དགའ་དགའ།
རྐུབ་སྟེགས་ཆེད་དུ་བླ་མར་སྐུར་འདེབས་བྱེད།།
སྒོར་གྱི་དོན་དུ་ཕ་མ་ངན་འབྲེལ་གཅོད།།
བདེན་པ་ཡིན་ཟེར་རྫུན་པའི་སྨྲ་ལྕེ་གཡུག།
ངོ་ཚ་མེད་པའི་ལུས་པོ་དམར་ཧྲེང་སྟོན།།
སྙིང་གཏམ་ཟློ་བཞིན་ངན་མཚང་རྗེན་པར་སྨྲ།།
འདོད་པ་ཅན་གྱིས་ཆགས་གཏམ་ཤར་མར་བརྗོད།།
རང་གི་དོན་དུ་རང་མིང་ཐལ་བར་གཏོང་།།
མགོ་བོ་ཡོད་ཀྱང་ཀླད་པ་མེད་ན་སྙམ།།
ལྷ་ཡི་འབག་མགོ་ཆེད་དུ་མ་གོན་ཀྱང་།།
ཆེན་པོའི་མདུན་དུ་གདོང་ལ་འཛུམ་ཞིག་དོད།།
དེང་གི་མི་རྣམས་དུས་ཀྱི་འགྲོས་རེད་ཟེར།།
ཚུལ་མིན་ལུགས་མིན་བྱ་སྤྱོད་ངོམ་པས་མཚར།།
བདེན་རྫུན་ཟེར་བར་ཉམས་ལེན་མི་བྱེད་ལ།།
ལས་འབྲས་འཆད་བཞིན་བདེན་ཁ་མི་སྟེར་བའི།།
སྐྱ་མིན་སེར་མིན་འཆལ་པོའི་གཟུགས་རིས་ཅན།།
ཕལ་པ་ང་ཚོའི་མཚན་ཉིད་མངོན་ཙམ་མོ།།
ལྷད་མེད་རང་གཤིས་ངོ་མར་རྡོག་བརྫིས་བཏང་།།
རྫུན་གྱི་ལུས་ཕུང་ཞིག་ཏུ་ངོ་སོ་བསྟོད།།
དྲང་པོའི་ཉམས་ལེན་ནམ་ཡང་མི་འདོར་བར།།
དད་ལོག་ཅན་ཚོས་དགྲ་རུ་འཛིན་པས་སྐྱོ།།
མི་ཡི་སེམས་སུ་ཆོས་ཀྱི་ཕྱི་ཤུན་གཡོགས།།
དེ་ཡི་རྒྱབ་ལྗོངས་ལྷ་སྒྲུང་ལྐོག་གྱུར་རེ།།
ག་ལེར་དཔྱད་ཅིང་ཞིབ་ཏུ་བསམ་ན་ཡང་།།
རང་གི་རྐང་ལག་རང་གིས་བཅིང་དང་མཚུངས།།
དེང་དུས་མི་རྣམས་ཧ་ཅང་ཐལ་དྲགས་པས།།
གཞན་གྱི་ཤེས་རབ་རང་གིས་ཁ་ལོ་བསྒྱུར།།
ཧམ་པས་བཤད་པའི་རྗེ་བོ་རློམ་པ་ནི།།
གཟིགས་ལྤགས་གོན་པའི་བོང་བུ་ཁྱུ་ལྟར་འདུག།
རང་གི་གདེང་ཚོད་རང་ལ་མི་དབང་བའི།།
གང་དུ་བསྐྱོད་ཀྱང་བདག་འདྲ་ནག་པོ་སྟེ།།
གཡོ་སྒྱུའི་དྲྭ་བ་ནང་ནས་མི་ཐར་བས།།
འཇིག་རྟེན་མི་ལ་ཞེན་པ་དགུ་རུ་ལོག །
མཁའ་རུ་རྒྱུ་བའི་གཤོག་པ་མི་ལྡན་ཞིང་།།
བདག་གི་དགའ་མ་སེམས་ཀྱི་སྙན་ངག་ཡིན།།
མ་བསྐོས་གདོད་མའི་བྱེད་པོ་མིན་ན་ཡང་།།
གསང་གཏམ་དྲོན་མོ་དེ་རིང་སྲིད་འདིར་བསྒྲགས།།
ཚིག་ལ་ཕྱི་ཤུན་མེད་པའི་འཕྲུལ་འཁོར་ཞིག།
རྐང་པའི་རྟིང་ནས་སྐྲ་རྩེ་མན་ཆད་ཀྱིས།།
དེ་རིང་ཚོར་ཤུགས་དྲག་པོས་འཕངས་པ་དེ།།
རང་གི་དམིགས་པའི་གནད་ལ་ཁེལ་གྱུར་ཅིག །
སྒོར་གྱི་ཆེད་དུ་ཕ་མ་ངན་འབྲེལ་གཅོད་་་་་ཧཧཧཧ་་་མགོ་ནས་ཤོཽློཀ་གཅིག་མ་གཏོགས་བཀླགས་མེད་་་སྤྱི་ཁོག་རྟོགས་སོང་་་
སྒོར་གྱི་དོན་དུ་ཕ་མ་ངན་འབྲེལ་གཅོད།།
འདི།
སྒོར་གྱི་དོན་དུ་ཕ་མ་བཟང་འབྲེལ་གཅོད།།
མའོ་ཞེས་པའི་མི་ངན་དང་། །
ཅའོ་ཞེས་པ་སྡིག་ཆེན་མི། །
ཏིང་དང་ཛང་དང་ཧུ་ཅིན་སོགས། །
དཔོན་ངན་ལྔ་ལ་ཞེན་པ་ལོག །
ང་ཕོད་དམར་གཞུང་རྒྱུགས་ཁྱི་ཟེར། །
འབའ་ཕུན་དམར་དམག་བོད་དགའ་ཟེར། །
པཎ་ཆེན་བཅུ་པ་དཔའ་རྒོད་ཟེར། །
བོད་དཔོན་གསུམ་པོ་འདས་ཀྱང་དྲན། །