རས་པ།
སྔོ་བསངས་ནམ་མཁའི་མིག་ཆུ།
ཆར་ཆེན་ས་ལ་བརྡོལ།
བྱམས་ལྡན་ཕ་མའི་ཕྱག་ཟུང་།
བྱིལ་བྱིལ་ང་ལ་གནངས།
སྙིང་གི་རེ་བའི་མེ་ཏོག
ཁྱོད་ཀྱི་འཛུམ་ཆུང་འདྲ།
ནམ་མཁའི་ངུད་མོའི་སྒྲ་དབྱངས་ང་ཡི་སྙིང་ནས་བརྡོལ།
བྱམས་ལྡན་ཨ་མའི་བརྩེ་ཞེན་ང་ཡིས་དམ་དུ་བཟུང།
སྔོ་བསངས་ནམ་མཁའི་མིག་ཆུ།
ཆར་ཆེན་ས་ལ་བརྡོལ།
སྙིང་ལ་བཅིངས་པའི་རང་དབང་།
ང་ཡིས་བྱིལ་བྱིལ་གནངས།
རེ་བའི་མེ་ཏོག་མ་བཞད།
མི་ཡུལ་ལུང་པར་ལུས།
ཐང་སྟོང་ངུད་མོའི་གདུང་དབྱངས་སྙིང་ལ་ཨུ་ཁུང་ཕུགས།
ང་ཡི་བརྩེ་ཞེན་སྟོང་ཕྲག་ནམ་མཁའི་དབྱིངས་སུ་སྤུར།
སྔོ་བསངས་ནམ་མཁའི་མིག་ཆུ།
ཆར་ཆེན་ས་ལ་བརྡོལ།
སྙིང་ལ་ལག་པ་བཞག་པས།
ཟུག་གཟེར་ལུས་ལ་བྱུང་།
མུན་དོང་བཙོན་པའི་ལས་ཀྱི།
སྡུག་བསྔལ་ཡིད་ལ་འཁོར།
རླུང་གིས་འཁྱེར་བའི་གད་སྙིགས་སྒོམ་ཁང་དཀྱིལ་ལ་བབས།
ཚེ་གང་ལས་ཀྱི་དགའ་ཞེན་ང་ཡིས་སུ་ལ་བྱེད།
སྔོ་བསངས་ནམ་མཁའི་མིག་ཆུ།
ཆར་ཆེན་ས་ལ་བརྡོལ།
སྐྱོ་སྣང་མི་ལ་མ་བཤད།
གདུང་བའི་དབྱངས་སུ་བཟླས།
ཡིད་ཐང་གཞན་ལ་མ་ཆད།
མདུན་བསྐྱོད་གོམ་སྒྲར་ཉན།
ཐང་སྟོང་བསེར་བུའི་ཤུར་སྒྲ་སྐྲ་ལོའི་གསེང་དུ་ཐོན།
ཨ་མའི་མིག་འོད་ཞགས་པས་ཡང་ཡང་བདག་ལ་བྲབས།
ཡང་གསར་བཏོད་ཡིན་ནི་མ་ར། གང་ལྟར་བཀླགས་ཚར།
ཧ་ཧ་་གསར་གཏོད་མ་རེད་དམ། བཀླགས་ཚར་ནས་གསར་གཏོད་ཡིན་པ་མ་ཤེས་ནས།
འབྲི་ཐབས་གསར་བ་རེད། ངོ་མ་ཡག་གི
བཀའ་དྲིན་ཆེ།
སྙན་མོ་ཞིག་བྲིས་འདུག
འདི་མོ་འདི་ལ་སྙན་མོ་ཟེར་དགོས་ན།
བོད་སྐད་འདི་ཤི་ཐལ། བོད་ཡིག་འདི་ཉོག་ཐལ།
གནའ་ནས་ད་བར། སྙན་ངག་བྲིས་མ་མྱོང་བའི་ང་།
ཆོས་དཔེ་ཞིག་གི་ཟབ་ས་ནས་མགོ་འཁོར།
སྙན་ངག་ཞིག་གི་ངར་ཁ་ནས་སྐྱུག་ལངས།
གསང་བ་ཞིག་ཡོད་ན།
གསལ་འགྲེལ་ཞིག་བྱོས་དང་།
ཤ་རུས་གདོང་རྒྱུད་གཅིག་པའི་ཨ་དགའ་ཚོ།
བོད་སྐད་མི་ཤེས་ན།
སྙན་ངག་ཞིག་གང་ནས་བྱོན་སོང་།
སྡེབ་སྦྱོར་མི་ཕོག་ན།
གོ་བ་ཞིག་གང་ནས་སྟེར་སོང་། ཧ་ཧ་ཧ།
ངའི་ས་མཐའི་སྐྱོ་ཀླུ།
སྐྱེས་ས་བོད་ལ་སྐྱེས་ཀྱང་། །
ཚར་ས་རྒྱ་གར་ཚར་དགོས། །
ལས་ལ་ཕྱི་རྒྱལ་ཡིན་ཡང་། །
འཆི་ས་བོད་ལ་ཡིན་གདའ། །
ངའི་ས་མཐའི་སྐྱོ་ཀླུ།
སྐྱེས་ས་བོད་ལ་སྐྱེས་ཀྱང་། །
ཚར་ས་རྒྱ་གར་ཚར་དགོས། །
ལས་ལ་ཕྱི་རྒྱལ་ཡིན་ཡང་། །
འཆི་ས་བོད་ལ་ཡིན་གདའ། །
འདི།
ངའི་ས་མཐའི་སྐྱོ་ཀླུ།
སྐྱེས་ས་བོད་ལ་སྐྱེས་ཀྱང་། །
འཚར་ས་རྒྱ་གར་འཚར་དགོས། །
ལས་ས་ཕྱི་རྒྱལ་ཡིན་ཡང་། །
འཆི་ས་བོད་ལ་ཡིན་གདའ། །