འོས་སྦྱོར་བ། རྒྱང་མིག
༼ཐོག་མར་བརྗོད་དགོས་པ་ཞིག་ལ། རྒྱ་གཞུང་གིས་བསྒྲགས་པའི་གཤམ་གསལ་གསར་འགྱུར་དེར་གཞིགས་ན། བལ་ཡུལ་དང་ཐག་ཉེའི་བོད་ཀྱི་ས་ཁུལ་མང་པོར་ས་ཡོམ་གྱི་གནོད་འཚེ་བྱུང་བ་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན་པ་སྨྲོས་མེད་རེད། རྒྱ་གཞུང་གིས་བསྒྲགས་པའི་གསར་འགྱུར་མང་ཆེ་བ་ནི་རྒྱ་གཞུང་གི་དམག་མིས་རོགས་སྐྱོབ་བྱས་སྐོར་གྱི་དྲིལ་བསྒྲགས་ལྟ་བུ་ཆགས་འདུག་པ་ལས། མཐའ་ཁུལ་གྱི་བོད་མི་ཚོར་གནོད་འཚེ་ཇི་ལྟར་ཐེབས་ཚུལ་གྱི་གནས་ཚུལ་ཅི་ཡང་བཀོད་མེད་པར་མ་ཟད། པར་རིས་འགའ་ཡོད་པ་དེ་ཚོ་ཡང་རྫོང་ཁུལ་གྱི་རེ་ཟུང་ལ་རྒྱ་ནག་གཞུང་འབྲེལ་གྱིས་རོགས་སྐྱོར་བྱེད་ཀྱིན་ཡོད་ཁུལ་གྱི་དྲིལ་བསྒྲགས་འབའ་ཞིག་རེད། དེར་བཀོད་པའི་གནས་ཚུལ་་་་༼ས་ཡོམ་གྱིས་བོད་ལྗོངས་ནང་ཁོངས་ཀྱི་སྡོད་ཁང་2511རྡིབ་པ་དང་སྡོད་ཁང་24797ལ་གཏོར་སྐྱོན་ཕོག་པ། དགོན་པ་82ལ་(དེའི་ནང་གཏོར་སྐྱོན་ཚབས་ཆེན་ཕོག་པའི་དགོན་པ་13དང་གཏོར་སྐྱོན་འབྲིང་ཙམ་ཕོག་པའི་དགོན་པ་18)གཏོར་སྐྱོན་ཕོག་ཡོད།༽་་་་འདི་གཅིག་བུས་ཀྱང་བློ་དོགས་ཞིག་རང་བཞིན་གྱིས་དྲངས་ཡོང་།
ང་ཚོས་ཤེས་གསལ་ལ། བལ་ཡུལ་གྱི་མཐའ་མཚམས་བོད་སྟོད་ཕྱོགས་ཁུལ་གྱི་གང་ཅིའི་གནས་བབ་ནི་ཧ་ཅང་ཞན་པོ་ཡིན་པས། ས་ཡོམ་འགུལ་ཤུགས་ཀྱི་ཚད་རིམ་འདི་ལྟ་བུའི་ཁྲོད་https://www.youtube.com/watch?v=voun26PfIM0 སྤུས་ཚད་ཤིན་དུ་ཞན་པའི་བོད་ཀྱི་མཐའ་ཁུལ་མང་ཚོགས་ཀྱི་སྡོད་ཁང་དག་ནི་རང་ཤུགས་ཀྱིས་འཇིག་སླ་བོར་ཡོད་སྟབས། དེའི་གནས་ཚུལ་ནི་མངོན་གསལ་མི་ཡོང་བའི་ཚབས་ཆེན་ཞིག་ཡིན་སྲིད།༽
བོད་ལྗོངས་ཀྱི་ས་ཡོམ་གེགས་ཁུལ་གྱི་རྨས་སྐྱོན་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གྲངས་ཚད་མང་དུ་ཕྱིན་པ།
