༸སྐྱབས་མཆོག་མཚུར་ཕུ་དྲུང་པ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་མཆོག་གིས་བཀའ་དགོངས་ལྟར། འདི་ག་གདན་སའི་ལོ་ལྟར་རིས་མེད་བསྟན་འགྲོའི་བདེ་རིམ་ཟབ་བདུན་ཕུར་སྒྲུབ་ཆེན་མོ་དེ་བཞིན། འདི་ལོ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༸ཞབས་རིམ་དུ་དམིགས་པ་དང་། ལྷག་པར་༸རྒྱལ་བའི་ཞབས་བརྟན་མགོན་པོ་ཚེ་དཔག་མེད་ཀྱི་གཟུངས་སྔགས་དུང་སྒྲུབ་གནད་སྨིན་ཞིག བོད་ཟླ་ ༣ ཚེས་ ༡ ནས་བཟུང་ཚོགས་རྒྱུ་དང་། བོད་ཟླ་ ༣ ཚེས་ ༡༥ ཕྱི་མའི་ཉིན་གྱི་སྔ་དྲོར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་འབུལ་དང་བསྟན་པ་རྒྱས་ཆོག་གསུང་རྒྱུ་བཅས་ཀྱི་མཛད་རིམ་སྔོན་སོང་ལྟར་ལགས། འོན་ཀྱང་ཡུལ་དུས་ཀྱིས་རྐྱེན་པས་དུང་སྒྲུབ་ཚོགས་སར་དངོས་སུ་ངོ་ཕེབས་མ་གྲུབ་པ་རྣམས་ནས་ཀྱང་སོ་སོའི་དུས་ཚོད་ནམ་ཁོམ་ལ་ཚེ་སྙིང་ (ཨོྃ་ཨ་མཱ་ར་ཎི་ཛི་བནྟཱི་ཡེ་སྭཱ་ཧཱ) གང་མང་གསོག་སྒྲུབ་དང་འབྲེལ། སོ་སོའི་མཚན་དང་བསྙེན་གྲངས་ཇི་ཐོན་འདི་ལོ་བོད་ཟླ་ ༡༠ པའི་ཚེས་ ༡༥ ནང་ཚུད་དུ་གཤམ་གསལ་མྱུར་ཕྲིན་ཐོག་གཏོང་གནང་ཡོང་བ་ཞུ་རྒྱུའི་དགེ་བསྐུལ་དུ་གདན་ས་དཔལ་ཆེན་ཆོས་གླིང་བླ་སྤྱི་ཕྱག་ཁང་ནས།
༢༠༡༥ ཟླ་ ༤ ཚེས་ ༡༥ ལ་ཕུལ།།
མྱུར་ཕྲིན་ཨང་། Gyaltsablabrang885@gmail.com ངོ་དེབ་མིང་། palchen chosling lachi
Dear spiritual friends,
As per the wish of His Eminence Goshri Gyaltsab Rinpoche, we are organizing a puja of One Billion Recitations of the Long Life Mantra (ཨོྃ་ཨ་མཱ་ར་ཎི་ཛི་བནྟཱི་ཡེ་སྭ་ཧཱ། OM AMA RANI ZIWEN TIYE SOHA) which will be solely dedicated to the long life of His Holiness the Dalai Lama, the lord of refuge.
We welcome anyone to join us in person for this special program. Even if you cannot attend in person due to time and circumstances, please recite the mantra as many times as possible whenever you are free and report the number count to us through the email address below.
Please refer to our earlier announcement for information regarding the program.
Thank you,
The Lachi of Densa Palchen Chosling
EMAIL: Gyaltsablabrang885@gmail.com FACEBOOK: palchen chosling lachi
བོད་བསྟན་སྲིད་ཐུགས་ལ་བརྣག་པ་སྐུ་དྲིན་ཆེ། ཐུགས་རྗེ་ཆེ། གྲངས་གསོག་གང་ཡོད་བྱེད་ཆོག
ཚེ་དཔག་མེད་ཀྱི་གཟུངས་སྔགས།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
ཨོྃ་ ཨ་མཱ་ ར་ཎི་ ཛི་ བནྟཱི་ཡེ་ སྭཱ་ཧཱ།
བླ་མའི་སྐུ་ཚེབརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས།
རང་དབང་རང་བཙན་གཙང་མའི་དཔལ་ལ་སྤྱོད་པར་ཤོག དམར་སྲོག་བརྒྱ་ཕྲག་ཕུལ་རྣམས་ཐར་པར་མྱུར་དུ་དྲོངས།