞེས་པ་དེ་མེ་ལ་བཅོས།
ཧཧཧ་ལུང་རྟོགས་ལོ་ལོ་ཉི་མ་མེ་ཡི་རྒྱ་མཚོ་ཡིན་ན་ཆུ་ཡི་རང་བཞིན་ཅན་གྱི་རྒྱ་མཚོ་ཡིན་དགོས་ནི་མ་རེད།ཧཧཧཧ
རིན་ཆེན་ལོ་ལོ། ཆུ་མིན་ཡང་བརླན་གཤེར་ཡིན་ཆོག་གི་རེད།
འབར་བསྲེགས་ཀྱི་ངོ་བོ་ཅན་ཞིག་དང་བརླན་གཤེར་གྱི་རང་བཞིན་ཅན་གཉིས་ཀ་ཡིན་པ་ཞིག་འཇོག་ཨེ་ཐུབ།ལུང་རྟོགས་ལོ་ལོ་བླུན་བཤད་མ་རྒྱག།
དེ་ཡོད་དང་ཡོད། དཔེར་ན་ནམ་མཁའ་ནས་ལྷུང་བའི་ཐོག་ལ་མེ་ཐོག་དང་ཆུ་ཐོག་གཉིས་ཡོད་པ་རེད་ལ། ཆུ་ཐོག་ནི་སྲེག་པ་དང་བརླན་གཤེར་གཉིས་ཀའི་རང་བཞིན་ཅན་ཞིག་རེད།
ལུང་རྟོགས་དྲིན་ཅན་པོ།ནམ་མཁའ་ནས་ཐོག་འཕངས་ཟེར་བ་དེ།དངོས་གནས་བཤད་ན་གློག་དམར་ཕན་ཚུན་འཕྲད་དེ་གློག་ཤུགས་མི་ལ་ཕོགས་ཚེ་བསྲེགས་ཀྱི་ཡོད་པ་རེད་མ་གཏོགས།ཆུ་ཐོག་དང་མེ་ཐོག་ཐང་ལ་ལྷུང་པ་མ་རེད།
རིན་ཆེན་ལགས་མེ་ཐོག་ཆུ་ཐོག་ལོས་ཡོད་འབྱུང་བ་བཞི་ཡི་ཐོག་ཡོད་པར་བཤད་རྒྱུ་འདུག ནམ་མཁའི་ཐོག་ནི་འབྱུང་བ་བཞི་ལས་གྲུབ་པའི་དངོས་པ་རེད་དེར་མེ་རྫས་ཆུ་རྫས་ཚང་མ་ཡོད་རེད།
ཁྱུང་སེ་ལགས།མེ་ཐོག་དང་ཆུ་ཐོག་ཟེར་བ་གོ་ཐོས་འདུག་ཟེར་བ་ཙམ་གྱིས་ཡོད་པར་སྒྲུབ་ཨེ་ཐུབ།ག་འདྲ་ཡོད་མེད་དང་གནམ་ནས་ལྷུང་ཟེར་བ་དེ་འཇིག་རྟེན་གཞན་ནས་ལྷུང་བ་རེད་དམ།གང་ནས་ལྷུང་བ་རེད།དེ་མིན་རིག་པས་སྒྲུབ་ནས་མེ་ཆུ་གཉིས་ཀ་ཞིག་ལུང་རྟོགས་ཁྱེད་གཉིས་ཀྱིས་ཞོག་དང་ངས་དེ་མིན་པ་བཤད་ཆོག
འདིར་དྲ་གྲོགས་ཚོས་རིག་པ་ཧ་ཅང་ཞིབ་མོས་བགྲོ་གླེང་གནང་འདུག་པ་ལ་བཀའ་དྲིན་ཆེ་ཞུ།འབྱུང་བཞི་གྲུབ་ལུགས་ལ།མངོན་པ་གོང་འོག་དང་དབུ་མ་པས་བཞེད་ཚུལ་མི་འདྲ་བ་འདུག་པས། མངོན་པ་འོག་མས་བསགས་རྡུལ་ཕྲ་རབ་གཅིག་ལའང་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་བྱ་སོགས་རྡུལ་རྫས་བརྒྱད་འདུས་བར་བཤད་ལ།མདོ་སྡེ་པས་ཀྱང་དེ་ལྟར་བཞེད་དེ་རྫས་ནི་ནུས་པའམ་ས་བོན་ལ་གོ་ནས་མངོན་གྱུར་དུ་སྣང་མི་དགོས་ཚུལ་གསུངས་ནས་ད་རུང་ས་བོན་ཡོད་ཀྱང་ས་ཆུ་སོགས་མཚན་ཉིད་པ་ཡིན་མི་དགོས་བར་བཞེད།