སྤྱི་ཚེས་28 ཉིན་གྱི་ཆུ་ཚོད་15 ཡི་སྐབས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་ཡིས། ས་ཡོམ་ཁྲོད་བོད་ལྗོངས་ནང་ཁོངས་ཀྱི་མི་25རྐྱེན་ལམ་དུ་ཤོར་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་བ། མི་383ལ་རྨས་སྐྱོན་ཕོག་པ། མི་ཁྲི་30མ་ཟིན་ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། རྨས་སྐྱོན་ཕོག་པ་དང་གནོད་འཚེ་ཕོག་པའི་མི་གྲངས་ཆེས་ཆེར་མང་དུ་ཕྱིན་ཡོད་ཅེས་དངོས་སུ་ཁྱབ་བསྒྲགས་བྱས།
སྤྱི་ཟླ་4ཚེས་28ཉིན་གྱི་ཆུ་ཚོད་12བར། ས་ཡོམ་གྱིས་བོད་ལྗོངས་ནང་ཁོངས་ཀྱི་སྡོད་ཁང་2511རྡིབ་པ་དང་སྡོད་ཁང་24797ལ་གཏོར་སྐྱོན་ཕོག་པ། དགོན་པ་82ལ་(དེའི་ནང་གཏོར་སྐྱོན་ཚབས་ཆེན་ཕོག་པའི་དགོན་པ་13དང་གཏོར་སྐྱོན་འབྲིང་ཙམ་ཕོག་པའི་དགོན་པ་18)གཏོར་སྐྱོན་ཕོག་ཡོད།
ནེ་པ་ལའི་ས་ཡོམ་དྲག་པོའི་ཁྲོད་བོད་ལྗོངས་ཀྱི་རྫོང་དང་ཆུས་19 ལ་ཤུགས་རྐྱེན་ཕོག་ཡོད། གཉའ་ལམ་རྫོང་དང་སྐྱིད་གྲོང་རྫོང་། དིང་རི་རྫོང་། ས་དགའ་རྫོང་། གཏིང་སྐྱེས་རྫོང་། ངམ་རིང་རྫོང་། ལྷ་རྩེ་རྫོང་། བསམ་གྲུབ་རྩེ་ཆུས། གམ་པ་རྫོང་། འབྲོང་པ་རྫོང་། གྲོ་མོ་རྫོང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། སྤུ་ཧྲེང་རྫོང་བཅས་རྫོང་དང་ཆུས་14 ལ་གནོད་འཚེ་ཕོག་པ་དང་། དེའི་ནང་གི་གཉའ་ལམ་རྫོང་དང་སྐྱིད་གྲོང་རྫོང་། དིང་རི་རྫོང་བཅས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་ཅིང་ལྗོངས་ཡོངས་ཀྱི་མི་གྲངས་ཁྲི་30 ༼མ་ཟིན་ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད།
ས་ཡོམ་བརྒྱབ་རྗེས། ས་གནས་དེ་གས་གེགས་ཁུལ་དུ་གུར་9542 དང་། སྲིང་བལ་གྱི་ཉལ་ཆས་དང་གཙུགས་ཕྲུག་ཁྲི་1 ཙམ་གཤམ་སྤྲོད་བྱས་པ་དང་། རྩམ་པ་དང་འབྲས། སྣུམ་སོགས་ཟས་རིགས་དང་འཐུང་ཆུ་ཡང་འགན་ལེན་བྱས་ནས་ས་ཡོམ་གེགས་ཁུལ་གྱི་རོགས་སྐྱོབ་བྱ་སྤྱོད་གོ་རིམ་ལྡན་པའི་ངང་སྤེལ་ཐོག་མང་ཚོགས་ཀྱི་ལྟོ་གོས་དང་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་ཡོད།
གནས་ཚུལ་ཡོང་ཁུངས་དངོས་ལ་འབྲེལ་ཐག་འདི་ནས་གཟིགས།
http://xizang.news.cn/toutiao/2015-04/28/c_134193083.htm
http://xizang.news.cn/xinwenzhongxin/2015-04/28/c_134193038.htm