བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡུལ་དུ་ས་ཡོམ་གྱིས་གོད་ཆག་བྱུང་བར་བློ་ཕམ་དང་ངལ་སེལ་ཆེད་བལ་སྒོར་འབུམ་ ༢༠ གནང་བ།
དེ་རིང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཛ་དྲག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་དང་རྒྱ་གར་བྱང་ཕྱོགས་ས་ཁུལ། དེ་བཞིན་བོད་བཅས་ཀྱི་ས་གནས་ཁག་གཅིག་ཏུ་ས་ཡོམ་ཤུགས་ཚད་ (7.9) བརྒྱབ་ནས་མི་རྒྱུར་གནོད་སྐྱོན་ཚབས་ཆེན་ཕོག་པར་དངངས་འཚབ་དང་བཅས་བློ་ཕམ་ཧ་ཅང་བྱུང་སྐོར་གསུངས་ཡོད།
གཞན་ཡང་ཛ་དྲག་ལྷན་ཚོགས་སྐབས་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་བཞུགས་སྒར་དུ་ཕྱི་ཚེས་ ༢༧ རེས་གཟའ་ཟླ་བའི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་རྒྱུ་མ་ཟད། བཀའ་ཤག་གིས་ངལ་སེལ་ཆེད་བལ་སྒོར་འབུམ་ ༢༠ གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཡོམ་འོག་གནོད་འཚེ་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུའི་ཐག་གཅོད་ཡང་གནང་འདུག ཕྱོགས་མཚུངས་བཀའ་ཤག་གིས་ཕྱི་རྒྱལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་དང་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་བཅས་པར་བལ་ཡུལ་དུ་ས་ཡོམ་གྱི་ངལ་སེལ་ཆེད་ས་ཁུལ་སོ་སོ་ནས་ཞལ་འདེབས་འདུ་རུག་གནང་དགོས་པའི་བཀོད་ཁྱབ་ཡང་གནང་འདུག
གཞན་ཡང་བཀའ་ཤག་གིས་བལ་ཡུལ་ཁུལ་དུ་རྟེན་གཞི་བྱས་པའི་བོད་པའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག དེ་བཞིན་བོད་མིའི་སྤྱི་ཚོགས་ནས་འབྲེལ་ཡོད་ས་ཁུལ་ཁག་ཏུ་ས་ཡོམ་གྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ངལ་སེལ་གྱི་ལས་གཞིར་ནུས་ལྡན་གྱི་རོགས་ཕན་གནང་དགོས་པའི་བཀོད་ཁྱབ་ཀྱང་གནང་འདུག
དེ་འབྲེལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བློ་ཆམ་ཆེན་པོ་དང་སྦྲགས་གསུངས་དོན། ཐེངས་འདིར་རང་བྱུང་གི་གོད་ཆག་འོག་ཚུད་པ་རྣམས་ལ་སྡུག་བསྔལ་ཇི་བྱུང་ཚིགས་ཐོག་ནས་བརྗོད་ལས་འདས་ཀྱང་། བལ་ཡུལ་དང་རྒྱ་གར་བྱང་ཕྱོགས། དེ་བཞིན་བོད་ནང་གི་བོད་མི་བཅས་ལ་ང་ཚོས་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ངོས་ཀྱིས་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་སླད་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད། ས་ཡོམ་གྱི་གོད་ཆག་འོག་མྱོང་བཞིན་པའི་གཞུང་དམངས་གཉིས་ལ་མགྱོགས་མྱུར་དཀའ་སྡུག་ལས་གྲོལ་བས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུངས།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།
བོད་མིའི་སྒྲིག་འཛུགས་ཀྱིས་སྐང་ར་མ་བརྩིས་པའི་ཐོག་ནས་ཞལ་འདེབས་ཕུལ་བར་བཀའ་དྲིན་ཆེ། སྤྱིར་བཏང་བཤད་ན་བལ་ཡུལ་གྱི་སྦྱིན་བདག་དགྱ་མིའི་གནང་སྦྱིན་མང་ཙམ་ཡོང་ན་ཅི་མ་རུང་།
བཙན་བྱོལ་སྒྲིག་འཛུག་ནས་བསྔོ་སྨོན་དང་ཐུགས་ཞུས་ན་འགྲིག་བལ་སྒོར་འབུམ་༢༠ བཀ་ཡུལ་གཞུང་ལ་ཕུལ་ནའང་ཁོང་ཚོས་ལེན་མི་ཡོང་། གལ་སྲིད་མ་བླང་བ་ཡིན་ན་དོན་སེམས་ལ་ན་ཚ་ཕོག་རོག་རེད། ཐེ་ཝན་གཞུང་རོག་ཚོགས་ལ་བལ་གཞུང་ནས་མ་བླང་རེད། ད་ག་བ་བསླེབས་སོང་། ང་ཚོས་འཇོན་ཡག་ཤི་བོ་ལ་བསྔོ་བ་སྨོན་ལམ་བྱས་དགའ་ཡོང་།
བཙན་བྱོལ་བོད་མིའི་སྒྲིག་འཛུག་ནས་བསྔོ་སྨོན་དང་ཐུགས་སྨོན་ཞུས་ན་འགྲིག་བལ་སྒོར་འབུམ་༢༠ བལ་ཡུལ་གཞུང་ལ་ཕུལ་ནའང་ཁོང་ཚོས་ལེན་མི་ཡོང་། གལ་སྲིད་མ་བླང་བ་ཡིན་ན་དོན་མེད་སེམས་ལ་ན་ཚ་ཕོག་རོག་རེད། དཔེར་ན་ཐེ་ཝན་གཞུང་ནས་རོག་ཚོགས་ལ་བལ་གཞུང་ནས་མ་བླང་རེད། ད་ག་བ་བསླེབས་སོང་། ང་ཚོས་འཇོན་ཡག་དེ་ཤི་བོ་ལ་བསྔོ་བ་སྨོན་ལམ་བྱས་དགའ་ཡོང་།
ཨ་ལེ་ཏི་སིའི་སྐད་ཆ་ལ་གོ་རྒྱུ་འདུག་ངས་བསམ་དུས་སྤྲད་ཟིན་ནས་བླངས་པ་རེད་བསམ་བྱུང་
འཛམ་གླིང་གིས་ནེ་པལ་ལ་རོགས་པ་བྱེད་གནང་གི་འདུག་པས་ལྐོག་ཟ་བྱས་མ་བཞག་ན་དངུལ་གྱིས་ལྡེང་ཙམ་ཡོང་རྒྱུ་རེད། དངུལ་ཡོད་ན་བལ་ཡུལ་གྱི་སྐྱབས་བཅོལ་པ་རྣམས་ལ་གནང་རོགས། ཞེ་ཆེན་དགོན། སྟག་མོ་ལུས་སྦྱིན་སོགས་སུ་གནོད་སྐྱོན་ཐེབས་ཡོད་པ་གོ་བས་དེ་ལ་གནང་རོགས། བོད་པ་ལ་ཐུགས་ཁུར་བྱེད་མཁན་མེད་པ་ཡིན་ནམ། གསར་འགྱུར་བརྒྱུད་ལམ་མེད་པ་ཡིན། །གྲྭ་བ་ཡང་མང་པོ་ཤི་ཡོད་པ་ཐོས་མོད། བོད་གཞུང་གིས་ལབ་གླེང་ཙམ་ཡང་གནང་གི་མི་འདུག །