མངོན་པ་གོང་མ་དང་དབུ་མ་པའི་གཞུང་དུ། འབྱུང་བཞི་དང་འབྱུང་བཞིའི་ཁམས་ལ་ཁྱད་པར་ཕྱེ་ནས་།གཟུགས་འདུས་ཐམས་ཅད་ལ་འབྱུང་བ་བཞི་ཀའི་བྱེད་ལས་ཚང་བར་ཡོད་པས་འབྱུང་བ་བཞི་མཚན་ཉིད་པ་ཡོད་པར་བཞེད་འདུག་པའི་དཔེར་ན།གོང་དུ་ཕྲན་གྱིས་མཆན་ཐུང་རྒྱབ་པ་ལྟར།མེ་ལ་མཚོན་ནས་བཤད་ན།མེ་ལྕེ་སོ་སོར་མི་གྱེས་བར་གཅིག་ཏུ་འབར་བ་ཆུའི་ཁམས་ཡོད་པར་སྒྲུབ་པ་དང་གཡོ་བ་རླུང་ཁམས་དང་གཅིག་གིས་གཅིག་འཛིན་པ་དང་མེ་ལྕེས་འདབ་མ་དང་རྩྭ་སོགས་འདེགས་ཤིང་འཛིན་པས་སའི་ཁམས་ཡིན་ཚུལ་གསུངས་པ་ལྟར།འབྱུང་བཞི་རེ་རེ་ལ་དེ་ལྟར་བཞེད་འདུག ཆུའི་ཁམས་ལ་ཡང་གྲུ་དང་རྩྭ་འཛིན་པ་དང་རྟེན་པ་སོགས་ནི་སའི་ཁམས་ཡོད་པའི་རྟགས་སུ་བཀོད་འདུག་མོད། འོན་ཀྱང་ད་རུང་ཡང་བླུན་པོའི་སེམས་སུ་དོགས་པ་མི་འདྲ་བ་གཉིས་སློང་བ་འདི་ལྟར། དང་པོ་ནི། ནང་པའི་གཞུང་ལུགས་སུ་ཡང་འཇིག་རྟེན་ཐམས་ཅད་འབྱུང་བཞི་གང་རུང་གིས་འཇིག་ཅིང་སླར་ཡང་འཇིག་རྟེན་ཞིག་ཏུ་གྲུབ་པ་ལ་ཡང་འབྱུང་བཞི་འདུས་པ་ལས་བྱུང་དགོས། དེ་ལྟ་ན་།ཟླ་བའི་གོ་ལའི་སྟེང་འབྱུང་བཞིའི་ནང་ཚན་མེ་དང་ས་གཉིས་ཡོད་པ་གསལ་བོར་རེད། ཡིན་ཡང་ཆུའི་ཁམས་ཡོད་པ་ཡང་གོང་གི་ལུང་རིག་ལས་ཤེས་ཐུབ་ཀྱང་།ཆུའི་ཁམས་སམ་ས་བོན་ཡོད་ཀྱང་འབྲས་བུ་འབྱུང་བ་ཆུ་མེད་པ་ཅི་ཡིན་ནམ།ད་རུང་རྐྱེན་དང་མ་འཕྲད་པ་ཡིན་ནམ།དེ་ཡིན་ན་ཅིའི་ཕྱིར་ཆུ་འབྱུང་བའི་རྐྱེན་མ་འཕྲད་པ་ཡིན་ནམ། དཔེར་ན།ང་ཚོ་འཚོ་སའི་སའི་གོ་ལ་འདི་འབྱུང་བཞི་གང་རུང་གིས་འཇིག་ནས་འཐོར་བཤིག་ཏུ་སོང་རྗེས་སུ་འབྱུང་བཞིའི་ཁམས་ཆ་ཚང་འཛོམས་ནས་སླར་ཡང་གྲུབ་པ་ཞིག་ཡིན་པ་གསལ་བོར་རེད།དེའི་རྒྱུ་མཚན་ནི་གོང་གི་ལུང་རིག་གཉིས་ལས་འབྱུང་བཞིའི་ཁམས་ཚང་བའི་ཕྱིར་ཞེས་རྟགས་འགོད་རྒྱུ་ཡིན་པ་ཐག་གཅོད་རེད། དེ་ཡིན་ན་ཟླ་བའི་གོ་ལའི་སྟེང་ཆུ་མེད་པའི་རྒྱུ་མཚན་འབྱུང་བཞིའི་ནང་ཚན་གྱི་ཆུའི་ཁམས་མེད་པར་བཤད་མི་ནུས་མོད།ཆུ་མེད་པའི་རྒྱུ་མཚན་གང་འགོད་རྒྱུ་ཡིན་ནམ།
གཉིས་པ།གཟུགས་འདུས་རིགས་ལ་འབྱུང་བཞི་ཚང་ཚེ། རྡུལ་ཕྲན་ཆ་མེད་ལ་ཡང་འབྱུང་བཞིའི་རྫས་ཡོད་དམ།
ཡོད་ཚེ་དེ་དག་རྫས་ཐ་དད་པ་གསལ་བོར་རེད།ཡིན་ཡང་ཅི་ལྟར་ངོས་འཛིན་བྱེད་ཐུབ་བམ།དཔེར་ན། རྡུལ་ཕྲ་རབ་བདུན་འདུས་པར་རྡུལ་ཕྲན་དང་རྡུལ་ཕྲན་བདུན་འདུས་བརལྕགས་རྡུལ་དང་།ལྕགས་རྡུལ་བདུན་འདུས་པར་ཆུ་རྡུལ་གཅིག་བོངས་ཚོད་མཉམ་པ་སྟེ།དེ་ཆུའི་ཆུང་མཐར་འཇོག་པས་རྡུལ་ཕྲ་རབ་ཀྱི་ཆུའི་རྫས་དེ་ཆུའི་ས་བོན་ནམ་ནུས་པ་ཡིན་གྱི་ཆུ་མ་ཡིན་ཟེར།ཡང་ན་རྡུལ་ཕྲན་ཆ་མེད་གཅིག་ལ་འབྱུང་བཞིའི་རྫས་ཀྱང་མེད་ཟེར་རམ།དེ་ལྟ་ན་རྡུལ་ཕྲ་རབ་བདུན་ཅི་ལྟར་འདུས་ཐུབ་བམ། རྡུལ་ཕྲན་ཆ་མེད་འདུས་པ་ལས་རྡུལ་ཕྲ་རབ་འགྱུར་དགོས་པ་མ་ཡིན་ནམ་སྙམ་པས་དོགས་པ་ཕྲན་བུ་འདི་ལ་ཆོས་གྲྭའི་ལྡིང་ཆའི་ཐོག་གི་རིག་པ་སྨྲ་བ་པོ་ཚོ་གད་མོ་ཤོར་སྲིད་པས་དོགས་པ་ཞིག་སླེབས་སོང་བས་རིག་པ་སྨྲ་བ་ཚོས་གསུངས་རོགས་ཞུ་རྒྱུ་ཡིན།
ཀ
གྲུབ་མཐའ་བྱེ་བྲག་པ་གཅིག་ལས། སྤྱིར་ནང་པས་རྡུལ་ཕྲན་ཆ་མེད་མི་འདོད་ལ། ཟླ་བར་ཚན་རིག་པས་བཤད་པར་ལྟར། ཟླ་བར་ཆུ་གྲུབ་པ་ལ། water = HO2 ཞེས་པའི་ཨེཆ་གཅིག་དང་། ཨོ་གཉིས་ཀ་ཚང་དགོས་པ་ལ། དེ་གཉིས་ཀར་མེད་པས། ཟླ་བ་ནི། གོ་ལ་ཤི་ཟིན་པའི་རོ་ལྟབུའོ།།